རྣམ་བདེན་སྨྲ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྣམ་བདེན་སྨྲ་བ།
རྣམ་བདེན་སྨྲ་བའི་མིང་གཞན་ལ་རྣམ་བདེན་རིང་ལུགས་ཀྱང་ཟེར་ལ། མ་རྩ་རིང་ལུགས་ཀྱི་ཤེར་རྟོགས་རིག་པའི་གྲུབ་མཐའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
实证主义
ཕྱི་ཡིག་གི་མིང་།
positivism
1 ནང་དོན་བསྡུས་པ།

རྣམ་བདེན་སྨྲ་བའི་མིང་གཞན་ལ་རྣམ་བདེན་རིང་ལུགས་ཀྱང་ཟེར་ལ། མ་རྩ་རིང་ལུགས་ཀྱི་ཤེར་རྟོགས་རིག་པའི་གྲུབ་མཐའ་ཞིག་ཡིན་ཞིང་། སྲོལ་འབྱེད་པ་པོ་ནི་ཁོམ་ཐ་ཉིད་ཡིན་པ་དང་། རྣམ་བདེན་སྨྲ་ཚོད་རང་ཉིད་ནི་ཚན་རིག་ཤེར་རྟོགས་རིག་པ་བའི་ཆ་འཇོག་བྱེད་ས་ཞིག་ཏུ་འཁུམས་པ་མ་ཟད། རྣམ་བདེན་གྱི་གནས་ལུགས་ཁས་ལེན་མཁན་ཞིག་ཏུ་སྒྲོག་མོད། དོན་དངོས་སུ་ཁོ་ཚོས་ཁས་ལེན་པ་ནི་རང་རིག་གི་མྱོང་ཉག་གཅིག་སྟེ། མི་རྣམས་ལ་བྱ་དངོས་ཀྱི་ངོ་བོ་ཤེས་འདོད་མེད་ལ་ཤེས་རྟོགས་ཀྱང་བྱེད་ཐུབ་ཀྱི་མེད། ཚན་རིག་ནི་རང་རིག་གི་མྱོང་བ་མཚོན་བྱེད་ཅིག་ལས་ཕྱི་དོན་གྱི་ཆོས་ཉིད་མཚོན་བྱེད་ཅིག་མིན་པར་བཞེད་པ་ཡིན་ནོ། །

2 ཁྱད་ཆོས།

རྣམ་བདེན་སྨྲ་བའི་ཁྱད་ཆོས་ནི། དེའི་མཚན་ཉིད་རིག་པའི་འོས་འགན་གྱི་གནད་འགག་ནི་སྣང་ཚུལ་ལ་ཞིབ་འཇུག་བྱ་རྒྱུ་དེ་ཡིན་ཞིང་། སྣང་ཚུལ་སྨྲ་བའི་ལྟ་ཚུལ་ནི་ཞིབ་འཇུག་གི་འགོ་རྩོམ་ས་ཡིན་ལ། རྗེས་དཔག་ལས་བྱུང་བའི་སེམས་ཚོར་གྱི་རྒྱུ་དེ་ཁས་མི་ལེན་པར། སྣང་ཚུལ་གྱི་གཅིག་བསྡུས་ལས་ཚན་རིག་གི་ཆོས་ཉིད་རྟོགས་ཀྱི་ཡོད་པར་འདོད། རིག་པ་དེས་མཚན་ཉིད་རིག་པ་དང་ཚན་རིག་གཉིས་ཀྱི་འབྲེལ་བ་ཐག་གཅོད་བྱེད་པ་དེ་གཞུང་ལུགས་ཀྱི་སྲོག་ཤིང་གི་གནད་དོན་དུ་འཛིན་གྱི་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།