ཡོངས་འཛིན་རིག་མཛོད། >འཚོ་བ། >གནས་སྐོར།

གཟི་ཚ་སྡེ་དགུ།

གཟི་ཚ་སྡེ་དགུ་ནི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་སྤྱི་ལེ400ལྷག་ཡོད་པའི་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་གཟི་ཚ་སྡེ་དགུ་རྫོང་དུ་ཡོད། ལུང་བ་དེའི་རིང་ཚད་ལ་སྤྱི་ལེ་དགུ་བཅུ་ལྷག་ཡོད་པ་དང་། ཡུལ་དེའི་ས་ཆ་མང་ཆེ་བར་ནགས་ཚལ་གྱིས་གཡོགས་ཡོད། ལུང་བ་དེའི་ནང་དུ་བོད་ཀྱི་སྡེ་བ་དགུ་ཡོད་པས་ལུང་བའི་མིང་ལ་གཟི་ཚ་སྡེ་དགུ་ཟེར།

རིགས་དབྱེ།  

ཆབ་མདོ་དགོན།

ཆབ་མདོ་བྱམས་པ་གླིང་ངམ་ཆབ་མདོ་དགོན་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་རྫོང་དུ་ཡོད་པ་དང་། རབ་བྱུང་བདུན་པའི་མེ་སྦྲུལ་སྤྱི་ལོ1437ལོར་རྗེ་ཤེས་རབ་བཟང་བོས་ཐོག་མར་ཕྱག་བཏབ། དགོན་པ་འདི་ནི་རྫ་ཆུ་དང་ངོམ་ཆུ་གཉིས་ཀྱི་མདོ་རུ་གནས་ཤིང་རྟེན་གྱི་གཙོ་བོ་བྱམས་པ་མགོན་པོ་ལྡན་པའི་གླིང་ཡིན་པས་ན་ཆབ་མདོ་བྱམས་པ་གླིང་ཞེས་གྲགས།

རིགས་དབྱེ།  

དགའ་ལྡན་བྱིན་ཆགས་གླིང་།

དགའ་ལྡན་བྱིན་ཆགས་གླིང་ནི་པེ་ཅིང་གི་ཆེས་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཡིན། དགའ་ལྡན་བྱིན་ཆགས་གླིང་ནི་སྤྱི་ལོ1694ལོར་བཞེངས་པ་དང་། གོང་མ་ཡུང་ཀྲིན་རྒྱལ་སར་མ་བཞུགས་པའི་སྔོན་གྱི་སྡོད་གནས་ཡིན་པ་དང་། ཡུང་ཀྲིན་ཁྲི་ལོ་གསུམ་པ་སྤྱི་ལོ1725ལོར་ཕོ་བྲང་དུ་བསྒྱུར་བ་དང་། ཆན་ལུང་ཁྲི་ལོ་དགུ་བ་སྤྱི་ལོ1744ལོར་བོད་བརྒྱུད་ནང་བསྟན་གྱི་དགོན་པར་བསྒྱུར་བ་ཡིན།

རིགས་དབྱེ།  

དར་རྒྱལ་མཚོ།

དར་རྒྱལ་མཚོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་གི་རྡོ་སྦིས་བོད་རིགས་ཞང་གི་ཁོངས་སུ་ཡོད་པ་དང་། དེ་ནི་ཡ་རྫི་རྫོང་མཁར་ནས་ཤར་ཕྱོགས་སུ་སྤྱི་ལེ35ཙམ་གྱི་སའི་མདོ་སྨད་རྡོ་སྦིས་ཡུལ་གྱི་གནས་རི་ཆེན་མོ་སྟོང་དར་གུང་གསུམ་གྱི་ཡ་གྱལ། དར་རྒྱལ་སྤུན་གསུམ་གྱི་པང་། རྒྱ་མཚོའི་ངོས་ལས་སྨི4300ལྷག་གིས་མཐོ་བའི་ས་རུ་ཆགས་ཡོད།

