ཡོངས་འཛིན་རིག་མཛོད། >ལག་རྩལ། >འཕྲིན་གཏོང་། >གཞན་དག

གཞི་གྲངས་འཕྲིན་གཏོང།

གཞི་གྲངས་འཕྲིན་གཏོང་ནི་འཕྲིན་གཏོང་ལག་རྩལ་དང་རྩིས་འཁོར་ལག་རྩལ་མཉམ་འབྲེལ་གྱིས་ཐོན་པའི་འཕྲིན་གཏོང་གི་བྱེད་ཐབས་རིགས་ཤིག་ཡིན་ལ། དེ་ནི་གནས་གཉིས་ཀྱི་བར་དུ་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པར་ངེས་པར་དུ་བརྒྱུད་སྤྲོད་འཕྲིན་ལམ་ཡོད་དགོས་པ་ཞིག་ཡིན། བརྒྱུད་སྤྲོད་སྨྱན་གཟུགས་མི་འདྲ་བར་གཞིགས་ནས། སྐུད་ལྡན་གཞི་གྲངས་ཀྱི་འཕྲིན་གཏོང་དང་སྐུད་མེད་གཞི་གྲངས་འཕྲིན་གཏོང་རིགས་གཉིས་སུ་དབྱེ་ཡོད། ཡིན་ན་ཡང་། དེ་གཉིས་གང་ཡིན་ཡང་བརྒྱུད་སྤྲོད་འཕྲིན་ལམ་དེ་གཞི་གྲངས་མཐའ་སྣེ་དང་རྩིས་འཁོར་གཉིས་མཉམ་དུ་སྦྲེལ་ནས་བྱུང་བ་ཞིག་ཡིན་ལ། གནས་མི་འདྲ་བའི་གཞི་གྲངས་ཀྱི་མཐའ་སྣེ་རུ་མཉེན་ཆས་དང་སྲ་ཆས། བརྡ་འཕྲིན་ཡོང་ཁུངས་བཅས་ཀྱིས་མཉམ་དུ་སྤྱོད་པ་ཞིག་ཡིན།

རིགས་དབྱེ།  

འཕྲིན་གཏོང་དྲ་རྒྱ།

མིའི་རིགས་ཀྱི་བརྡ་འཕྲིན་དེ་སྐད་ཆ་དང་ཡི་གེ པར་འདེབས། གློག་འཕྲིན། ཁ་པར་སོགས་ཀྱི་བགྲོད་ལམ་རིམ་པར་བརྒྱུད་མཐར་དེང་དུས་ཀྱི་རྣམ་སྣ་ཚོགས་ཀྱི་འཕྲིན་གཏོང་བྱ་ཐབས་སུ་སླེབས་པ་ཡིན་ལ། མིག་སྔའི་དེང་རབས་འཕྲིན་གཏོང་དྲ་རྒྱ་དེ་ཨང་རྩིས་ཅན་དང་། ཤེས་ནུས་ཅན། སྣ་འཛོམས་ཅན། ཐགས་ཡངས་ཅན། མི་སྒེར་བ་ཅན་བཅས་ཀྱི་ཕྱོགས་སུ་བསྐྱོད་ཀྱིན་ཡོད།

