ཝུའུ་ལིང་ཡོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝུའུ་ལིང་ཡོན།
ཧུའུ་ནན་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ་དུ་རི་ཆུའི་སྒྱུ་རྩལ་གྱི་བར་ཁྱམས་རིང་བོར་གྲགས་པའི་གནས་ཤིག་ཡོད་དེ། དེ་ནི་མིང་གྲགས་ཆེ་བའི་ཝུའུ་ལིང་ཡོན་མཛེས་ལྗོངས་ས་ཁུལ་ཡིན། ཝུའུ་ལིང་ཡོན་མཛེས་ལྗོངས་ས་ཁུལ་ནི་ཀྲང་ཅ་ཅེ་ནགས་ཚལ་སྤྱི་གླིང་དང་སུའོ་ཞི་ཡུས་རང་བྱུང་སྲུང་སྐྱོབ་ཁུལ། ཐན་ཙི་ཧྲན་རི་བོའི་རང་བྱུང་སྲུང་སྐྱོབ་ཁུལ་གསུམ་གྱིས་གྲུབ་པའི་སྤྱི་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武陵源
གནམ་གཤིས།
ཡ་དབུས་དྲོད་ཁུལ་རིའི་གདོད་དབྱིབས་དུས་རླུང་རང་བཞིན་གྱི་བརླན་གཤེར་ནམ་ཟླ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ500
མཛེས་ལྗོངས་རིམ་ཚད།
རིམ་ཚད AAAAA
ཁོངས་གཏོགས་གྲོང་ཁྱེར།
ཧུའུ་ནན་ཞིང་ཆེན་ཀྲང་ཅ་ཅེ་གྲོང་ཁྱེར།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
མཛེས་ལྗོངས་གྲགས་ཆེན།
ཀྲང་ཅ་ཅེ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།
ཡུལ་སྐོར་དུས་ཚིགས།
ཟླ4དང10
1 ངོ་སྤྲོད།

ཧུའུ་ནན་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ་དུ་རི་ཆུའི་སྒྱུ་རྩལ་གྱི་བར་ཁྱམས་རིང་བོར་གྲགས་པའི་གནས་ཤིག་ཡོད་དེ།  དེ་ནི་མིང་གྲགས་ཆེ་བའི་ཝུའུ་ལིང་ཡོན་མཛེས་ལྗོངས་ས་ཁུལ་ཡིན།   ཝུའུ་ལིང་ཡོན་མཛེས་ལྗོངས་ས་ཁུལ་ནི་ཀྲང་ཅ་ཅེ་ནགས་ཚལ་སྤྱི་གླིང་དང་སུའོ་ཞི་ཡུས་རང་བྱུང་སྲུང་སྐྱོབ་ཁུལ།  ཐན་ཙི་ཧྲན་རི་བོའི་རང་བྱུང་སྲུང་སྐྱོབ་ཁུལ་གསུམ་གྱིས་གྲུབ་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ལྔ་བརྒྱ་དང་།  རི་ཚོགས་གཟར་ཞིང་།  ཆུ་རྒྱུན་དྭངས་ཤིང་རིང་བ།  ལུང་གྲོག་ཀྱག་ཀྱོག་ཆེ་ལ་ཁུ་སིམ་པ།  ཕུག་པ་མཛེས་པ་སོགས་མུ་གཅིག་ཏུ་འབྲེལ་ནས་ཡོད།   གནས་འདི་ཡི་ཆེས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ།   རྣམ་པ་འདྲ་མིན་སྣ་ཚོགས་སུ་ཡོད་པའི་རྡེའུ་ཟེགས་ལས་གྲུབ་པའི་བྲག་རྡོ་ཀ་དབྱིབས་ཅན་དང་རྣོ་ཟུར་ཅན་སུམ་སྟོང་དང་།  བྲག་སྐྱིབས་བཞི་བཅུ་ལྷག   རང་བྱུང་བྲག་རྡོའི་ཟམ་པ་སོགས་ཡོད་པར་མ་ཟད། ཆུ་ཕྲན་དང་རྦབ་ཆུ།  གནའ་སྡོང་དང་ལྗོན་ཤིང་དཀོན་པོའི་རིགས་གང་སར་མཐོང་ཐུབ། 

2 ཡུལ་ལྗོངས།

ཝུའུ་ལིང་ཡོན་དུ་སྲོག་ཆགས་དང་རྩི་ཤིང་གི་རིགས་ཧ་ཅང་མང་བོ་ཡོད་པ་དང་།  དེའི་རྒྱུ་མཚན་ནི་གནས་འདི་ཡི་ས་བབ་སྣ་ཚོགས་སུ་མཆིས་ཤིང་གནམ་གཤིས་ཚ་གྲང་རན་པ་དང་།  ནགས་རྫུབས་ཆེ་བ།  ཆར་ཆུ་མོད་པ་སོགས་ཀྱིས་སྐྱེ་དངོས་རིགས་འཚོ་བ་དང་སྐྱེ་འཕེལ་བྱེད་པ་ལ་ཁོར་ཡུག་གི་ཆ་རྐྱེན་ཡག་པོ་ཞིག་བསྐྲུན་ཡོད་པས་ཡིན།  འདི་གར་གདོད་མའི་བསྐྱར་སྐྱེས་ནགས་ཚལ་ཆེན་པོ་དང་།  རི་ལུང་ཡོད་ཚད་དུ་མཐོང་དཀོན་པོའི་ཀོང་ཐོན་ལྗོན་པ།  ཁམ་བུ་དཀར་པོ།  ཐང་ཤིང་ཧྲུའུ་ཧྲན།  ལུང་ཞ་མེ་ཏོག་སོགས་ཆེད་དུ་སྲུང་སྐྱོབ་བྱེད་བཞིན་པའི་རྩ་ཆེ་རྩི་ཤིང་གི་རིགས་ཡོད་པར་མ་ཟད།  སྤྲེའུ་དང་རི་སྐྱེས་ཞི་ལ།  རི་བྱ་ཤ་རྡོག་ཅན།  གསེར་མོ་སོགས་སྲོག་ཆགས་དཀོན་པོའི་རིགས་ཀྱི་དགའ་ཚལ་ཡང་ཡིན་ནོ། ། 

3 གྲུབ་རྐྱེན། 

དེས་ན་ཝུའུ་ལིང་ཡོན་ནི་ཇི་ལྟར་གྲུབ་པ་ཡིན་ནམ་ཞེ་ན།  དེ་ནི་ལོ་དུང་ཕྱུར་མང་བོའི་སྔ་རོལ་དུ་གནས་འདི་ནི་རྒྱ་མཚོ་ཆེན་པོ་ཞིག་ཡིན་མོད།  རྗེས་སུ་ངེས་དཀའ་བའི་ས་ཤུན་འགུལ་སྐྱོད་ཁྲོད་སྐམ་ས་དང་རི་སྒང་འབུར་དུ་ཐོན་པས་ད་གཟོད་ཁྱད་མཚར་བའི་རྡེའུ་ཟེགས་ལས་གྲུབ་པའི་བྲག་རྡོའི་ནགས་ཚལ་གྱི་ཝུའུ་ལིང་ཡོན་གྲུབ་པ་རེད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-06

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།