རྡུལ་ཕྲན་ཆ་མེད་སྨྲ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྡུལ་ཕྲན་ཆ་མེད་སྨྲ་བ།
རྡུལ་ཕྲན་སྨྲ་བ་ནི་འཇར་མན་སེམས་གཙོ་རིང་ལུགས་ཀྱི་ཤེར་རྟོགས་རིག་པ་བ་ལད་བུ་ནུ་ཚེའི་རིག་པའི་གཞུང་ལུགས་ཀྱི་ལྟ་ཚུལ་ཞིག་ཡིན་པ་དང་། གཞི་གྲུབ་ཐམས་ཅད་འགྲུབ་བྱེད་ཀྱི་རྨང་གཞི་ནི་རྡུལ་ཕྲན་ཆ་མེད་ཡིན་པར་འདོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
单子论
1 ནང་དོན་བསྡུས་པ།

རྡུལ་ཕྲན་སྨྲ་བ་ནི་འཇར་མན་སེམས་གཙོ་རིང་ལུགས་ཀྱི་ཤེར་རྟོགས་རིག་པ་བ་ལད་བུ་ནུ་ཚེའི་རིག་པའི་གཞུང་ལུགས་ཀྱི་ལྟ་ཚུལ་ཞིག་ཡིན་པ་དང་། གཞི་གྲུབ་ཐམས་ཅད་འགྲུབ་བྱེད་ཀྱི་རྨང་གཞི་ནི་རྡུལ་ཕྲན་ཆ་མེད་ཡིན་པ་དང་། དེའང་གནས་བབས་མི་འཛིན་པ་དང་རང་དབང་གི་སྒོ་ནས་འགུལ་བསྐྱོད་བྱ་ཐུབ་པ་ཞིག་དང་། ཚུགས་ཐུབ་ཀྱི་ཤེས་པའི་གདོས་གཟུགས་ཏེ། དཔེར་ན་རྡུལ་ཕྲན་བཞིན་ཡིན་ནོ་ཟེར་བ་དང་། དེར་ཆེས་དམའ་བའི་རྡུལ་ཕྲན་དང་མཐོ་རིམ་རྡུལ་ཕྲན་གཉིས་ཡོད་པ་ལས་མཐོ་རིམ་རྡུལ་ཕྲན་ནི་དཀོན་མཆོག་ཡིན་ལ། དཀོན་མཆོག་ནི་འཇིག་རྟེན་བྱ་དངོས་ཀྱི་མཐར་ཐུག་གི་རྒྱུ་རྐྱེན་དུ་འདོད་དོ། །

2 རྩ་བའི་ངོ་བོ།

རྡུལ་ཕྲན་ཆ་མེད་སྨྲ་བ་ལ་གཤམ་གྱི་རྩ་བའི་ངོ་བོ་གསུམ་ལྡན་ཏེ།

(1) རྡུལ་ཕྲན་ཆ་མེད་ལ་ཆ་ཤས་མེད་པའི་དབང་གིས་དེ་ལ་དབྱེ་བ་དགར་དུ་མེད། དེ་བས་དེ་ནི་རང་བྱུང་ཆོས་ཉིད་ལྟར་ཆ་ཤས་སོ་སོ་གཅིག་འདུས་བྱས་པ་བརྒྱུད་བྱུང་བ་དང་ཡང་ན་དབྱེ་འབྱེད་བརྒྱུད་མེད་འགྲོ་བ་ཞིག་མིན། རྡུལ་ཕྲན་ཆ་མེད་བྱུང་བ་དང་མེད་པར་འགྲོ་བ་ནི་རྡུལ་ཁོ་ན་ཞིག་ཡིན་པ་དང་། དེ་ནི་གསར་གཏོད་བརྒྱུད་འགོ་རྩོམ་གྱི་ཡོད་ལ། མེད་པར་གཏོང་བཏང་བ་བརྒྱུད་མཇུག་ཀྱང་བསྡུམ་གྱི་ཡོད་པ་ཞིག་ཡིན།

(2) རྡུལ་ཕྲ་ཆ་མེད་ནི་དངོས་པོ་མ་ཡིན་པའི་བསམ་པ་པའི་རང་བཞིན་ཅན་ཞིག་ཡིན་པ་དང་། བསམ་པ་ནི་གཟུགས་མེད་ཅིག་ཡིན་པས་གཙང་རྐྱང་དང་དབྱེ་རུ་མེད་པ་ཞིག་ཡིན།

(3) རྡུལ་ཕྲན་ཆ་མེད་ཀྱི་གྲངས་ཚད་མེད་ཅིག་ཡིན་ཞིང་། དེ་ལ་ངོ་བོའི་ཁྱད་པར་ཡོད།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།