མར་རྦར་གེ་རིང་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མར་རྦར་གེ་རིང་ལུགས་ནི་འཇར་མན་གྱི་ཁང་ཏི་གསར་མ་རིང་ལུགས་ཀྱི་ནང་གསེས་གྲུབ་མཐའ་ཞིག་ཡིན་ལ། རྡུལ་ཕྲན་དང་། ཤུགས་སོགས་ནི་དེའི་གོ་དོན་ལ་གཏོགས་པ་དང་ཁོ་ཚོས་ཕྱི་དོན་གྱི་རང་བཞིན་ལ་བསྙོན་འབྱིན་བྱེད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马堡学派
མིང་གཞན།
གཏན་ཚིགས་རིག་པའི་གྲུབ་མཐའ།
རྒྱུགས་ཆེ་བའི་དུས་རབས།
དུས་རབས19བའི་ལོ་རབས70 བ།
1 ནང་དོན་གནད་བསྡུས།

མར་རྦར་གེ་རིང་ལུགས་ཀྱིས་ཤེར་རྟོགས་རིག་པས་ནི་ངོས་འཛིན་སྨྲ་བའི་གནད་དོན་ལ་སྤྱི་བསྡོམ་བྱ་རྒྱུ་དེ་ཡིན་པར་འདོད་པ་དེ་ཡིན་ལ། ཤེར་རྟོགས་རིག་པའི་འོས་འགན་གཙོ་བོ་ནི་རང་བྱུང་ཚན་རིག་དང་མིའི་རིགས་རིག་གནས་ཡོངས་རྫོགས་གཅིག་གྱུར་ཅན་གྱི་གཞི་རྩའི་གཏན་ཚིགས་རིག་པ་འཚོལ་ཞིབ་བྱ་རྒྱུ་དེ་ཡིན་པ་དང་། སྤྱི་ཚོགས་ལོ་རྒྱུས་ལྟ་བའི་ཕྱོགས་ནས། དེས་མི་ཆོས་རིག་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་བཏོན་པ་དང་། མི་ནི་དམིགས་ཡུལ་ཡིན་པ་ལས་བྱེད་ཐབས་མིན་པ་ནན་བཤད་བྱས་ཡོད།

2 བསམ་བློའི་ཁ་ཕྱོགས།

མར་རྦར་གེ་རིང་ལུགས་ཀྱི་དེའི་སྲོལ་འབྱེད་པ་པོ་ནི་ཁོ་ཧན(ཁོང་གིས་མར་རྦར་གེ་སློབ་གླིང་དུ་སློབ་ཁྲིད་བྱེད་དུས་བརྩམས་པ་ཡིན་པས་མིང་ཡང་དེ་ལྟར་བཏགས་པ་ཞིག་ཡིན་འདུག)ཡིན་ཞིང་། ལུགས་དེའི་འཐུས་ཚབ་ཀྱི་མི་སྣ་གཙོ་བོ་ནི་ན་ཐོ་བུར་དང་། ཁཱ་སི་རབ་སོགས་ཡོད་པ་ཡིན་ལ། ཁོང་ཚོའི་ཁྱད་རྟོགས་གཙོ་བོ་ནི་རང་རིགས་སེམས་གཙོ་རིང་ལུགས་སྤྱད་དེ་རང་བྱུང་ཚན་རིག་གི་འབྲས་བུར་འཁྱོག་བཤད་བྱེད་པ་དང་། རྡུལ་ཕྲན་དང་། ཤུགས་སོགས་ནི་དེའི་གོ་དོན་ལ་གཏོགས་པ་དང་ཁོ་ཚོས་ཕྱི་དོན་གྱི་རང་བཞིན་ལ་བསྙོན་འབྱིན་བྱེད་པ་ཞིག་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།