ཡོངས་འཛིན་རིག་མཛོད། >འཚོ་བ། >གནས་སྐོར། >གཞན་དག

ཏུའུ་ཕུའུ་གནས་རྙིང་།

ཏུའུ་ཕུའུ་གནས་རྙིང་ནི་ཀྲུང་གོའི་ཐང་རྒྱལ་རབས་ཀྱི་སྙན་ངག་པ་ཆེན་པོ་ཏུའུ་ཕུའུ་ཁྲེང་ཏུའུ་རུ་བཞུགས་སྐབས་ཀྱི་བཞུགས་གནས་རྙིང་པ་ཞིག་ཡིན་པ་དང་། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཆིང་དབྱང་ཆུས་ཆིང་ཧྭ་ལམ་གྱི་སྒོ་རྟགས37པར་གནས་ཡོད། ཏུའུ་ཕུའུ་སྔ་རྗེས་སུ་དེ་གར་ལོ་བཞི་ཙམ་བསྡད་པ་དང་སྙན་ངག་ཁག240ལྷག་ཙམ་བརྩམས་ཡོད། ཐང་རྒྱལ་རབས་ཀྱི་དུས་མཇུག་གི་སྙན་ངག་པ་ཝེ་ཀྲོང་གིས་རྩྭ་ཁང་གི་རྗེས་ཤུལ་བཙལ་ནས་རྩྭ་ཁང་བསྐྱར་བཞེངས་བྱས་ཏེ་ཉར་ཚགས་བྱེད་ཐུབ་པ་བྱུང་། སུང་ཡོན་མིང་ཆིང་རྒྱལ་རབས་ཀྱི་རྒྱལ་རབས་རིམ་བྱུང་ཚང་མར་ཞིག་གསོ་དང་རྒྱ་བསྐྱེད་བྱས་ཡོད། སྤྱི་ལོ1955ལོར་ཏུའུ་ཧྥུ་དྲན་གསོ་ཁང་བཙུགས་པ་དང་། སྤྱི་ལོ1985ལོར་ཁྲེང་ཏུའུ་ཕུའུ་གནས་རྙིང་རྟེན་རྫས་བཤམས་མཛོད་ཁང་ཞེས་པར་མིང་བསྒྱུར། སྤྱི་ལོ1961ལོའི་ཟླ3པའི་ཚེས4ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཁག་དང་པོར་ཁྱབ་བསྒྲགས་བྱས།

རིགས་དབྱེ།  

རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར།

“རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར”ནི་སྤྱི་བདེ་པུའུ་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུའུ་ཡིས་སྤྱི་ལོ2018ལོའི་ཟླ4པའི་ཚེས18ཉིན་ཁྱབ་བསྒྲགས་བྱས་པའི་ཧའེ་ནན་ཞིང་ཆེན་དུ་རྒྱལ་ཁབ59ཡི་མི་སྣ་རྒྱལ་ཁོངས་སུ་སྐོར་དུ་ཡོང་བར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཤིག་ཡིན་པ་དང་། དེའི་མིང་ཆ་ཚང་ལ“རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་ལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས”ཞེས་བརྗོད་ཀྱི་ཡོད། སྤྱི་ལོ2018ལོའི་ཟླ5ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།

རིགས་དབྱེ།  

སྐྱེ་ཁམས་ཡུལ་སྐོར་ཐོན་རྫས།

སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་ཞེས་པ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་པ་རྨང་གཞིར་བྱས་ནས་སྤེལ་བའི་ཡུལ་སྐོར་བྱེད་སྒོར་ཟེར། དེའི་བྱེད་པོ་ནི་ཁོར་ཡུག་སྲུང་སྐྱོབ་ལ་སེམས་ཁུར་དང་རང་བྱུང་ཁམས་སུ་ཕྱིར་ལོག་པར་བརྩོན་ལེན་བྱེད་པ་མ་ཟད། ཡུལ་སྐོར་བྱ་ཡུལ་གྱི་སྐྱེ་ཁམས་གནས་ཚུལ་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཤེས་རྟོགས་བྱེད་འདོད་ཡོད་པའི་ཡུལ་སྐོར་བ་དེ་དག་ཡིན། སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་ནི་དུས་རབས20པའི་ལོ་རབས70པ་ནས་འགོ་བརྩམས་པ་དང་། དུས་རབས20པའི་ལོ་རབས90པར་སླེབས་རྗེས་འཕེལ་རྒྱས་མགྱོགས་པོ་བྱུང་བའི་གསར་དར་ཡུལ་སྐོར་ཐོན་རྫས་ཤིག་ཡིན། དེའི་ཁྱད་ཆོས་གཙོ་བོ་ནི་ཤེས་བྱའི་རང་བཞིན་གྱི་བླང་བྱ་ཅུང་མཐོ་བ་དང་། ཉམས་ལེན་རང་བཞིན་ཆེ་བ། འགྲུལ་ཁུངས་ཁྲོམ་ར་རྒྱ་ཆེ་བ། ཞིབ་ཕྲའི་ཁྲོམ་ར་མང་བ་བཅས(དཔེར་ན་ནགས་ཚལ་ཡུལ་སྐོར་དང་། ཞིང་ལས་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར། བྱེས་སྡོད་ཡུལ་སྐོར། མྱུལ་དཔྱད་ཡུལ་སྐོར། དམངས་སྲོལ་ཡུལ་སྐོར། ཁོར་ཡུག་སྲུང་སྐྱོབ་ཀྱི་ཚན་རིག་ཁྱབ་གདལ་ཡུལ་སྐོར་སོགས་ཚང་མ་སྐྱེ་ཁམས་ཡུལ་སྐོར་གྱི་ཁྱབ་ཁོངས་ནང་འཇུག་ཆོག)ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་ནི་དུས་རབས21པའི་འཛམ་གླིང་ཡུལ་སྐོར་ཐོན་རྫས་འཕེལ་རྒྱས་ཀྱི་གཙོ་རྒྱུན་ཡིན་པས་འཕེལ་རྒྱས་ཀྱི་མདུན་ལམ་དང་མི་མངོན་པའི་སྟོབས་ཤུགས་བཟང་པོ་ལྡན།