རིགས་དབྱེ།  

པའོ་ཐུའུ་ཆུ་མིག

ཧྲན་ཏུང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅི་ནན་ལ་ཆུ་མིག་གྲོང་ཁྱེར་ཞེས་འབོད། གྲོང་ཁྱེར་འདིར་མིང་གྲགས་ཆེ་བའི་ཆུ་མིག72ཡོད་པས་མིང་དེ་ལྟར་ཐོགས། དེ་དག་ལས་ཆེས་མིང་གྲགས་ཆེ་བ་ནི་ཆུ་མིག་ཀྲིན་ཀྲུའུ་ཆུ་མིག་དང་། ཧའེ་ཧུའུ་ཆུ་མིག ཅིན་ཞན་ཆུ་མིག པའོ་ཐུའུ་ཆུ་མིག་བཅས་ཡིན། པའོ་ཐུའུ་ཆུ་མིག་ནི་ཆུ་མིག་འདི་དག་ལས་ཨང་རིམ་དང་པོར་གཏོགས།

རིགས་དབྱེ།  

བཞག་བྲག་གངས་རི།

བཞག་བྲག་གངས་རིའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་ཀར་ཁོག་ལུང་པའི་ཆུ་བོའི(སྟོང་ཀོ་ཆུའི་སྟོད་རྒྱུད)འབབ་རྒྱུད་དུ་གནས་ཤིང་། ཤར་ངོས་དང་ལྷོ་ངོས་གཉིས་ཁག་དབྱེ་ནས་མདོ་རྫོང་གི་མི་རྒོད་མཚོ་དང་ལྷ་སྒང་རྩྭ་ཐང་དང་འབྲེལ་ཡོད། དྲོ་གྲང་གཉིས་ལྡན་ས་རྒྱུད་ཀྱི་བཞའ་རློན་ཅན་གྱི་རི་མཐོའི་འདྲས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན།

རིགས་དབྱེ།  

ཝུའུ་ལིང་ཡོན།

ཧུའུ་ནན་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ་དུ་རི་ཆུའི་སྒྱུ་རྩལ་གྱི་བར་ཁྱམས་རིང་བོར་གྲགས་པའི་གནས་ཤིག་ཡོད་དེ། དེ་ནི་མིང་གྲགས་ཆེ་བའི་ཝུའུ་ལིང་ཡོན་མཛེས་ལྗོངས་ས་ཁུལ་ཡིན། ཝུའུ་ལིང་ཡོན་མཛེས་ལྗོངས་ས་ཁུལ་ནི་ཀྲང་ཅ་ཅེ་ནགས་ཚལ་སྤྱི་གླིང་དང་སུའོ་ཞི་ཡུས་རང་བྱུང་སྲུང་སྐྱོབ་ཁུལ། ཐན་ཙི་ཧྲན་རི་བོའི་རང་བྱུང་སྲུང་སྐྱོབ་ཁུལ་གསུམ་གྱིས་གྲུབ་པའི་སྤྱི་གླིང་ཞིག་ཡིན།

རིགས་དབྱེ།  

མཚོ་མང་སྒང་།

མཚོ་མང་སྒང་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་ལི་ཐང་རྫོང་དང་འདབ་པ་རྫོང་གི་བར་དུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3400ལྷག་ཡོད་པ་དང་། སྐྱེ་ཁམས་རྣམ་པའི་ཐད་གྲང་རྒྱུད་ཕལ་བའི་བཞའ་རློན་ཅན་གྱི་རི་མཐོ་འདྲེས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན།

རིགས་དབྱེ།  

མི་རྒོད་མཚོ།

མི་རྒོད་མཚོའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་དར་མདོ་རྫོང་གི་བྱང་ཕྱོགས་སུ་ཡོད་ཅིང་། རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་ཡུལ་ལྗོངས་སྐད་གྲགས་ཅན་གྱི་ཁག་ཅིག་ཡིན། དྲོ་འཇམ་ས་རྒྱུད་བཞའ་རློན་ཅན་གྱི་རི་མཐོ་འདྲེས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན།

