པའོ་ཐུའུ་ཆུ་མིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པའོ་ཐུའུ་ཆུ་མིག
ཧྲན་ཏུང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅི་ནན་ལ་ཆུ་མིག་གྲོང་ཁྱེར་ཞེས་འབོད། གྲོང་ཁྱེར་འདིར་མིང་གྲགས་ཆེ་བའི་ཆུ་མིག72ཡོད་པས་མིང་དེ་ལྟར་ཐོགས། དེ་དག་ལས་ཆེས་མིང་གྲགས་ཆེ་བ་ནི་ཆུ་མིག་ཀྲིན་ཀྲུའུ་ཆུ་མིག་དང་། ཧའེ་ཧུའུ་ཆུ་མིག ཅིན་ཞན་ཆུ་མིག པའོ་ཐུའུ་ཆུ་མིག་བཅས་ཡིན། པའོ་ཐུའུ་ཆུ་མིག་ནི་ཆུ་མིག་འདི་དག་ལས་ཨང་རིམ་དང་པོར་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
趵突泉
ཕྱི་ཡིག་གི་མིང་།
Baotu Spring
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་གྲོང་ཁྱེར།
ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར།
གནམ་གཤིས།
དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླ།
གནས་ཡུལ།
ཅི་ནན་པའོ་ཐུའུ་ཆུ་མིག་སྤྱི་གླིང་།
ས་གནས།
ཅི་ནན་གྲོང་ཁྱེར་ལི་ཞ་ཁུལ་པའོ་ཐུའུ་ལྷོ་ལམ་ཨང་རྟགས1
རྒྱ་ཁྱོན།
མུའུ158
རིང་ཚད།
སྤྱི་ཁྲེ30
ཞེང་ཚད།
སྤྱི་ཁྲེ20
མཚན་སྙན།
གནམ་འོག་གི་ཆུ་མིག་ཨང་དང་པོ། ཅི་ནན་གྱི་ཆུ་མིག་དོན་གཉིས་གྲས་ཀྱི་ཨང་དང་པོ།
མཛེས་ལྗོངས་རིམ་ཚད།
རིམ་ཚདAAAAA
མཛེས་ལྗོངས་གྲགས་ཅན།
ཀོན་ལན་ཐིང་། ལི་ཁུའུ་ཧྲན་དྲན་རྟེན་ཁང་།
1 ངོ་སྤྲོད།

ཧྲན་ཏུང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅི་ནན་ལ་ཆུ་མིག་གྲོང་ཁྱེར་ཞེས་འབོད། གྲོང་ཁྱེར་འདིར་མིང་གྲགས་ཆེ་བའི་ཆུ་མིག72ཡོད་པས་མིང་དེ་ལྟར་ཐོགས། དེ་དག་ལས་ཆེས་མིང་གྲགས་ཆེ་བ་ནི་ཆུ་མིག་ཀྲིན་ཀྲུའུ་ཆུ་མིག་དང་། ཧའེ་ཧུའུ་ཆུ་མིག  ཅིན་ཞན་ཆུ་མིག  པའོ་ཐུའུ་ཆུ་མིག་བཅས་ཡིན། པའོ་ཐུའུ་ཆུ་མིག་ནི་ཆུ་མིག་འདི་དག་ལས་ཨང་རིམ་དང་པོར་གཏོགས། གོ་ཐོས་ལ་གོང་མ་ཆན་ལུང་འབྲི་ཆུའི་ལྷོ་རྒྱུད་དུ་ཕེབས་དུས། བཏུང་བྱར་རྒྱལ་ས་པེ་ཅིན་གྱི་ཡུ་ཆོན་ཆུ་མིག་གི་ཆུ་ཁྱེར་ནས་ཡོང་ཡོད་མོད། འོན་ཀྱང་གྲོང་ཁྱེར་ཅི་ནན་གྱི་པའོ་ཐུའུ་ཆུ་མིག་གི་ཆུ་འཐུངས་རྗེས་སུ་འཕྲལ་དུ་པའོ་ཐུའུ་ཆུ་མིག་གི་ཆུ་དགོས་པའི་བཀའ་ཕབ། ད་དུང་ཆུ་མིག་པའོ་ཐུའུ་ཆུ་མིག་ལ་གནམ་འོག་གི་ཆུ་མིག་ཆེས་ཆེ་ཤོས་ཞེས་པའི་མཚན་བྱང་བསྩལ།  