རིགས་དབྱེ།  

གྲོང་གསེབ་ཀྱི་སྤྲོ་གསེང་གནས་སྐོར་ལས་རིགས།

གྲོང་གསེབ་ཀྱི་སྤྲོ་གསེང་གནས་སྐོར་ལས་རིགས་ནི་ཞིང་ལས་དང་གནས་སྐོར་ལས་རིགས་སྦྲེལ་ནས། ཞིང་གྲོང་གི་མཛེས་ལྗོངས་དང་ཞིང་གྲོང་གི་ཡུལ་འཁོད་ལ་བརྟེན་ནས་ལྟ་སྐོར་དང་། འཁྱམས་བཞུད། རོལ་མྱོང་། སྤྲོ་གསེང་། མྱོང་རོལ། འདེམ་ཉོ་བཅས་ཡོང་བའི་ཞིང་ལས་གཉེར་སྐྱོང་རྣམ་པ་གསར་པ་ཞིག་ཡིན་པ་དང་། ཞིང་ལས་དང་ནགས་ལས། ཕྱུགས་ལས་དང་ཉ་ལས་སོགས་ཞིང་ལས་ཐོན་ཁུངས་རྨང་གཞིར་བཟུང་ནས་གནས་སྐོར་ཐོན་རྫས་གསར་སྤེལ་བྱེད་པ་མ་ཟད། གནས་སྐོར་པ་ལ་འབྲེལ་ཡོད་ཞབས་ཞུ་འདོན་པའི་ལས་རིགས་ཀྱི་སྤྱི་མིང་ཡིན་ལ། ཞིང་གྲོང་གི་ལྟད་མོ་དང་ཞིང་ལས་ཀྱི་གནས་སྐོར། ཞིང་ལས་སྤྲོ་གསེང་དང་གྲོང་གསེབ་གནས་སྐོར་སོགས་ལའང་གོ་བ་ཡིན།

རིགས་དབྱེ།  

གྲོང་གསེབ་ཀྱི་དམངས་སྲོལ་རིག་གནས་མཛེས་ལྗོངས་གནས་སྐོར་ཐོན་ཁུངས།

གྲོང་གསེབ་ཀྱི་དམངས་སྲོལ་རིག་གནས་མཛེས་ལྗོངས་གནས་སྐོར་ཐོན་ཁུངས་ནི་ཡུལ་སྲོལ་དམངས་གཤིས་ནས་དམིགས་བསལ་ཡུལ་ཁོངས་ཀྱི་ཡུལ་མིའི་འཚོ་བའི་གོམས་གཤིས་དང་ཡུལ་སྲོལ་གོམས་གཤིས་མཚོན་ལ། གྲོང་གསེབ་དམངས་སྲོལ་རིག་གནས་ཡུན་རིང་བསགས་པའི་གྲུབ་འབྲས་ཞིག་ཡིན།

རིགས་དབྱེ།  

རྒྱུན་མཐོང་གྲོང་གསེབ་ཀྱི་སྤྲོ་གསེང་གནས་སྐོར་ལས་རིགས་རྣམ་གྲངས།

རྒྱུན་མཐོང་གྲོང་གསེབ་ཀྱི་སྤྲོ་གསེང་གནས་སྐོར་ལས་རིགས་རྣམ་གྲངས་ནི་གྲོང་གསེབ་ཀྱི་ཡུལ་འཁོད་ས་ཁམས་ཀྱི་ཆགས་གནས་མི་འདྲ་བ་དང་། རང་བྱུང་ས་ཁམས་ཀྱི་ཁོར་ཡུག་སོགས་ལས་གྲུབ་པ་ཡིན།

རིགས་དབྱེ།