རིགས་དབྱེ།  

ཚྭ་ཆེན་སུམ་མདོ།

ཚྭ་ཆེན་སུམ་མདོ་དང་འདམ་ཐར་མཚེའུ་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་དཔལ་ཡུལ་རྫོང་གི་བྱང་ཤར་དུ་གནས་ཡོད་ཅིང་། སྤྱི་ལོ1995ལོར་འཛུགས་སྐྲུན་བྱས་པ་རེད། ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཡིན་པས། ཤྭ་བ་མཆུ་དཀར་དང་རྣ་བ་སོགས་དཀོན་ཞིང་རྩྭ་ཆེན་གྱི་སྲོག་ཆགས་སྲུང་སྐྱོབ་བྱེད་རྒྱུ་གཙོ་བོ་བྱེད་ཀྱིན་ཡོད།

རིགས་དབྱེ།  

ཛིའུ་ཡི་གསོམ་དཀར་ཞིང་ལས།

དེ་ནི་སྡེ་རོང་རྫོང་གི་བྱང་ཕྱོགས་སུ་རྫོང་མཁར་དང་བར་ཐག་སྤྱི་ལེ38ཡོད་པ་དང་། སྡིངས་ཆུའི་བར་རྒྱུད་དུ་གནས་ཡོད། ཛིའུ་ཤང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2500ཡིན་པ་དང་། རི་མཐོ་གྲོག་ཡངས་གྱེན་མ་གསེག་གི་ས་ངོས་ཆགས་ཚུལ་ཡིན།

རིགས་དབྱེ།  

ལྕགས་ཟམ་ཁ།

ཀྲུང་གོ་སྐད་གྲགས་ལྡན་པའི་ཟམ་པ་ལྕགས་ཟམ་ནི་སྤྱི་ལོ1905ལོར། གོང་མ་ཁང་ཞི་རྒྱལ་པོས་མེ་རྒྱལ་གཅིག་གྱུར་བྱེད་པའི་ཆེད་དུ། རྒྱ་ཡུལ་ནས་བོད་ཡུལ་དུ་བགྲོད་པའི་གཞུང་ལམ་གྱི་བཀག་འགོག་ཐག་གཅོད་བྱེད་ཆེད། བཀའ་བཏང་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྟེང་དུ་ཟམ་ཆེན་ཞིག་འཛུགས་རྒྱུ་བྱས། ལོ་གཅིག་གི་རིང་གི་འབད་བརྩོན་བྱས་པ་བརྒྱུད་ནས། ཟམ་ཆེན་འདི་སྤྱི་ལོ1906ལོར་འཛུགས་སྐྲུན་བྱས་ནས་ཚར་བ་ཡིན།

རིགས་དབྱེ།  

འདབ་པའི་ཉི་སྟེང་།

སེམས་ཀྱི་ཉི་ཟླའི་བླ་སྲོག་འདབ་པའི་ཉི་སྟེང་། ཉི་སྟེང་མཛེས་ལྗོངས་ཁུལ་དེ། དཀར་མཛེས་ཁུལ་ལྷོ་ཕྱོགས་ཀྱི་འདབ་པ་རྫོང་རྫ་བ་ཤང་གི་མངའ་ཁོངས་སུ་གནས། མཛེས་ལྗོངས་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2900ནས(གངས་དཀར་ཆུ་བོ)སྨི6032(སྤྱན་རས་གཟིགས་རི་རྩེ)ཡོད་པ་དང་། རྒྱ་ཁྱོན་སྤྱི་ཆང་ཁྲི5.6ཡོད།

རིགས་དབྱེ།  

འཕགས་མོ་གླིང་།

འཕགས་མོ་གླིང་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་ཉག་ཆུ་ཁ་རྫོང་གི་ཤར་ཕྱོགས་ཀྱི་མཁར་རིང་པོ་ཤང་གི་མངའ་ཁོངས་སུ་གནས་ཡོད་ཅིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སུམ་བརྒྱ་ཙམ་ཡོད་པ་དང་། དྲོ་འཇམ་ས་རྒྱུད་བཞའ་རློན་ཅན་གྱི་རི་མཐོ་འདྲེས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན།

