མཚོ་མང་སྒང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་མང་སྒང་།
མཚོ་མང་སྒང་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་ལི་ཐང་རྫོང་དང་འདབ་པ་རྫོང་གི་བར་དུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3400ལྷག་ཡོད་པ་དང་། སྐྱེ་ཁམས་རྣམ་པའི་ཐད་གྲང་རྒྱུད་ཕལ་བའི་བཞའ་རློན་ཅན་གྱི་རི་མཐོ་འདྲེས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海子山
ཕྱི་ཡིག་གི་མིང་།
Haizi mountain
མཚོ་འཕགས།
སྨི4500
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3287
གནམ་གཤིས།
མཐོ་སྒང་ནམ་ཟླ།
གནས་ཡུལ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལི་ཐང་རྫོང་དང་འདབ་པ་རྫོང་།
1 ངོ་སྤྲོད།

མཚོ་མང་སྒང་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་ལི་ཐང་རྫོང་དང་འདབ་པ་རྫོང་གི་བར་དུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3400ལྷག་ཡོད་པ་དང་། སྐྱེ་ཁམས་རྣམ་པའི་ཐད་གྲང་རྒྱུད་ཕལ་བའི་བཞའ་རློན་ཅན་གྱི་རི་མཐོ་འདྲེས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན། སའི་སྒྲིག་གཞི་སྟབས་བདེ་ཡིན་ལ། ས་རྒྱུད་གཅིག་མ་གཏོགས་མེད་པ་དང་ས་གནས་དེའི་རང་བྱུང་རིན་ཐང་གིས་ཡུལ་སྐོར་བྱེད་མཁན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད་པ་ཡིན། 

2 རང་བྱུང་རིན་ཐང་།

མཚོ་མང་སྒང་གི་རང་བྱུང་རིན་ཐང་གིས་ཡུལ་སྐོར་བ་རྣམས་ཀྱི་ཡིད་དབང་འཕྲོག་པའི་ནུས་པ་གཙོ་བོ། གཅིག དུས་བཞི་པའི་འཁྱགས་ཀླུང་གི་བྱེད་ནུས་ལས་ཤུལ་བཞག་བྱས་པའི་འཛེང་རྡོའི་རྡོ་རིལ་ཆེན་པོ་རྒྱ་ཁྱོན་ཆེན་པོར་ཁྱབ་ནས། རྡོའི་མཚེའུ་དང་། རྡོའི་ཆུ་བོ་ཆགས་ཡོད། དེ་ནི་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་སུ་ཆེས་ཆེ་བའི་དཔེ་མཚོན་ལྡན་པའི་འཁྱགས་ཞྭ་ཡིན། གཉིས། ས་ཁུལ་ནང་དུ་མཚེའུ་ཆེ་ཆུང1145ལྷག་ཡོད་ཅིང་། རྒྱལ་ཡོངས་སུ་གྲངས་ཀ་ཆེས་མང་ཞིང་འདུས་ཚད་ཆེས་ཆེ་བའི་རི་མཐོའི་མཚེའུ་ས་ཁུལ་ཡིན། དེ་མིན་ད་དུང་རི་བོང་རྣ་ཅོའི་རི་རྩེ་དང་། མཆོད་རྟེན་དབྱིབས་ཅན་གྱི་ལྕེ། རྣ་བ། བྱ་ཝང་དཀར་པོ་སོགས་ཡོད་ལ། འདྲ་མིན་རི་རྩེ་དང་མེ་ཏོག་ངོ་མཚར་ཅན། དཀོན་ཞིང་རྩ་ཆེ་བའི་སྲོག་ཆགས། གནམ་དང་མི་གོང་བུ་གཅིག་གྱུར་གྱི་སྤང་ཕུ་དགོན་པ་བཅས་ཡོད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-11

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།