རྩོད་སྤོངས་རྣམ་བདེན་སྨྲ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩོད་སྤོངས་རྣམ་བདེན་སྨྲ་བ་ནི་དེང་རབས་མ་རྩ་རིང་ལུགས་ཀྱི་སེམས་གཙོ་སྨྲ་བའི་ཤེར་རྟོགས་རིག་པའི་གཞུང་ལུགས་ཀྱི་ལྟ་ཚུལ་ཞིག་ཡིན་ཏེ། ལུགས་དེ་འཛིན་མཁན་དག་གི་བསམ་བློའི་ལྟ་ཚུལ་ནི་མིའི་བློ་རིག་གི་འབྱུང་གཞི་ནི་ཕྱིའི་གཟུགས་ཡིན་ཡང་ཕྱིའི་གཟུགས་ཀྱི་བདེན་གྲུབ་ནི་རྟོགས་མེད་ཡིན་པར་འདོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
批判实证主义
ཕྱི་ཡིག་གི་མིང་།
Critical positivism
1 བསྡུས་དོན།

དུས་རབས19བའི་དུས་མཇུག་དང་དུས་རབས20བའི་ལོ་རབས20བ་དང30བའི་ནང་དར་ཁྱབ་བྱུང་བ་ཞིག་རེད་འདུག ལུགས་དེའི་འཐུས་ཚབ་མི་སྣ་གཙོ་བོ་ནི་ཨ་རའི་སན་ཐ་ཡ་ན་དང་སེལ་ལ་སེ་སོགས་ཡིན་པ་དང་། ཁོ་ཚོའི་འདོད་ཚུལ་གཙོ་བོ་ནི་ཕྱིའི་གཟུགས་དང་ནང་གི་གཟུགས་གཉིས་གང་ཡིན་རུང་སོ་སོ་རང་རྐྱ་ཐུབ་པ་ཞིག་དང་། བློ་རིག་གི་འབྱུང་གཞི་ནི་ཕྱིའི་གཟུགས་ཡིན་ཡང་ཕྱིའི་གཟུགས་ཀྱི་བདེན་གྲུབ་ནི་རྟོགས་མེད་ཡིན་པར་འདོད། མི་རྣམས་ཀྱིས་ཕྱིའི་གཟུགས་ཉིད་རྟོགས་མི་ཐུབ་ནའང་ཕྱིའི་གཟུགས་ཀྱི་ཁ་གཏད་ས་ནི་ཕྱིའི་གཟུགས་དང་ནང་གཟུགས་གཉིས་དབར་དུ་འབྲེལ་བ་འཛིན་བྱེད་དེ་ལ་འདོད་པ་དང་། རྩོད་སྤོངས་རྣམ་བདེན་སྨྲ་བ་ཁ་ཤས་ཀྱི་འབྲེལ་བ་འཛིན་བྱེད་ནི་ཚོར་བའི་རྒྱུ་ཆ་ལ་ཟེར་ཞིང་། ཡང་ལ་ལས་ནི་པོ་ལ་ཐུའི་རིག་རྟོག་གི་ལྟ་ཚུལ་ལ་འདོད་པ་ཡང་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།