རིགས་དབྱེ།  

འབར་ཆེ་ལུང་པ།

འབར་ཆེ་ལུང་པའི་སྐྱེ་ཁམས་ཁོར་ཡུག་ས་ཁུལ་ནི་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་ཡུལ་ལྗོངས་སྐད་གྲགས་ཅན་དང་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་གལ་ཆེ་བའི་གྲུབ་ཆ་ཞིག་ཡིན། དྲོ་འཇམ་ས་རྒྱུད་བཞའ་རློན་ཅན་གྱི་རི་མཐོ་འདྲེས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན།

རིགས་དབྱེ།  

ལྕགས་རི་རིང་བོ།

འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་སྙན་པའི་གྲགས་པ་འབར་བའི་ལེ་དབར་ཁྲི་ལྡན་གྱི་ལྕགས་རི་རིང་བོ་ནི་གཡུ་འབྲུག་ཆེན་པོ་ཞིག་དང་འདྲ་བར་རི་ཚོགས་མུ་ཁྱུད་དུ་འབྲེལ་བའི་ཁྲོད་དུ་དལ་གྱིས་རྒྱུ་བ་དང་མཚུངས། ལྕགས་རི་རིང་བོ་དེ་ཤར་ཧོ་པེ་ཞིང་ཆེན་གྱི་ཧྲན་ཧའེ་ཀོན་འགག་སྒོ་ནས་མགོ་ཚུགས་ཏེ་ནུབ་ཀན་སུའུ་ཞིང་ཆེན་གྱི་ཅ་ཡུས་ཀོན་ཞེས་པའི་འགག་སྒོའི་བར་དུ་ཡོད་པ།

རིགས་དབྱེ།  

དབྱི་ཧོ་ཡོན་སྐྱེད་ཚལ།

དབྱི་ཧོ་ཡོན་སྐྱེད་ཚལ་ནི་དང་ཐོག་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་ཡུམ་ཞའོ་ཧྲེང་ཞན་བྱ་བ་ལ་ཞབས་བརྟན་ཞུ་ཆེད་དུ་བསྐྲུན་པའི་ཆིང་དབྱི་ཡོན་སྐྱེད་ཚལ་ཞེས་པ་ཡིན་པ་དང་། ཕྱིས་སུ་གོང་མ་རྒྱལ་མོ་ཚི་ཞིས་རྒྱས་བསྐྲུན་བྱས་ཏེ་དབྱི་ཧོ་ཡོན་སྐྱེད་ཚལ་ལ་བསྒྱུར་བ་རེད། གོང་མ་ཚང་གི་སྐྱེད་ཚལ་དེ་པེ་ཅིང་གི་ནུབ་བྱང་ཕྱོགས་ཀྱི་གྲོང་འདབས་སུ་བཏབ་ཡོད།

རིགས་དབྱེ།  

ཞི་ཨན་གྱི་རྡོ་རིང་ཡི་གེའི་ཚལ།

ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་གྱི་སན་ཞུའེ་ཁྲོམ་དུ་དུས་རབས་རིམ་བྱུང་གི་རྡོ་རིང་གི་ཡི་གེ་གཅེས་སུ་ཉར་བའི་གནས་ཤིག་ཡོད་པ་དེ་ནི་ཞི་ཨན་གྱི་རྡོ་རིང་ཡི་གེའི་ཚལ་ཞེས་པ་དེ་ཡིན་ལ། དེ་ནི་ཀྲུང་གོའི་གནའ་རབས་ཀྱི་རྡོ་བརྐོས་ཡིག་རིགས་ཉར་ཚགས་བྱེད་གནས་ཡིན།

རིགས་དབྱེ།  

ཁན་ཁྲ་ཅ་ཕྱེད་གླིང་།

ཨུ་རུ་སུའི་ཤར་མཐའི་ཁན་ཁྲ་ཅ་ཕྱེད་གླིང་ནི་ཡུལ་ལྗོངས་ཤིན་ཏུ་མཛེས་པའི་གནས་ཤིག་ཡིན། ཕྱེད་གླིང་སྟེང་གི་ཁན་ཁྲ་ཅ་མཚེའུ་སྲུང་སྐྱོབ་ཁུལ་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ། མེ་རིའི་མཛེས་ལྗོངས་དང་། སྣ་མང་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཡོད་པས་སྙན་གྲགས་གླིང་ལ་ཁྱབ།

