ཀུན་གཞི་ཁོ་ན་སྨྲ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀུན་གཞི་ཁོ་ན་སྨྲ་བ།
ཀུན་གཞི་ཁོ་ན་སྨྲ་བ་ནི་དེང་རབས་ནུབ་ཕྱོགས་ཀྱི་མི་ལྟེ་བར་འཛིན་པའི་ཤེར་རྟོགས་རིག་པ་གསར་འབྱེད་བྱེད་པའི་གྲུབ་མཐའ་ཞིག་ཡིན་པ་དང་། ཀུན་གཞི་ཁོ་ན་སྨྲ་བའི་མིང་གཞན་ལ་ཀུན་གཞི་རིང་ལུགས་ཀྱང་ཟེར། གཙོ་བོར་ཀུན་གཞི་ཉིད་རྗེས་དཔག་ལས་མཐོ་བར་འདོད་པ་དང་། དེ་ནི་འཇིག་རྟེན་གྱི་གཟུགས་ཉིད་དང་ཡང་ན་ངོ་བོར་འདོད་པའི་སེམས་གཙོ་སྨྲ་བ་དང་རྗེས་དཔག་མེད་པར་སྨྲ་བའི་ཤེར་རྟོགས་རིག་པའི་ལྟ་ཚུལ་ཞིག་རེད། སྟུན་སེ་སེ་ཁོའོ་ཐོའུ་ནས་མགོ་བརྩམས་ཏེ་ཀུན་གཞི་ཁོ་ན་སྨྲ་བ་དར་བ་དང་། དེའི་འཕྲོར་ཁང་ཐ་དང་ཧྥེ་ཆི་ཐས་དར་སྤེལ་བྱས་པ་དང་། ཞོལ་པེན་ཧོར་གྱི་དུས་སུ་འཚོ་བའི་ཀུན་གཞི་དང་། ནེ་ཁྲེའི་དབང་ཐང་གི་ཀུན་གཞི་འདོད་ཚུལ་སོགས་ནི་ཀུན་གཞི་ཁོ་ན་སྨྲ་བའི་ལྟ་བ་གཙོ་བོར་མཚོན་པའི་རིག་པའི་གཞུང་ལུགས་ཤིག་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
意志主义
བྱུང་བའི་དུས་ཚོད།
དུས་རབས19བའི་ལོ་རབས20བ།
ཁྱབ་ཁོངས།
ཡོ་རོབ་གླིང་།
དར་ཆེ་བའི་དུས།
དུས་རབས19བའི་དུས་མཇུག་དང་དུས་རབས20བའི་དུས་མགོ།
1 བྱུང་བ།

ཀུན་གཞི་ཁོ་ན་སྨྲ་བ་ནི་དེང་རབས་ནུབ་ཕྱོགས་ཀྱི་མི་ལྟེ་བར་འཛིན་པའི་ཤེར་རྟོགས་རིག་པ་གསར་འབྱེད་བྱེད་པའི་གྲུབ་མཐའ་ཞིག་ཡིན་པ་དང་། དེ་ནི་དུས་རབས19བའི་ལོ་རབས20བའི་སྐབས་སུ་འཇར་མན་དུ་ཐོག་མར་བྱུང་ཞིང་། དུས་རབས19བའི་དུས་མཇུག་དང་དུས་རབས20བའི་དུས་མགོར་འཇར་མན་དང་ཧྥ་རན་སི། དབྱིན་ཇི་སོགས་ཨོ་མེ་རྒྱལ་ཁབ་དག་ཏུ་རྒྱ་ཆེར་དར་བ་ཡིན། མཚོན་བྱེད་མི་སྣ་གཙོ་བོ་ནི་ཞོལ་པེན་ཧོར་དང་ནེ་ཁྲེ་ཡིན་ལ། ཞོལ་པེན་ཧོར་གྱི་འཚོ་གནས་ཀུན་གཞི་དང་སྐྱོ་སྣང་རིང་ལུགས་ནི་འཇར་མན་གྱི1848ལོའི་གསར་བརྗེ་ཕམ་རྗེས་ཀྱི་སྐྱོ་སྣང་དང་སེམས་ཁམས་ལ་འཕྲོད་པར་གྱུར་བས། ཀུན་གཞི་ཤེར་རྟོགས་རིག་པའི་རིང་ལུགས་ཀྱི་ལུགས་བསྐྲུན་པར་རྨང་བཏིང་བ་ཡིན། ནེ་ཁྲེའི་དབང་ཐང་ཀུན་གཞི་སྨྲ་བ་དང་འཕགས་མིའི་ཤེར་རྟོགས་རིག་པས་དུས་རབས19བའི་དུས་མཇུག་ཏུ་འཇར་མན་བཙན་རྒྱལ་རིང་ལུགས་སུ་བར་བརྒལ་བྱེད་པའི་སྐབས་ཀྱི་བཙན་སྦྱོར་དང་། སྡུག་བསྲན་སོགས་ལ་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་བྱུང་ཡོད།

2 ལྟ་བ།

ཀུན་གཞི་ཁོ་ན་སྨྲ་བའི་མིང་གཞན་ལ་ཀུན་གཞི་རིང་ལུགས་ཀྱང་ཟེར། གཙོ་བོར་ཀུན་གཞི་ཉིད་རྗེས་དཔག་ལས་མཐོ་བར་འདོད་པ་དང་། དེ་ནི་འཇིག་རྟེན་གྱི་གཟུགས་ཉིད་དང་ཡང་ན་ངོ་བོར་འདོད་པའི་སེམས་གཙོ་སྨྲ་བ་དང་རྗེས་དཔག་མེད་པར་སྨྲ་བའི་ཤེར་རྟོགས་རིག་པའི་ལྟ་ཚུལ་ཞིག་རེད། སྟུན་སེ་སེ་ཁོའོ་ཐོའུ་ནས་མགོ་བརྩམས་ཏེ་ཀུན་གཞི་ཁོ་ན་སྨྲ་བ་དར་བ་ཞིག་ཡིན།

3 ངོ་བོ།  

ཀུན་ཁོ་ན་སྨྲ་བའམ་ཀུན་གཞི་སྨྲ་བ་བྱུང་བ་དེས་འབྱོར་ལྡན་གྲལ་རིམ་ཤེར་རྟོགས་རིག་པ་དེ་རྗེས་དཔག་རིག་པ་ནས་རྗེས་དཔག་མ་ཡིན་པའི་རིང་ལུགས་ཀྱི་ཕྱོགས་སུ་འཕེལ་བ་དང་། གོང་མ་ལྟེ་བར་འཛིན་པ་དེ་མི་སྒེར་ལྟེ་བར་འཛིན་པའི་ཕྱོགས་སུ་འཕེལ་བ་མཚོན་གྱི་ཡོད་ལ། ཀུན་གཞི་སྨྲ་བ་ནི་རང་སྣང་སེམས་གཙོ་རིང་ལུགས་དང་རྗེ་དཔག་མ་ཡིན་པའི་རིང་ལུགས། མི་སྒེར་རིང་ལུགས་བཅས་ཀྱི་ཤེར་རྟོགས་རིག་པ་ཞིག་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།