པི་དཱ་གི་ལ་སིའི་གྲུབ་མཐའ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པི་དཱ་གི་ལ་སིའི་གྲུབ་མཐའ།
པི་དཱ་གི་ལ་སིའི་གྲུབ་མཐའ་ནི་གནའ་རབས་ཀེ་རེ་སིའི་པི་དཱ་གི་ལ་སིས་སྲོལ་བཏོད་པའི་གྲུབ་མཐའ་ཞིག་སྟེ་མིང་གཞན་ལ་ལྷ་ཨེ་ཊ་ལིའི་གྲུབ་མཐའ་ཡང་ཟེར་ཞིང་། དེ་ནི་རིག་རྩལ་བསྐྱར་དར་བར་དུ་མ་ཉམས་པར་ཡོང་བའི་ནུབ་ཕྱོགས་ཀྱི་གནའ་བོའི་ཤེར་རྟོགས་རིག་པའི་གྲུབ་མཐའ་གཙོ་གྲས་ཤིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
毕达哥拉斯学派
ཕྱི་ཡིག་གི་མིང་།
Pythagorean
གསར་འཛུགས་པ།
毕达哥拉斯
1 བསྡུས་དོན།

པི་དཱ་གི་ལ་སི་གྲུབ་མཐས་གྲངས་ཀ་ནི་སྐྱེ་དགུ་ཡོད་དོ་ཅོག་གི་རྟིང་གཞི་ཡིན་པར་འདོད་ཀྱི་ཡོད་པ་དང་། བྱ་དངོས་ཀྱི་ངོ་བོ་ནི་གྲངས་འབོར་གང་རུང་གི་འབྲེལ་བས་ཐག་གཅོད་བྱེད་ཀྱི་ཡོད་པ་ཞིག་ཡིན་པས། སྐྱེ་དགུ་ཡོད་དོ་ཅོག་ནི་གྲངས་འབོར་གྱི་བསྡུར་ཚད་གཞིར་བཟུང་གྲུབ་ཅིང་གནས་པ་ཞིག་ཡིན། དེ་བས་ཁོ་ཚོས་མཛེས་པ་ནི་འཆམ་མཐུན་གྱི་ལྟ་བ་ཡིན་ཞིང་། རོལ་དབྱངས་གྱི་འཆམ་མཐུན་ནི་མཐོ་དམའ་དང་ལྕི་ཡང་མི་འདྲ་བའི་འགྱུར་ཁུག་ལྟར་གྲང་འབོར་ངེས་ཅན་གྱི་བསྡུར་ཚད་སྟེང་གྲུབ་པར་འདོད་པ་དང་། རོལ་དབྱངས་ནི་རྒྱུ་ཚོགས་འཆམ་མཐུན་གྱི་གཅིག་བསྡུས་ཡིན་ལ། མཐུན་འགྲིག་མེད་པ་དག་མཐུན་བསྒྲིགས་བྱས་པ་ལས་བྱུང་བར་འདོད་ཀྱི་ཡོད། འདི་ནི་གནའ་བོའི་ཀེ་རི་སིའི་སྒྱུ་རྩལ་རྩོད་སྒྲུབ་རིག་པའི་བསམ་བློའི་མྱུ་གུ་འབུས་པའི་དུས་དེ་ཡིན་ལ། དེར་སྒྱུ་རྩལ་གྱི་དཔུང་བསྒྲིགས་འགྱུར་བའི་ཡོངས་ཁྱབ་ཀྱི་རྩ་དོན་དེ་ཡང་འདུས་ཡོད།

2 བྱུང་བ།

སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པའི་མཇུག་ཏུ་བྱུང་བ་དང་དེའི་ཤུགས་རྐྱེན་ནི་རིག་རྩལ་བསྐྱར་དར་བར་དུ་མ་ཉམས་པར་བསྡད་ཡོད་ཅིང་། པི་དཱ་གི་ལ་སི་ཚོགས་པས་བྲན་གཡོག་བདག་པོའི་དམངས་གཙོའི་ཆབ་སྲིད་དང་ཆོས་ལུགས་ཤེར་རྟོགས་རིག་པའི་མནའ་འབྲེལ་ཐམས་ཅད་ལ་དགག་བཞག་བྱས་པ་དང་། འགུལ་སྐྱོད་ལྟེ་གནས་ཀྱང་ལྷོ་ཨེ་ཊི་ལེ་རུ་སྡོད་པའི་ཀེ་རི་སིའི་མི་ཚོགས་ཀུན་ཏུ་ཡོད། སྤྱི་ལོ་དུས་རབས་ལྔ་བའི་ནང་པི་དཱ་གི་ལ་སིའི་མནའ་འབྲེལ་ཚོགས་པ་དེ་བྲན་གཡོགས་བདག་པོའི་དམངས་གཙོ་བས་གཏོར་རྗེས། ཚོགས་མི་ལ་ཤས་ཀྱིས་པི་དཱ་གི་ལ་སིའི་ཆོས་ཀྱི་བརྗོད་སྙིང་སོགས་ལ་ཞིབ་འཇུག་དང་། ཚོགས་མི་ལ་ཤས་ཀྱིས་གནམ་རིག་སྐར་རྩིས་སོགས་ཚན་རིག་གི་སྐོར་ལ་ཞིབ་འཇུག་བྱས་པ་རེད།

3 བརྗོད་སྙིང་།

པི་དཱ་གི་ལ་སིས་བྱ་དངོས་ཀྱི་ངོ་བོ་ནི་གྲངས་འབོར་གང་རུང་གི་འབྲེལ་བས་ཐག་གཅོད་བྱེད་ཀྱི་ཡོད་པ་ཞིག་ཡིན་པས། སྐྱེ་དགུ་ཡོད་དོ་ཅོག་ནི་གྲངས་འབོར་གྱི་བསྡུར་ཚད་གཞིར་བཟུང་གྲུབ་ཅིང་གནས་པ་ཞིག་ཡིན་པར་བཤད་པ་དང་། གྲུབ་མཐའ་འདིའི་བརྗོད་སྙིང་གཙོ་བོ་ནི་བླ་སྲོག་ཇི་ལྟར་འཁོར་བར་འཁོར་ཚུལ་གྱི་རྣམ་བཤད་དེ་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།