རིགས་དབྱེ།  

ཆིན་ཀྲི་གླིང་ཕྲན་གྲོང་ཚོ།

ཆིན་ཀྲི་གླིང་ཕྲན་གྲོང་ཚོ་ནི་ཉི་ཧོང་ན་གནས་པའི་འཛམ་གླིང་སྟེང་ཆེས་ངོ་མཚར་བའི་གྲོང་ཚོ་ཞིག་ཡིན།

རིགས་དབྱེ།  

ཝ་ཁ་ཆི་ན་གྲོང་ཚོ།

ཝ་ཁ་ཆི་ན་གྲོང་ཚོ་ནི་ལྷོ་ཨ་མེ་རི་ཁ་གླིང་གི་ཨ་ཐ་ཁ་མ་བྱེ་ཐང་དུ་ཆགས་ཡོད་པའི་འཛམ་གླིང་སྟེང་ཆེས་ངོ་མཚར་བའི་གྲོང་ཚོ་ཞིག་ཡིན།

རིགས་དབྱེ།  

ཀེ་རི་སིའི་མོ་ནེ་མུའུ་ཝ་ཞ།

འཛམ་གླིང་སྟེང་ཆེས་ངོ་མཚར་བའི་གྲོང་ཚོ་ཞིག་ཡིན་ཏེ། ཀེ་རི་སིའི་མོ་ནེ་མུའུ་ཝ་ཞ་གླིང་ཕྲན་སྟེང་དུ་ཆགས་ཡོད།

རིགས་དབྱེ།  

པང་ཅ་ལའི་གཡང་གཟར་གྲོང་ཚོ།

པང་ཅ་ལའི་གཡང་གཟར་གྲོང་ཚོ་ནི་ཨ་ཧྥེ་རི་ཁ་མ་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་བའི་གནས་སུ་ཡོད་པའི་འཛམ་གླིང་སྟེང་ཆེས་ངོ་མཚར་བའི་གྲོང་ཚོ་ཞིག་ཡིན།

རིགས་དབྱེ།  

གྲངས་འཛིན་གནས་ལྗོངས།

གྲངས་འཛིན་གནས་ལྗོངས་ནི3Gབརྙན་མཐོང་ཞབས་ཞུ་བྱུང་བ་དང་བསྟུན་ནས་བྱུང་ཞིང་། དེ་ནི་ལྗོངས་རྒྱུའི་ས་ཁུལ་གྱི་དོ་དམ་མི་སྣས་རྒྱང་འཛིན་འཕྲུལ་ཆས་དང་ཡང་ན་ཁ་པར་སྤྱད་དེ་ལྗོངས་གནས་ཀྱི་ས་ཁུལ་ལ་བརྙན་མིག་བརྒྱུད་དེ་ལྟ་རྟོག་བྱེད་པ་དང་ལྗོངས་རྒྱུ་བར་རོགས་རམ་དང་ཞབས་ཞུ་བྱེད་ས་ཞིག་ཡིན་ཞིང་། དེ་ནི་སྲོལ་རྒྱུན་གྱི་དོ་དམ་བྱེད་ཐབས་ནས་གྲངས་འཛིན་དོ་དམ་བྱེད་ཐབས་ལས་བར་བརྒལ་གྱི་རྣམ་པ་དེའོ། །

རིགས་དབྱེ།  

ཀླུ་ནང་གྲོང་རྡལ་ཆུང་ངུ།

ཀླུ་ནང་ཡུལ་སྐོར་མཛེས་ལྗོངས་ཁུལ་ནི་རྒྱལ་ཁབ་རིམ་པའི4Aཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན་ཞིང་། ཀླུ་ནང་ལ་ཀླུའི་རྒྱལ་པོའི་འབྲུ་མཛོད་དང་ལྷའི་སྡོད་གནས་ཞེས་གྲགས་ལ། རང་བྱུང་གི་གསོ་རླུང་ལྡན་པ་དང་སྐྱེ་དངོས་ཀྱི་གཞི་རྒྱུའི་མཛོད་ཅེས་འབོད་སྲོལ་ཡོད།

