པེ་ཅིང་ཡུང་ཨན་ཟམ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པེ་ཅིང་ཡུང་ཨན་ཟམ་པ།
ཡུང་ཨན་ཟམ་པ་དེ་རྒྱལ་ནང་གི་ས་ཆ་མང་པོར་ཡོད་དེ། དཔེར་ན་པེ་ཅིང་ཡུང་ཨན་ཟམ་པ་དང་ཧྲེན་དབྱང་ཡུང་ཨན་ཟམ་པ། ཅའོ་ཅང་ཡུང་ཨན་ཟམ་པ། ཅིང་ཉིང་ཡུང་ཨན་ཟམ་པ། ཉིང་ཏེ་ཡུང་ཨན་ཟམ་པ། ཧྲོའུ་ཉིང་རྫོང་རུང་ཞི་ཞང་ཡུང་ཨན་ཟམ་པ། མུའུ་ཅིང་ཀུའུ་གྲོང་རྡལ་གྱི་ཡུང་ཨན་ཟམ་པ་སོགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
北京永安桥
སྔོན་ལུས།
ཡོན་རྒྱལ་རབས་སྐབས་ཀྱི་ཤིང་ཟམ་ཞིག
ས་གནས།
པེ་ཅིང་གྲོང་ཁྱེར་པེ་ཧའེ་སྤྱི་གླིང་།
རིང་ཚད།
སྨི85
1 ​ངོ་སྤྲོད་མདོར་བསྡུས།

ཡུང་ཨན་ཟམ་པ་དེ་རྒྱལ་ནང་གི་ས་ཆ་མང་པོར་ཡོད་པ་དཔེར་ན། པེ་ཅིང་ཡུང་ཨན་ཟམ་པ་དང་ཧྲེན་དབྱང་ཡུང་ཨན་ཟམ་པ། ཅའོ་ཅང་ཡུང་ཨན་ཟམ་པ། ཅིང་ཉིང་ཡུང་ཨན་ཟམ་པ། ཉིང་ཏེ་ཡུང་ཨན་ཟམ་པ། ཧྲོའུ་ཉིང་རྫོང་རུང་ཞི་ཞང་ཡུང་ཨན་ཟམ་པ། མུའུ་ཅིང་ཀུའུ་གྲོང་རྡལ་གྱི་ཡུང་ཨན་ཟམ་པ་སོགས་རེད། 

2 པེ་ཅིང་ཡུང་ཨན་ཟམ་པ།

ཡུང་ཨན་ཟམ་པ་ནི་པེ་ཅིང་གྲོང་ཁྱེར་པེ་ཧའེ་སྤྱི་གླིང་གི་ཁོངས་སུ་གནས་ཤིང་། ཟམ་པ་དེའི་སྔོན་ལུས་ནི་ཡོན་རྒྱལ་རབས་ཀྱི་ཤིང་ཟམ་ཞིག་ཡིན་པ་དང་། མིང་རྒྱལ་རབས་ཀྱི་སྐབས་སུ“ཐའེ་ཡེ་ཟམ་པ”སྟེ་ཆན་ལུང་ལོ་བརྒྱད་པའི་དུས་སུ། ཀྱག་ཀྱོག་གསུམ་དང་ཁུང་གསུམ་གཞུ་དབྱིབས་ཅན་གྱི་རྡོ་ཟམ་ཞིག་དུ་གསར་བསྐྲུན་བྱས་ཤིང་གཞོགས་གཉིས་སུ་ཀ་གདུང48ཡོད། སྤྱི་ལོ1979ལོར་ཡུང་ཨན་ཟམ་པ་ཁྱོན་ཡོངས་ནས་བཟོ་བཅོས་དང་སྲ་བརྟན་དུ་བཏང་སྟེ། ཟམ་ངོས་ཚང་མ་གསར་བསྒྱུར་བྱས་པ་མ་ཟད། དབྱིབས་ལྟ་ཀ་བ་དང་ལོ་མ་པད་མའི་རི་མོའི་སྒྲོམ་སྐྱོར་པང་ལེབ88གསར་དུ་སྒྲིག་སྦྱོར་བྱས་ཡོད།      

