འདབ་པའི་ཉི་སྟེང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདབ་པའི་ཉི་སྟེང་།
སེམས་ཀྱི་ཉི་ཟླའི་བླ་སྲོག་འདབ་པའི་ཉི་སྟེང་། ཉི་སྟེང་མཛེས་ལྗོངས་ཁུལ་དེ། དཀར་མཛེས་ཁུལ་ལྷོ་ཕྱོགས་ཀྱི་འདབ་པ་རྫོང་རྫ་བ་ཤང་གི་མངའ་ཁོངས་སུ་གནས། མཛེས་ལྗོངས་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2900ནས(གངས་དཀར་ཆུ་བོ)སྨི6032(སྤྱན་རས་གཟིགས་རི་རྩེ)ཡོད་པ་དང་། རྒྱ་ཁྱོན་སྤྱི་ཆང་ཁྲི5.6ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
亚丁风景区
ཕྱི་ཡིག་གི་མིང་།
Scenic Spot of Daocheng Yading
ས་ཁམས་གནས་ཡུལ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་རྫ་བ་ཡུལ་ཚོ།
གནམ་གཤིས།
མཐོ་སྒང་དུས་རླུང་ནམ་ཟླ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ7323
མཛེས་ལྗོངས་རིམ་ཚད།
རིམ་ཚད AAAAA
མཛེས་ལྗོངས་གྲགས་ཆེན།
སྤྱན་རས་གཟིགས་དང་། འཇམ་པའི་དབྱངས། ཕྱག་ན་རྡོ་རྗེ་བཅས་གངས་རིའི་རི་རྩེ་གསུམ་སོགས་ཡོད།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་གྲོང་ཁྱེར།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ།
གནས་སྐོར་དུས་ཚིགས།
ཟླ4དང5 9དང10
1 ངོ་སྤྲོད།

སེམས་ཀྱི་ཉི་ཟླའི་བླ་སྲོག་འདབ་པའི་ཉི་སྟེང་། ཉི་སྟེང་མཛེས་ལྗོངས་ཁུལ་དེ། དཀར་མཛེས་ཁུལ་ལྷོ་ཕྱོགས་ཀྱི་འདབ་པ་རྫོང་རྫ་བ་ཡུལ་ཚོ་གི་མངའ་ཁོངས་སུ་གནས། མཛེས་ལྗོངས་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2900ནས(གངས་དཀར་ཆུ་བོ)སྨི6032(སྤྱན་རས་གཟིགས་རི་རྩེ)ཡོད་པ་དང་། རྒྱ་ཁྱོན་སྤྱི་ཆང་ཁྲི5.6ཡོད།

2 མཛེས་ལྗོངས། 

མཛེས་ལྗོངས་ནི་སྤྱན་རས་གཟིགས་དང་། འཇམ་པའི་དབྱངས། ཕྱག་ན་རྡོ་རྗེ་བཅས་གངས་རིའི་རི་རྩེ་གསུམ་ལྟེ་གནས་བྱས་ཏེ།  བྱང་ནས་ལྷོའི་ཕྱོགས་སུ་ཁྱབ་ཡོད། དམིགས་བསལ་ཅན་གྱི་ས་བབ་ཁོར་ཡུག་དང་རང་བྱུང་གནམ་གཤིས་ལས། དམིགས་བསལ་གྱི་ས་ངོས་ཆགས་ཚུལ་དང་རང་བྱུང་ཡུལ་ལྗོངས་ཆགས་ཡོད་ཅིང་། དེ་ནི་རང་རྒྱལ་གྱི་ཆེས་ཆ་ཚང་བའི་རང་བྱུང་སྐྱེ་ཁམས་མ་ལག་ཞིག་ཡིན།   

སྤྱན་རས་གཟིགས་དང་། འཇམ་པའི་དབྱངས། ཕྱག་ན་རྡོ་རྗེ་བཅས་གངས་རི་གསུམ་གྱི་བར་ཐག་མི་རིང་ཞིང་། ཁ་ཁ་འགྱིང་ངེར་ལངས་ནས། ཟུར་གསུམ་འགྲན་ལངས་ཀྱི་གཟུགས་དབྱིབས་སུ་ཆགས་ཡོད་པས། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རིགས་གསུམ་མགོན་པོ་ཞེས་བརྗོད། བྱང་ཕྱོགས་ཀྱི་རི་རྩེ་སྤྱན་རས་གཟིགས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི6032ཡོད་པ་དང་། ལྷོ་ཕྱོགས་ཀྱི་རི་རྩེ་འཇམ་དབྱངས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5958ཡོད་པ། ཤར་ཕྱོགས་ཀྱི་རི་རྩེ་ཕྱག་ན་རྡོ་རྗེའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5958ཡོད། གངས་རིའི་རི་རྩེ་གསུམ་པོའི་གཟུགས་དབྱིབས་མི་འདྲ་རུང་། ཚང་མ་དྲི་མེད་དཀར་གཙང་ཡིན། རི་སྐེད་དུ་མཐའ་ཡས་པའི་ནགས་ཚལ་ཡོད་པ་དང་། བྲག་འཕྱུར་ཆུ་མིག་དང་རྦབ་ཆུའི་དེའི་བར་དུ་གནས། རི་འདབས་ལུང་པ་ཁོག་ཡངས་དང་ཀྱག་ཀྱོག་འབབ་པའི་ཆུ་བོ་ཁྲོད་དུ།  དྭངས་གསལ་མེ་ལོང་ལྟ་བུའི་མཚེའུ་ཡིས་བརྒྱན་ཡོད། གངས་རི་དང་། འཁྱགས་ཀླུང་། ནགས་ཚལ། ཆུ་ཕྲན། རྦབ་ཆུ། རྩྭ་ཐང་། མཚེའུ་བཅས་ཕན་ཚུན་སྒྲིག་སྦྱོར་བྱས་ཡོད་ལ། རི་སྐྱེས་སྲོག་ཆགས་མང་པོ་དེའི་ཁྲོད་དུ་མཐོང་ཙམ་ཡིབ་ཙམ་བྱེད་ཀྱི་ཡོད་པས། བྱིན་ཆགས་ལྷིང་འཇགས་ཀྱི་དག་པའི་ཞིང་ཁམས་ཤིག་མངོན་ཡོད།