རིགས་དབྱེ།  

པེ་ཅིང་གྲོང་ཁྱེར་གྱི་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་།

པེ་ཅིང་གྲོང་ཁྱེར་གྱི་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་ནི་དེ་སྔ་གོང་མའི་ཁྱིམ་རྒྱུད་ཀྱི་ཐའེ་མིའོ་ལྷ་ཁང་ཡིན་ཞིང་། མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོའི་ཁྲི་ལོ་བཅོ་བརྒྱད(1420ལོ)པར་བཙུགས་པ་དང་། མིང་ཅ་ཅིང་དང་ཝན་ལི། ཆིང་ཧྲུན་ཀྲི། ཆན་ལུང་བཅས་ཀྱི་སྐབས་སུ་ཞིག་གསོ་དང་བསྐྱར་བཟོ་བྱས་མྱོང་། མིང་དང་ཆིང་རྒྱལ་རབས་ཀྱི་བཀས་བཀོད་རྒྱུད་འཛིན་གྱི་གོང་མས་མེས་པོར་མཆོད་འབུལ་བྱེད་ས་ཡིན། བཅིང་འགྲོལ་བྱས་རྗེས་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་སྐུ་དངོས་སུ་ཆོག་མཆན་བཀོད་དེ། ཐའེ་མིའོ་ལྷ་ཁང་དེ་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་དུ་བསྒྱུར་ཏེ། པེ་ཅིང་གྲོང་ཁྱེར་སྤྱིའི་བཟོ་ཚོགས་དེ་བཟོ་བའི་རིག་གནས་ཀྱི་ཡུལ་དུ་སྤྲད་པ་དང་། སྤྱི་ལོ1950ལོའི་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཀྱི་སྐབས་སུ་དངོས་སུ་སྒོ་ཕྱེ་པས། བློ་མཐུན་ཀུའོ་མོ་རུའོ་ཡིས“དེ་སྔ་གོང་མའི་ལྷ་ཁང་དང་། དེང་སང་རིག་གནས་ཕོ་བྲང”ཞེས་པའི་སྙན་ངག་བརྩམས།

རིགས་དབྱེ།  

སྟོན་བསྡུའི་འོས་ལངས་ཀྱི་ཞིའུ་ཧྲུའེ་དྲན་གསོ་ཁང་།

ཞིའུ་ཧྲུའེ་རྫོང་ནི་ཅང་ཞི་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་དང་། ཧུའུ་ནན་དང་ཧུའུ་པེ། ཅང་ཞི་བཅས་ཀྱི་འབྲེལ་མཚམས་སུ་གནས་ཡོད། སྟོན་བསྡུའི་འོས་ལངས་ཀྱི་ཞིའུ་ཧྲུའེ་དྲན་གསོ་ཁང་དེ་ཞིའུ་ཧྲུའེ་རྫོང་མཁར་གྱི་ཁྱུང་ཆེན་ལམ་གྱི་སྒོ་རྟགས136པར་གནས་པ་དང་། སྟོན་བསྡུའི་འོས་ལངས་ཀྱི་ཆེད་དོན་རང་བཞིན་གྱི་དྲན་གསོ་ཁང་དུ་གཏོགས་ཤིང་། སའི་རྒྱ་ཁྱོན་སྨི་གྲུ་བཞི་མ3000ཟིན་པ་དང་། སྤྱི་ལོ1977ལོ་ནས་འཛུགས་བསྐྲུན་བྱེད་འགོ་བརྩམས། དྲན་གསོ་ཁང་གི་མཚོན་རྟགས་ནི་སྟོན་བསྡུའི་འོས་ལངས་སྐབས་ཀྱི་ཧྲི་པུའུ་ཡི་ཇུས་འདོན་པ་དང་བཟོ་ཞིང་གསར་བརྗེ་དམག་གི་དམག་དར་ཇུས་འགོད་པའི་གྲས་ཀྱི་དམག་མི། དེ་སྔའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཁྲང་ཀུང་གིས་བྲིས་ཤིང་། སྟོན་བསྡུའི་འོས་ལངས་ཀྱི་ཞིའུ་ཧྲུའེ་དྲན་གསོ་ཁང་དེ་སྤྱི་ལོ1977ལོར་བསྐྲུན་འགོ་ཚུགས་པ་དང་། སྔ་རྗེས་སུ་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་གུང་ཅང་ཞི་ཞིང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིའི་མཚན་མིང་སྤྲད་པ་རེད།

