ཚྭ་ཆེན་སུམ་མདོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚྭ་ཆེན་སུམ་མདོ།
ཚྭ་ཆེན་སུམ་མདོ་དང་འདམ་ཐར་མཚེའུ་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་དཔལ་ཡུལ་རྫོང་གི་བྱང་ཤར་དུ་གནས་ཡོད་ཅིང་། སྤྱི་ལོ1995ལོར་འཛུགས་སྐྲུན་བྱས་པ་རེད། ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཡིན་པས། ཤྭ་བ་མཆུ་དཀར་དང་རྣ་བ་སོགས་དཀོན་ཞིང་རྩྭ་ཆེན་གྱི་སྲོག་ཆགས་སྲུང་སྐྱོབ་བྱེད་རྒྱུ་གཙོ་བོ་བྱེད་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
察青松多
མཚོ་འཕགས།
སྨི3600ནས5725བར།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1436.826
གནས་ཡུལ།
སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་།
1 ངོ་སྤྲོད།

ཚྭ་ཆེན་སུམ་མདོ་དང་འདམ་ཐར་མཚེའུ་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་དཔལ་ཡུལ་རྫོང་གི་བྱང་ཤར་དུ་གནས་ཡོད་ཅིང་།  སྤྱི་ལོ1995ལོར་འཛུགས་སྐྲུན་བྱས་པ་རེད།  ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཡིན་པས། ཤྭ་བ་མཆུ་དཀར་དང་རྣ་བ་སོགས་དཀོན་ཞིང་རྩྭ་ཆེན་གྱི་སྲོག་ཆགས་སྲུང་སྐྱོབ་བྱེད་རྒྱུ་གཙོ་བོ་བྱེད་ཀྱིན་ཡོད། ཁུལ་ནགས་ལས་ཅུའུ་ཡི་བློ་མཐུན་ཕན་ཅི་ཐའེ་ཡི་དཔྱད་ཡིག་ལ་གཞིགས་ནས། ས་གནས་དེའི་ཤྭ་བ་མཆུ་དཀར་གྱིས་འཛམ་གླིང་ཡོངས་ཀྱི་བསྡོམས་གྲངས་ཀྱི་གསུམ་ཆ་གཉིས་ཟིན་ཡོད། སྲུང་སྐྱོབ་ས་ཁུལ་ནང་གི་བྱ་ཝང་དཀར་པོས་མི་མཐོང་སྐབས་འཇིགས་སྣང་མེད་ལ། མི་རྣམས་ཀྱི་ལག་པའི་ཐོག་ཏུ་འཕུར་ཡོང་ནས་ཟས་འཐུ་བཞིན་ཡོད།  འདམ་ཐར་མཚེའུ་ནི་རི་མཐོ་རློན་སའི་སྐྱེ་ཁམས་མ་ལག་ཡིན།  ཁྲུང་ཁྲུང་སྐེ་ནག་སོགས་བྱ་རིགས་ཀྱིས་གཙོ་བོ་བྱེད་པ་ཡིན།

2 རིན་ཐང་།

ཚྭ་ཆེན་སུམ་མདོ་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་སྐྱེས་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱས་པ་ཧ་ཅང་ལེགས། གནས་མང་ཆེ་ཤོས་ཤིག་ཏུ་གདོད་མའི་ནགས་ཚལ་དང་གདོད་མའི་རྩྭ་ཐང་སོགས་སྐྱེ་ཁམས་མ་ལག་ཆགས་ཡོད། གནས་འདི་རུ་སྲུང་སྐྱོབ་ཀྱི་རིན་ཐང་ལྡན་པའི་རི་སྐྱེས་སྲོག་ཆགས་མང་པོ་ཡོད། དེ་བས། ཚྭ་ཆེན་སུམ་མདོ་རུ་ལྟ་སྐོར་དུ་ཡོང་བའི་གནས་སྐོར་བ་ཚོས་རང་འགུལ་གྱིས་ས་གནས་དེའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱེད་པ་དང་། ས་གནས་དེའི་རང་བྱུང་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སོགས་ལ་སྲུང་སྐྱོབ་བྱས་ནས་གང་འདོད་དུ་ག་ས་གང་དུ་གད་སྙིགས་མི་འཕེན་པར་ས་གནས་དེའི་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས་སོ། །


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། གནས་སྐོར། ཚྭ་ཆེན་སུམ་མདོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-09

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།