འབར་ཆེ་ལུང་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབར་ཆེ་ལུང་པ།
འབར་ཆེ་ལུང་པའི་སྐྱེ་ཁམས་ཁོར་ཡུག་ས་ཁུལ་ནི་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་ཡུལ་ལྗོངས་སྐད་གྲགས་ཅན་དང་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་གལ་ཆེ་བའི་གྲུབ་ཆ་ཞིག་ཡིན། དྲོ་འཇམ་ས་རྒྱུད་བཞའ་རློན་ཅན་གྱི་རི་མཐོ་འདྲེས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
莫溪沟
མཚོ་འཕགས།
སྨི3700
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1000
གནས་ཡུལ།
སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་རྫོང་ཀླུ་པ་ཡུལ་ཚོ།
1 ངོ་སྤྲོད།

འབར་ཆེ་ལུང་པའི་སྐྱེ་ཁམས་ཁོར་ཡུག་ས་ཁུལ་ནི་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་ཡུལ་ལྗོངས་སྐད་གྲགས་ཅན་དང་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་གལ་ཆེ་བའི་གྲུབ་ཆ་ཞིག་ཡིན།  དར་མདོ་རྫོང་ཀླུ་པ་ཡུལ་ཚོའི་མངའ་ཁོངས་སུ་གནས་ཤིང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཐན་ཝན་ཆུ་ལག་གི་ཆུ་སྟོད་འབུར་ཆེ་ལུང་པའི་འབབ་ཡུལ་ཡིན་པས། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1000ཙམ་ཡོད་ལ།  དྲོ་འཇམ་ས་རྒྱུད་བཞའ་རློན་ཅན་གྱི་རི་མཐོ་འདྲེས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན། 

2 ཁྱད་ཆོས།

གཅིག གངས་དཀར་རི་བོ་དང་ཙི་མའི་རི་བོ་ལས་གྲུབ་པའི་རི་མཐོ་གྲོག་རོང(གྲོག་རོང་གི་མཐོ་ཚད་ཀྱི་སྨི4000ཡན་ཆད)དང་དེ་ལས་གྲུབ་པའི་དམིགས་བསལ་གྱི་སྐྱེ་ཁམས་ཁོར་ཡུག གཉིས། བརྗིད་ཉམས་ལྡན་པའི་དགོན་པའི་འཁྱགས་ཀླུང་དང་རྣམ་པར་བཀྲ་བའི་འཁྱགས་ཀླུང་གི་ས་ངོས་ཆགས་ཚུལ། གསུམ། རྒྱ་ཁྱོན་ཆེན་པོའི་གདོད་མའི་ནགས་ཚལ་དང་གྲངས་མང་པོའི་ནགས་ཁྲོད་སྲོག་ཆགས་དང་རི་མཐོ་སྲོག་ཆགས། བཞི། ཁམས་ཤར་རྒྱུད་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེས་དམའ་བའི་རེན་ཀྲུང་ཝེ་མཚོ་དང་པ་ཝང་མཚོའི་སྐྱེ་ཁམས་མ་ལག   

3 རིན་ཐང་།

གཅིག རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3700ལ་གནས་པའི་དུས་རབས་བཞི་པའི་ཁྱགས་ཀླུང་གཞོགས་ངོས་ཀྱི་བྱེ་རགས་ཐོག་ཆགས་ཡོད་པའི་གངས་དཀར་དགོན་པ་ལ། ལོ700ལྷག་གི་ལོ་རྒྱུས་ཡོད་ཅིང་། ཁམས་ཤར་རྒྱུད་ཀྱི་བཀའ་བརྒྱུད་པའི་སྐད་གྲགས་ཅན་གྱི་དགོན་པ་ཞིག་ཡིན། གཉིས། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3400ལ་གནས་པའི་འབུར་ཆེ་ལུང་པའི་ཙི་མའི་གྲོང་སྡེ་དང་ཝེ་ཧྲི་ཏ་གྲོང་སྡེ་ནི་འཇིག་རྟེན་དང་བྲལ་བའི་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུ་ཡིན་ལ། གྲོང་མི་ཚོས་གཞན་དང་མི་འདྲ་བའི་འཚོ་བ་ལོངས་སུ་སྤྱོད་ཀྱིན་ཡོད་པས། མིང་དོན་དང་མཚུངས་པའི་སེམས་ཀྱི་ཉི་ཟླའི་ཡུལ་ཁམས་ཡིན། ས་ཁུལ་དེའི་ལྟ་སྐོར་རིན་ཐང་གི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། དེའི་ཁོངས་སུ་རྩི་ཤིང་སྣ་ཚོགས་དང་། པ་ཝང་མཚོ།  རེན་ཀྲུང་ཝེ་མཚོ། མཚམས་རྡོ་སྤྲ་མི་རྦབ་ཆུ། དགོན་པ་འཁྱགས་ཀླུང་། འཁྱགས་ངོས་མཚེའུ། གངས་དཀར་དང་སྤྲིན། སྤྲིན་མཚོ། འདབ་ཆགས་དང་རི་དྭགས་སྣ་ཚོགས་སོགས་འདུས་ཡོད། འབར་ཆེ་ལུང་པ་ནི་ཧ་ཅང་མཛེས་པའི་ཡུལ་ལྗོངས་ཤིག་ཡིན་པས། གནས་དེར་ལྟ་སྐོར་དུ་ཡོང་བའི་གནས་སྐོར་པ་ཚོའི་གང་འདོད་ལྟར་གད་སྙིགས་གང་སར་མི་འཕེན་པར་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་ས་གནས་དེའི་ཡུལ་སྲོལ་གོམས་གཤིས་སོགས་ལ་བརྩི་བཀུར་བྱེད་དགོས།  


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-11

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།