པོ་ལཱ་ཐུའུ་ཡི་གྲུབ་མཐའ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པོ་ལཱ་ཐུའུ་ཡི་གྲུབ་མཐའ།
གྲུབ་མཐའ་འདི་ནི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་དབྱིན་ཇིར་དར་བའི་པོ་ལཱ་ཐུའུ་དད་མོས་བྱེད་མཁན་གྱི་ལྷའི་རིག་པ་བ་དང་མི་ཆོས་རིག་པ་བ། ཤེར་རྟོགས་རིག་པ་བ་སོགས་ཕྱོགས་འདུས་ཀྱི་གྲུབ་མཐའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
柏拉图学派
ཚབ་མཚོན་མི་སྣ།
པོ་ལཱ་ཐུའུ།
རྨིང་འདིང་མཁན།
པོ་ལཱ་ཐུའུ།
ཁོངས་གཏོགས།
ཤེར་རྟོགས་རིག་པ།
1 གོ་དོན།

གྲུབ་མཐའ་འདི་ནི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་དབྱིན་ཇིར་དར་བའི་པོ་ལཱ་ཐུའུ་དད་མོས་བྱེད་མཁན་གྱི་ལྷའི་རིག་པ་བ་དང་མི་ཆོས་རིག་པ་བ། ཤེར་རྟོགས་རིག་པ་བ་སོགས་ཕྱོགས་འདུས་ཀྱི་གྲུབ་མཐའ་ཞིག་ཡིན། གྲངས་རིག་གིས་ཤེར་རྟོགས་རིག་པ་དང་འཇིག་རྟེན་ཞིབ་འཇུག་ལ་བྱེད་ནུས་གལ་ཆེན་ཐོན་གྱི་ཡོད་བའི་ལྟ་བ་ཅན་གྱི་ཤེར་རྟོགས་རིག་པ་ཞིག་ཡིན།

2 བྱུང་ཚུལ།

པོ་ལཱ་ཐུའུ་ཡི་གྲུབ་མཐའི་མཚོན་བྱེད་མི་སྣ་ནི་པོ་ལཱ་ཐུའུ་ཡིན་པ་དང་། ཁོ་ལོ་ན་ཆུང་བའི་དུས་སུ་ཀེ་རི་སེའི་ཤེར་རྟོགས་རིག་པ་བ་སུའུ་ཀི་ལ་ཏི(Socrates)ཡི་རྗེས་སུ་འབྲངས་ནས་ཤེར་རྟོགས་རིག་པར་སློབ་སྦྱོང་བྱས་པས། དེའི་གཏན་ཚིགས་རིག་པའི་བསམ་བློའི་ཤུགས་རྐྱེན་ཐེབས་ཏེ་མིང་གྲགས་ཆེ་བའི་ཤེར་རྟོགས་རིག་པ་བ་ཞིག་ཏུ་གྱུར། པོ་ལཱ་ཐུའུ་ཡིས་པི་ཏ་གི་ལ་སི(Pythagoras)གྲུབ་མཐའ་ལས་གྲངས་རིག་གི་ལྟ་ཚུལ་མང་བོ་བསྡུ་ལེན་བྱས་ཏེ་རང་ཉིད་ཀྱི་རིག་ཚན་ནང་དུ་བཀོལ་སྤྱོད་བྱས། དེ་བས་ཁོང་གི་ཤེར་རྟོགས་རིག་པ་དེ་གྲངས་རིག་རིག་ཚན་གྱི་ཕྱོགས་སུ་འཕེལ་བར་སྤྲོ་བ་སྐྱེས་ཏེ། གྲངས་རིག་གིས་ཤེར་རྟོགས་རིག་པ་དང་འཇིག་རྟེན་ཞིབ་འཇུག་ལ་བྱེད་ནུས་གལ་ཆེན་ཐོན་གྱི་ཡོད་པར་ངེས་རྟོགས་ཟབ་མོ་བྱུང་བར་མ་ཟད། རང་ཉིད་ཀྱི་གྲོགས་པོ་དང་སློབ་མ་རྣམས་ཀྱིས་གྲངས་རིག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་སྐུལ་མ་ཆེན་པ་བཏང་། ཁོང་གིས་ཡ་ཏེན་ཏུ་རང་ཉིད་ཀྱི་གྲུབ་མཐའ་དང་སློབ་གླིང་འཛུགས་སྐྲུན་བྱས་ཏེ། ཁོང་གི་སློབ་གྲྭའི་སྒོ་ཁར་དབྱིབས་རྩིས་མི་ཤེས་ན་ནང་དུ་འཛུལ་བའི་ཐོབ་ཐང་མེད་ཅེས་ཀྱང་བྲིས་ཡོད་སྐད།

