བདག་གཅེས་རིང་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བདག་གཅེས་རིང་ལུགས།
བདག་གཅེས་རིང་ལུགས་ནི་སྤྱིར་བཏང་མི་རང་ཉིད་ཀྱི་ཁེ་ཕན་ཨང་དང་པོར་འཛིན་པའི་འཚོ་བའི་སྤྱོད་སྟངས་ཏེ་བསམ་བློའི་ལོ་རྒྱུས་ཁྲོད་དུ་མི་ཆོས་རིག་པའི་གཞུང་ལུགས་ཤིག་ལ་ཟེར་བ་དང་། མི་རང་ཉིད་ཀྱི་ཁེ་ཕན་ཨང་དང་པོར་འཛིན་པའི་བསམ་བློའི་རིང་ལུགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
利己主义
ཕྱི་ཡིག་གི་མིང་།
egoism、Individualist
བཀོལ་སྤྱོད་བྱ་ཡུལ།
སྤྱི་ཚོགས་སེམས་ཁམས་རིག་པ།
རིག་ཚན།
སེམས་ཁམས་རིག་པ།
1 ནང་དོན།

བདག་གཅེས་རིང་ལུགས་ནི་རང་ཉིད་ཁོ་ནའི་ཁེ་ཕན་ལས་མི་གཞན་དང་ཐུན་མོང་གི་ཁེ་ཕན་རྒྱབ་ཏུ་དོར་བའི་བསམ་བློ་ཞིག་ཡིན་པ་དང་། བདག་གཅེས་རིང་ལུགས་ཀྱི་བདག་གི་ཁེ་ཕན་ནི་གཉུག་གཤིས་སུ་ལྟ་བ་ཡིན་ལ། མི་སྒེར་གྱི་ཁེ་ཕན་ནི་འཚོ་བའི་བསམ་སྦྱོར་ཡོད་ཚད་ཀྱི་གོང་དུ་བཞག་ཡོད་པ་ཞིག་ཡིན། དེའི་ཁྱད་ཆོས་ནི་བདག་འཛིན་ཚད་བརྒལ་གྱི་མི་སྒེར་གྱི་དམིགས་ཡུལ་ནས་ལམ་དུ་ཆས་དགོས་པ་དང་། བཟང་ངན་ལ་མི་ལྟ་བར་མིང་གྲགས་ཧམ་གཉེར་དང་གོ་ས་ལོངས་སྤྱོད་ལ་རེམ་དགོས་པ་དེ་ཡིན། མིང་གྲགས་ཧམ་གཉེར་ནི་ཡོད་ཚད་བདག་གཅེས་རིང་ལུགས་སུ་ལྟ་མཁན་དག་གི་མི་ཚེའི་དམིགས་ཡུལ་ལས་བྱུང་བ་ཞིག་ཡིན།

2 ཁྱད་ཆོས།

བདག་གཅེས་རིང་ལུགས་ནི་སྤྱིར་བཏང་མི་རང་ཉིད་ཀྱི་ཁེ་ཕན་ཨང་དང་པོར་འཛིན་པའི་འཚོ་བའི་སྤྱོད་སྟངསས་དེ་བསམ་བློའི་ལོ་རྒྱུས་ཁྲོད་དུ་མི་ཆོས་རིག་པའི་གཞུང་ལུགས་ཤིག་ལ་ཟེར་བ་དང་། མི་ཆོས་རིག་པའི་གཞུང་ལུགས་སུ་མིའི་ཁེ་ཕན་ཉིད་སྤྱི་ཚོགས་ཀྱི་ཁེ་ཕན་ལས་མཐོ་བ་དང་མི་སྒེར་གྱི་བདེ་སྐྱིད་ནི་འགུལ་བསྐྱོད་མཐའ་དག་གི་ཚད་གཞི་རུ་འཛིན་པ་དང་། ཡང་དཔེར་ན་ཧོ་ཕི་སིས་བདག་གཅེས་སམ་རང་གཅེས་ནི་མིའི་ལྷན་སྐྱེས་སུ་ངོས་འཛིན་པ་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།