རིག་གསུམ་མགོན་པོ་དེ་བོད་ལྗོངས་ཡོངས་སུ་སྐད་གྲགས་ཁྱབ་ཡོད་པ་དང་། གནས་རི་དང་ལྷ་མཚོ་ཡུལ་གཅིག་ཏུ་འཛོམས་ཡོད། དེའི་བརྗིད་ཆགས་ལྷུན་སྡུག་ལྡན་པ་དང་ཁོར་ཡུག་གི་ངོ་མཚར་ཅན་གྱི་རང་བྱུང་ཡུལ་ལྗོངས་ཕུད་ཁར། ད་དུང་དཔག་པར་དཀའ་བའི་ཆོས་ལུགས་རིག་གནས་ཡོད་ཅིང་། བོད་ཁུལ་གྱི་གནས་མཆོག་ཅིག་ཡིན་པས། གནས་མཇལ་ཞུ་མཁན་རྒྱུན་ཆད་མེད་པར་ཡོང་གི་ཡོད་པ་རེད། 

འོད་འཕྲོ་རི་བོའི་ཡུལ་ལྗོངས་ནི། གསོམ་ཤིང་དང་། གསོམ་དམར།  རི་མཐོའི་བེ་ཤིང་སོགས་གཙོ་བོ་བྱས་པའི་མུ་མཐའ་མེད་པའི་གདོད་མའི་ནགས་ཚལ་དང་། རི་མཐོའི་རྩྭ་ཐང་། ཆུ་ཕྲན། གྲོག་རོང་དོག་པོ་ཡིན་པས། མཛེས་ལྗོངས་ཡིད་དབང་འཕྲོག་པ་ཞིག་ཡིན། སྟོན་དུས་སུ་སླེབས་སྐབས། ནགས་ཤིང་ཡོངས་རྫོགས་ཁ་མདོག་འགྱུར་ནས། མུ་འབྲེལ་རི་བོ་དང་། ལུང་པ། རྩྭ་ཐང་ཡོངས་སུ་ལོ་འདབས་དམར་པོ་དང་། སེར་པོ། སྔོན་པོས་ཁེབས་པས། མཛེས་སྡུག་ཡིད་འོང་དང་ཚོན་མདངས་རྣམ་པར་བཀྲ་བའི་སྟོན་ཀའི་ཉམས་འགྱུར་མངོན་གྱིན་ཡོད། བློ་བཟང་རྩྭ་ཐང་དེ་རིག་གསུམ་མགོན་པོའི་རི་བོ་གསུམ་པོས་མཐའ་ནས་བསྐོར་ཏེ། གངས་དཀར་ཆུ་བོ་རྩྭ་ཐང་དུ་འཕྲེད་རྒྱུག་བྱེད་པ་དང་། ནགས་གསེབ་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ། འབྲོག་རའི་ཤིང་ཁང་དང་ཕན་ཚུན་འོད་མདངས་འཕྲོ་རས་བྱེད། གདོད་མའི་ཁྱད་ཆོས་ལྡན་ཞིང་མིའི་ཡིད་དབང་འགུགས་པའི་མཛེས་ལྗོངས་ཆགས་ནས། མི་རྣམས་ལ་བཅོས་མིན་གྱི་རང་བྱུང་ཁམས་སུ་སླེབས་པའི་སྣང་བ་སྟེར་གྱིན་ཡོད། དེ་ནས་རིག་གསུམ་མགོན་པོ་མཇལ་དུས་གནས་རི་གསུམ་པོ་མ་ལུས་གསལ་པོར་མཐོང་ཐུབ་པ་རེད། ཆ་ཕྱི་གྲོག་རོང་དོག་ཅིང་ཕུགས་ཐག་རིང་པོ་ཡོད། ལུང་པའི་འབུར་ཐང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3800ཡོད་པ་དང་། ལུང་པའི་མཐིལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2900ཡོད། ལུང་པའི་ནང་དུ་ནགས་ཚལ་སྟུག་པོ་དང་། ངོ་མཚར་ཅན་གྱི་བྲག་རི་མཐོ་ཞིང་གཟར་བ། བྲག་འཕྱུར་ཆུ་མིག་དང་རྦབ་ཆུའི་སྐད་སྒྲས་བར་སྣང་གང་གི་ཡོད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-11

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།