3 ལྟ་ཚུལ།

ཁོ་ཚོས་ངོ་རྒོལ་བྱ་ཡུལ་གཙོ་བོ་ནི་ཧོ་ཕི་སིའི་དངོས་གཙོ་རིང་ལུགས་དང་། དེའི་འཕྲོར་རྡད་ཚའི་རྒྱུ་གཉིས་སྨྲ་བའི་ལྟ་ཚུལ་དེ་རེད་འདུག་པ་དང་། རེ་འདུན་ནི་པོ་ལཱ་ཐུའུ་ཡི་རྟོག་བཅས་ཀྱི་རྣམ་བཤད་དང་པོ་ལཱ་ཐུའུ་གསར་མའི་ལམ་ལུགས་བསྐྱར་གསོ་བྱ་རྒྱུ་དང་། འཇིག་རྟེན་སྟེང་གི་ཡོད་ཚད་དཀོན་མཆོག་གི་ཤེས་རབ་དང་ཀུན་གཞི་ཡི་མཚོན་སྟངས་ཡིན་པར་བདེན་དཔང་བྱ་རྒྱུ་དེ་རེད་དོ། །

4 ​མཐའ་དཔྱོད་དང་འཕེལ་རྒྱས།

སི་ཕའེ་སེ་ཕུ་སུ། (Speusippus)

སི་པའེ་སེ་ཕུ་སུ་ཡིས་དུས་ཕྱིས་ཀྱི་པོ་ལཱ་ཐུའུ་ཡི་གྲངས་རིག་པའི་ལྟ་བ་འབུར་དུ་བཏོད་པར་མ་ཟད། གྲངས་ཀྱིས་རྟོག་བཅས་ཀྱི་ཚབ་བྱས་ཤིང་། ཁོས་རིགས་མི་གཅིག་པའི་གདོས་བཅས་ལ་རྩ་དོན་མི་གཅིག་པ་བཏོན།

སུ་ནུའོ་ཁུ་ལཱ་ཏི། (Xenocrates)

སུ་ནུའོ་ཁུ་ལཱ་ཏིའི་བཞེད་པ་ལྟར་ན། རྟོག་བཅས་དང་གྲངས་ཀ་ནི་གཅིག་འདྲ་ཡིན་པས། རྟོག་བཅས་ཞེས་པ་རང་ཤུགས་སུ་ཡོད་པར་བཤད། དེར་མ་ཟད་པོ་ལཱ་ཐུའུ་ཡི་ཕྱོགས་སུ་གཞི་འཛིན་ས་འཚོལ་སྙེག་བྱས།

ཨ་རི་སི་ཐོ་ཐའོ། (Aristotle)

ཨ་རི་སི་ཐོ་ཐའོ་ལ་ཁོང་གི་དགེ་རྒན(པོ་ལཱ་ཐུའུ)གྱི་གྲངས་རིག་གཟུགས་འདས་རིག་པ་མི་མཁོ་ལ། ཁོས་པོ་ལཱ་ཐུའུ་ཡི་རྟག་བརྟན་རྟོག་བཅས་གཞུང་ལུགས་རྩ་བ་ནས་དོར་བ་རེད། ཡིན་ཡང་། ཨ་རི་སི་ཐོ་ཐའོ་ཡི་གཞུང་ལུགས་ཁྲོད་པོ་ལཱ་ཐུའུ་རིང་ལུགས་འགའ་ཞིག་སོར་འཇོག་བྱས་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-30

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།