གཞི་གྲུབ་སྨྲ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཞི་གྲུབ་སྨྲ་བའི་མིང་གཞན་ལ་འཚོ་གནས་སྨྲ་བ་དང་དངོས་གནས་སྨྲ་བ་སོགས་ཀྱང་ཟེར་བ་ཡིན་ཞིང་། དེང་རབས་ནུབ་ཕྱོགས་ཀྱི་ཤེར་རྟོགས་རིག་པའི་ཁྲོད་དུ་དར་རྒྱས་ཆེ་བའི་གྲུབ་མཐའི་རིགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
存在主义
ཕྱི་ཡིག་གི་མིང་།
Existentialism
མཚོན་བྱེད་མི་སྣ།
ཞི་མིང་ན་པོ་ཧྥུུ་ཝ།
མཚོན་བྱེད་བརྩམས་ཆོས།
«གཞི་གྲུབ་དང་སྟོང་བ་ཉིད»
1 དར་ཡུལ།

གཞི་གྲུབ་སྨྲ་བ་ནི་དེང་རབས་ཀྱི་དུས་རབས20བའི་ལོ་རབས20བའི་ནང་འཇར་མན་དུ་དར་ཁྱབ་བྱུང་བ་དང་། འཛམ་གླིང་དམག་འཁྲུགས་ཐེངས་གཉིས་པའི་རྗེས་སུ་གཞི་གྲུབ་སྨྲ་བའི་ལྟེ་གནས་ཧྥ་རན་སིར་སྤོས་ཤིང་། དེ་དང་ལྷན་དུ་ཨ་མེ་རི་ཁ་དང་ཨེ་ཊ་ལེ། ཨ་ཀིན་ཐེན། འཇར་པན་སོགས་སུའང་དར་ཁྱབ་ཆེན་པོ་བྱུང་པ་རེད། དེའང་ཁད་རྒོར་ནི་གཞི་གྲུབ་སྨྲ་བའི་གཞུང་ལུགས་རྩོམ་པ་པོ་ཐོག་མ་དེ་ཡིན་ལ། འཇར་མན་གྱི་ཧད་ཐ་རྒར་དང་རྫ་སེ་པར་སེ་ནི་གཞི་གྲུབ་སྨྲ་བའི་སྲོལ་འབྱེད་པ་དང་མི་སྣ་གཙོ་བོ་ཞིག་རེད། དེ་གཉིས་ལ་གཞན་པའི་མི་སྣ་གཙོ་བོ་ནི་ཧྥ་རན་སིའི་ས་ཁྲར། མ་སེར། ཁའ་མེའུ། ཨ་མེ་རི་ཁའི་ཐི་ལེ་ཚི། ཝེར་རྡ་སོགས་ཡོད།

2 དབྱེ་བ།

གཞི་གྲུབ་སྨྲ་བ་ནི་ཤེར་རྟོགས་རིག་པ་ལས་གཞན་སྒྲུང་རྩོམ་དང་ཟློས་གར། གློག་བརྙན་གྱི་རྣམ་པ་བརྒྱུད་དེ་རྒྱ་ཆེར་དར་སྤེལ་བྱས་ཡོད་པ་མ་ཟད་མི་རྣམས་ཀྱི་འཚོ་བའི་རྣམ་པར་ཤུགས་རྐྱེན་བཟོ་མཁན་དང་གཞི་གྲུབ་ཉིད་ཆོས་ཐམས་ཅད་ཀྱི་ངོ་བོ་དང་སྦྱར་ཏེ་རྟོགས་འཇུག་བྱེད་པའི་ཤེར་རྟོགས་རིག་པའི་གཞུང་ལུགས་ཤིག་རེད། དེ་ལ་དབྱེ་ན་ལྷ་མེད་གཞི་གྲུབ་སྨྲ་བ་དང་ལྷ་ཡོད་གཞི་གྲུབ་སྨྲ་བ་གཉིས་ཡོད་ཅིང་། ཕྱོགས་གཉིས་གང་ཡིན་རུང་ཐུན་མོང་གི་ལྟ་ཚུལ་ནི་ཤེར་རྟོགས་རིག་པའི་རྩ་བའི་གནད་དོན་དེ་གཞི་གྲུབ་ཀྱི་གནད་དོན་དུ་སེམས།

3 ལྟ་བ་གཙོ་བོ།

ལྷ་མེད་གཞི་གྲུབ་སྨྲ་བས། གཞི་གྲུབ་ནི་མི་རང་གི་ཤེས་པ་དང་རང་གི་འདུ་ཤེས་ ཡིན་པར་བཤད་པ་དང་། ཧད་ཐ་རྒར་གྱིས། ང་ཚོ་དོན་དམ་པར་འབྲེལ་གཏུགས་བྱེད་ཐུབ་པའི་གཟུགས་ཉིད་ཀྱི་རྣམ་པ་ཉག་གཅིག་ནི་མིའི་གཞི་གྲུབ་ཡིན་པར་བཤད། འདིར་བསྟན་པའི་རང་གི་འདུ་ཤེས་ནི་བརྩེ་དུང་ཤུགས་དྲག་ཏུ་ཡོད་པ་དང་ནང་སེམས་ཀྱི་ཉམས་ལེན་གྱི་སེམས་པའི་གཞི་གྲུབ་ཅིག་ལ་ཟེར་ལྷ་ཡོད་གཞི་གྲུབ་སྨྲ་བས་མིའི་སེམས་པའི་ཡང་སྟེང་དུ་ད་དུང་ཆེས་རྩ་བར་གྱུར་བའི་གཞི་གྲུབ་ཅིག་ཡོད་པར་འདོད་ཀྱང་དེ་ནི་དཀོན་མཆོག་གམ་འཇིག་རྟེན་བྱེད་པོ་ལྟ་བུ་རེད། གཞི་གགྲུབ་སྨྲ་བའི་ཤེར་རྟོགས་རིག་པའི་ཁྲོད་འགངས་ཆེན་པོར་གྱུར་བའི་ཆོས་ཅན་ནི་གཞི་གྲུབ་ངོ་བོའི་སྔོན་དུ་ཡོད་པ། དཔེར་ན། སྔོན་དུ་ངོ་བོ་མེད་པའི་རང་རིག་རང་བཞིན་གྱི་གཞི་གྲུབ་ཅིག་ཡོད་པར་སེམས་ཤིང་། རྗེས་སུ་དེའི་རང་དབང་གི་སྒོ་ནས་གདམ་ང་དང་རང་ཉིད་ཀྱི་ངོ་བོ་གསར་གཏོད་བྱས་པར་སྙམ། ཡང་གཞི་གྲུབ་སྨྲ་བས་གཞི་གྲུབ་ནི་སྟོང་བའི་དོན་དུ་བཤད་པ་དང་ཐམས་ཅད་ཀྱི་ཐམས་ཅད་རྒྱུ་མེད་རྐྱེན་མེད་ལས་བྱུང་པ་དང་སྐྱེ་གནས་གང་ཡིན་རུང་སྡུག་བསྔལ་དང་འཆི་བ་ལས་འབྲལ་མི་ཐུབ་པར་འདོད་ཀྱི་ཡོད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།