རིགས་དབྱེ།  

གསར་བརྗེའི་སྤྱི་གླིང་།

ཞི་ཨན་གསར་བརྗེའི་སྤྱི་གླིང་དེ་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ནུབ་ལྔ་ལམ་གྱི་ཤར་འདབས་སུ་གནས་ཤིང་། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཁག་དང་། “ཏང་གི་ལོ་རྒྱུས་སློབ་གསོའི་རྟེན་གཞི”དང“ཞི་ཨན་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”བཅས་ཡིན། གསར་བརྗེའི་སྤྱི་གླིང་འདི་ནི་སྤྱི་ལོ1927ལོའི་ཟླ3པར་བཙུགས་ཤིང་། བྱང་འདུལ་དམག་འཁྲུག་སྔ་རོལ་གྱི་ཧྲན་ཞི་རྒྱལ་དམངས་དམག་གིས་ཞི་ཨན་བརྟན་སྲུང་བྱེད་པའི་ཆེད་དུ་རྐྱེན་ལམ་དུ་ཤོར་བའི་དམག་མིར་དྲན་གསོ་ཞུ་ཆེད་བསྐྲུན་པ་རེད།

རིགས་དབྱེ།  

ཁ་ན་ཏའི་རྒྱལ་ཁབ་བརྙན་འཕྲིན་མཆོད་རྟེན།

ཁ་ན་ཏའི་རྒྱལ་ཁབ་བརྙན་འཕྲིན་མཆོད་རྟེན(the CN Tower)གྱི་མིང་གཞན་ལ་ཁ་ན་ཏའི་རྒྱལ་ཁབ་མཆོད་རྟེན་དང་ཡང་ན་ཞི་ཨེན་མཆོད་རྟེན་ཡང་ཟེར་ལ། ཁ་ན་ཏའི་ཨན་ཏ་ལུའེ་ཞིང་ཆེན་གྱི་ཏུའོ་ལུན་ཏུའོ་རུ་ཆགས་ཡོད། སྤྱི་ལོ1995ལོར་ཨ་རིའི་ཨར་ལས་བཟོ་སྐྲུན་མཐུན་ཚོགས(American Society of Civil Engineers)ཀྱིས་འཛམ་གླིང་གི་ངོ་མཚར་ཆེ་བའི་བཟོ་སྐྲུན་ཆེན་པོ་བདུན་གྱི་གྲས་སུ་བཅུག་པ་དང་། དུས་མཚུངས་སུ་འཛམ་གླིང་གི་གྲགས་ཅན་མཆོད་རྟེན་མནའ་འབྲེལ(World Federation of Great Towers)གྱི་ཁོངས་གཏོགས་ཀྱང་ཡིན།

རིགས་དབྱེ།  

པེ་ཅིང་ཡུང་ཨན་ཟམ་པ།

ཡུང་ཨན་ཟམ་པ་དེ་རྒྱལ་ནང་གི་ས་ཆ་མང་པོར་ཡོད་དེ། དཔེར་ན་པེ་ཅིང་ཡུང་ཨན་ཟམ་པ་དང་ཧྲེན་དབྱང་ཡུང་ཨན་ཟམ་པ། ཅའོ་ཅང་ཡུང་ཨན་ཟམ་པ། ཅིང་ཉིང་ཡུང་ཨན་ཟམ་པ། ཉིང་ཏེ་ཡུང་ཨན་ཟམ་པ། ཧྲོའུ་ཉིང་རྫོང་རུང་ཞི་ཞང་ཡུང་ཨན་ཟམ་པ། མུའུ་ཅིང་ཀུའུ་གྲོང་རྡལ་གྱི་ཡུང་ཨན་ཟམ་པ་སོགས་ཡིན།

རིགས་དབྱེ།