ཟམ་པ་དེ་བསྐྲུན་རྗེས་ཐའེ་ཡེ་མཚེའུ་ལྷོ་ངོགས་དང་ཆུང་ཧྭ་གླིང་ཕྲན་གཉིས་སྦྲེལ་མཐུད་ཐུབ་པར་མ་ཟད། ཆུ་གསུམ་ཟམ་པ་སྤྱད་དེ་ལྷོ་ངོགས་ཀྱི་ཐོན་ཁྲེང་གི་མཁར་སྒོ་དང་ཆུང་ཏའོ་གླིང་ཕྲན་ཐོག་གི་ཡུང་ཨན་དགོན་པའི་ཕྱི་སྒོ་གཉིས་ཀྱང་ངོ་མཚར་ཆེ་བའི་ངང་སྦྲེལ་མཐུད་བྱས་ཡོད་པའི་དབང་གིས། སྤྱི་གླིང་དུ་སླེབས་རྗེས་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱི་ལམ་ཐིག་དང་པོ་གྲུབ་ཅིང་། ཡུལ་སྐོར་བ་ཚོ་སླེབས་མ་ཐག་མྱུར་དུ་པར་བླངས་ཏེ་དྲན་རྟེན་དུ་འཇོག་པའི་ཚབ་མཚོན་རང་བཞིན་གྱི་མཛེས་ལྗོངས་ཁུལ་དུ་གྱུར་ཡོད། 

3 ལོ་རྒྱུས་ཀྱི་འབྱུང་ཁུངས།

ཡུང་ཨན་ཟམ་པའི་སྔོན་ལུས་ནི་ཤིང་ཟམ་ཞིག་ཡིན་ཞིང་། དེ་ནི་ཡོན་རྒྱལ་རབས་སྐབས་ཏེ་སྤྱི་ལོ1266ལོར་བཙུགས་པ་དང་། སྐབས་དེར་ཟམ་པའི་སྣེ་གཉིས་སུ་རྡོ་ཆས་ཀྱིས་བརྒྱན་པའི་སྲུང་ངོགས་བརྩིགས་པ་དང་། དཀྱིལ་དུ་ཤིང་གི་ལན་ཀན་བཏིང་སྟེ་ཁུང་རྐྱང་ཤིང་ཟམ་དུ་གྱུར་པ་རེད། མིང་རྒྱལ་རབས་ཀྱི་དུས་སུ་ཟམ་པར་ཐའེ་ཡེ་ཟམ་པ་ཞེས་འབོད།      

ཆིང་རྒྱལ་རབས་ཀྱི་གོང་མ་ཧྲོན་ཀྲིའི་དུས་སུ་ཡུང་ཨན་དགོན་བཙུགས་པ་དང་། གོང་མ་ཆན་ལུང་གི་དུས་སུ་ཡུང་ཨན་ཟམ་པ་བཙུགས། 《པེ་ཧའེ་ཅིང་ཧྲན་སྤྱི་གླིང་གི་ལོ་རྒྱུས》ནང་དུ“ཆན་ལུང་ལོ་བརྒྱད་པ(སྤྱི་ལོ1743)ཟླ3པའི་ཚེས10ཉིན་ཡུན་ཅི་ཚུའེ་ཟམ་པ་བཤིག་སྟེ་རྡོ་ཟམ་ཞིག་བཞེངས་ཤིང་། ཀྱག་ཀྱོག་གསུམ་དང་ཁུང་གསུམ་གཞུ་དབྱིབས་ཅན་གྱི་རྡོ་ཟམ་ཞིག་དུ་གསར་བསྐྲུན་བྱས་ཤིང་གཞོགས་གཉིས་སུ་ཀ་གདུང48ཡོད། ཟམ་པའི་རིང་ཚད་ལ་སྨི85དང་ཞེང་ལ་སྨི7.6 དེའི་ཨར་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ709ཡོད་པར་མ་ཟད། ཟམ་པའི་ལྷོ་ངོས་སུ“བསྟོད་སྤྲིན་”ཡོད་པ་དང་། བྱང་ངོས་སུ“ལྗང་བརྩེགས”ཅན་གྱི་ཁང་བ་གཉིས་ཡོད། དེར་བརྟེན་ཟམ་པ་དེའི་མིང་ལ“བསྟོད་སྤྲིན་ལྗང་བརྩེགས་ཟམ་པ་”ཞེས་འབོད་ཀྱི་ཡོད་མོད། འོན་ཀྱང་ཟམ་པའི་མིང་དེ་བེད་སྤྱོད་བཏང་ན་སྤྱིའི་ཚོར་སྣང་མང་ཞིང་། ཟམ་པ་དེ་ཡུང་ཨན་དགོན་པའི་ལྷོ་ངོས་སུ་ཡོད་པས་ཡུང་ཨན་ཟམ་པ་ཞེས་འབོད་ཀྱིན་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། གནས་སྐོར། ལྗོངས་རྒྱུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།