2 མཛེས་ལྗོངས།  

པའོ་ཐུའུ་ཆུ་མིག་ནི་གྲོང་ཁྱེར་ཅི་ནན་གྱི་མཛེས་ལྗོངས་གྲགས་ཅན་གསུམ་ཡོད་པའི་ཁྲོད་ཀྱི་གཅིག་ཡིན་ཞིང་། ཆུ་མིག་འདི་ནི་གྲོང་ཁྱེར་ཅི་ནན་གྱི་པའོ་ཐུའུ་ཆུ་མིག་སྤྱི་གླིང་དུ་ཡོད་པ་དང་། ཆུ་རྫིང་གི་ཤར་ནུབ་ཀྱི་རིང་ཚད་ལ་སྨི་སུམ་ཅུ་དང་། ལྷོ་བྱང་གི་ཞེང་ཚད་ལ་སྨི་ཉི་ཤུ་ཡོད། ཆུ་མིག་གི་རྒྱུན་ནི་ས་འོག་གི་རྡོ་ཐལ་བྲག་རྡོའི་སྲུབས་ཀ་གསུམ་ལས་ཐོན་ཞིང་། ཆུ་ཕྱིར་ཐོན་ཚད་ཉིན་གཅིག་ལ་ཧ་ལམ་སྨི་གྲུ་བཞི་ཁྲི་ཉེར་བཞི་ལྷག་ཡིན། པའོ་ཐུའུ་ཆུ་མིག་གི་ཆུ་རྒྱུན་དྭངས་ཤིང་གཙང་ལ་མངར་བ་དང་། ཆུ་མིག་གི་ཕྱོགས་བཞིར་རྡོའི་ལན་ཀན་གྱིས་བསྐོར་ཅིང་། སྤྲོ་གསེང་ལ་ཡོང་མཁན་དག་གིས་རྐེད་པ་སྒུར་ཏེ་རྫིང་བུའི་ཁྲོད་ཀྱི་ཆུ་མིག་གསུམ་ཕྱིར་འཕྱུར་བའི་ངོ་མཚར་གྱི་ལྗོངས་རྣམ་ལ་བལྟས་ཆོག པའོ་ཐུའུ་ཆུ་མིག་དང་ཉེ་འགྲམ་གྱི་ཆུ་མིག་ཅིན་ཞན་ཆུ་མིག ཧྲུའུ་ཡེ་ཆུ་མིག་སོགས་མིང་གྲགས་ཆེ་བའི་ཆུ་མིག་སུམ་ཅུ་ལྷག་གིས་པའོ་ཐུའུ་ཆུ་མིག་གི་ཚོགས་པ་དེ་གྲུབ་པ་རེད། པའོ་ཐུའུ་ཆུ་མིག་སྤྱི་གླིང་ནི་སྤྱི་ལོ1956ལོར་བསྐྲུན་ཞིང་འཐུས་ཚབ་རང་བཞིན་ལྡན་པའི་རི་ཆུའི་གླིང་ཀ་ཞིག་ཡིན། ཅི་ནན་གྱི་ཟླ་བདུན་པ་དང་བརྒྱད་པ་ནི་ཆར་དུས་ཡིན་ཞིང་། ཆར་འབབ་ཚད་ལོ་ཧྲིལ་བོའི་ཕྱེད་ཀ་ལྷག་ཟིན་པ་དང་། ཆར་དུས་ཕར་ཡོལ་བ་ན་ས་འོག་གི་ཆུ་ཆེས་ཕུན་སུམ་ཚོགས་པའི་དུས་ཡིན་པས། སྟོན་ཁ་ནི་གནས་འདིར་ལྗོངས་རྒྱུ་བྱེད་པའི་དུས་ཚིགས་བཟང་ཤོས་ཡིན།  

གྲོང་ཁྱེར་ཅི་ནན་དུ་ཆུ་མིག་འདི་ལྟ་བུ་མང་བོ་ཡོད་དོན་ཅི་ཡིན་ཞེ་ན། མ་གཞིར་གནས་འདི་ཡི་མཐའ་བསྐོར་གྱི་རི་ཁུལ་གཙོ་བོ་ནི་རྡོ་ཐལ་བྲག་རྡོས་གྲུབ་པ་རེད། རྡོ་ཐལ་བྲག་རྡོའི་གྲུབ་ཚུལ་ཧ་ཅང་ཞིབ་ཚགས་མིན་ཞིང་། བྲག་དཀྱིལ་དུ་བར་སྟོང་དང་སྲུབས་ཀ་ཡོད་པ་དང་། བྲག་ཁུང་ཡོད་པས་ས་འོག་གི་ཆུ་གསོག་འཇོག་དང་ཕྱིར་འདོན་བྱེད་ཐུབ་པ་ཡིན། འདི་ལྟར་ས་འོག་གི་ཆུ་མང་བོ་ཞིག་ཅི་ནན་དུ་བཞུར་བ་རེད། འོན་ཀྱང་ཅི་ནན་གྱི་ས་འོག་གི་རྡོ་ཞུན་བྲག་རྡོའི་གྲུབ་ཚུལ་ཤིན་ཏུ་ཚགས་དམ་པོ་ཡིན་པ་དང་། ས་འོག་གི་ཆུ་རྒྱུན་རྡོ་ཞུན་རྡོར་འཕྲད་དུས་བཀག་འགོག་ཐེབས་ཏེ་བཞུར་མ་ཐུབ་པས། ས་འོག་གི་ཆུ་རྒྱུན་དག་ས་འོག་གི་བྲག་རྡོའི་སྲུབས་ཀ་ལས་ས་ངོས་སུ་འཕྱུར་ཞིང་། དྭངས་ཤིང་གཙང་བའི་ཆུ་མིག་ཏུ་གྲུབ་པ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-31

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།