རིགས་དབྱེ།  

རླབས་ཕྲན་འཕྲིན་གཏོང་།

རླབས་ཕྲན་འཕྲིན་གཏོང(Microwave Communication)ནི། རླབས་ཐག་ཧོའོ་སྨི1 ནས་སྨི1 བར་གྱི་གློག་ཁབ་ལེན་རླབས་རྒྱུན་སྤྱད་དེ་རླབས་ཕྲན་བརྒྱུད་ནས་འཕྲིན་གཏོང་བྱས་པའི་རིགས་ལ་ཟེར། རླབས་དུམ་རིང་བའི་གློག་ཁབ་ལེན་གྱི་རླབས་རྒྱུན་ལྟོས་ཟླར་གྱུར་བ་དག་གི་ཟློས་ཕྱོད་ཁྱབ་ཁོངས་ནི། 300 MHz(0.3 GHz)~300 GHz ཡིན་འོས། སྐུད་བཀྲིས་གློག་མདའི་འཕྲིན་གཏོང་དང་འོད་ཐག་འཕྲིན་གཏོང་། འཁོར་སྐར་འཕྲིན་གཏོང་སོགས་དེང་རབས་འཕྲིན་གཏོང་དྲ་རྒྱའི་བརྒྱུད་སྐུར་བྱ་ཐབས་དང་མི་འདྲ་ས་ནི། རླབས་ཕྲན་འཕྲིན་གཏོང་ནི་ཐད་ཀར་རླབས་ཕྲན་སྨྱན་རྫས་བྱས་ཏེ་འཕྲིན་གཏོང་བྱེད་པའི་རིགས་ཡིན་ལ། དེར་སྲ་གཟུགས་ཀྱི་སྨྱན་རྫས་བཀོལ་དགོས་མེད། སྣེ་གཉིས་བར་གྱི་དྲང་ཐིག་གི་རིང་ཚད་དུ་འགལ་རྐྱེན་མེད་དུས་རླབས་ཕྲན་སྤྱད་ནས་བརྒྱུད་བསྐུར་བྱས་ཆོག རླབས་ཕྲན་འཕྲིན་གཏོང་གི་ཤོང་ཚད་ཆེ་བ་དང་། རྒྱུ་སྤུས་བཟང་བ་མ་ཟད་རྒྱང་རིང་གི་གནས་སུ་བརྒྱུད་བསྐུར་བྱ་ཐུབ་པ་ཡིན། དེ་བས་དེ་ནི་རྒྱལ་ཁབ་འཕྲིན་གཏོང་གི་འཕྲིན་གཏོང་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། འཕྲིན་གཏོང་དྲ་རྒྱ་སྣ་ཚོགས་སུ་ཡོངས་ཁྱབ་དུ་སྤྱོད་པར་འཚམ་པ་ཡིན།

རིགས་དབྱེ།  

སྐུད་མེད་གློག

སྐུད་མེད་གློག་ནི་རང་དབང་བར་སྟོང(དེའི་ནང་དུ་མཁའ་དབུགས་དང་མཁའ་དབུགས་མེད་པ)ཡོད་ཚད་ཀྱིས་ཁྱབ་སྤེལ་བྱས་པའི་གློག་སྡུད་རླབས་ཡིན་ལ། དེའི་ཁྲོད་དུ་ཚད་ཡོད་ཟློས་ཐགས་ཞིག་གི་སྟེང་གི་ཟློས་ཕྱོད་ནི300GHzཡིན་པ་དང་། འོག་གི་ཟློས་ཕྱོད་ནི་ཅུང་གཅིག་གྱུར་མིན། འཕྲོ་ཟློས་ཚད་ལྡན་ཡི་གེ་སྣ་ཚོགས་ལས་རྒྱུན་དུ་མཐོང་བ་ནི། 3KHz~300GHz(ITU-རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་གྱིས་གཏན་འབེབས་བྱས་པ།)9KHz~300GHz,10KHz~300GHz

རིགས་དབྱེ།  

བརྒྱུད་གཏོང་བར་རྫས།

བརྒྱུད་གཏོང་བར་རྫས་ནི་ཆ་འཕྲིན་བརྒྱུད་གཏོང་བརྒྱུད་པའི་བར་སྟོང་དང་དངོས་གཟུགས་ཏེ། གལ་ཏེ་འཕྲིན་གཏོང་གི་སྣེ་གཅིག་ནི་ས་ངོས་སུ་ཡོད་པ་དང་། གཞན་ཞིག་ནི་ཕྱི་རིམ་བར་སྟོང་དུ་ཡོད་པ་ཡིན་ན། གནམ་སའི་བར་གྱི་འཕྲིན་གཏོང་གྲུབ་པ་དང་། དེའི་རྐྱེན་གྱིས་ངེས་པར་དུ་གློག་གྱེས་རིམ་པའི་ལྡོག་འཕྲོ་བྱེད་མི་ཐུབ་པར་མ་ཟད། ཆར་བ་དང་སྨུག་པ་སོགས་བསྡུ་ལེན་དེ་འདྲ་ཚབས་ཆེན་མ་ཡིན་པའི་ཟློས་ཕྱོད་ཁྱབ་ཁོངས་བདམས་གསེས་བྱ་དགོས། དེ་ནི་གནམ་སའི་བར་གྱི་འཕྲིན་གཏོང་གི་སྐར་ཁུང་ཞེས་པ་དེ་རེད།

རིགས་དབྱེ།  

འཕྲོ་ཟློས་ལག་རྩལ།

འཕྲོ་ཟློས་ལག་རྩལ(RF)ནི(Radio Frequency)བསྡུས་འབྲི་ཡིན་ལ། རྒྱུན་མཐོང་གི་ཉེར་སྤྱོད་ནི་སྐུད་མེད་འཕྲོ་ཟློས་ངོས་འཛིན(Radio Frequency Identification,RFID)རྒྱུན་དུ་འབོད་པའི་ལྟོས་འབྱུང་ཚུལ་གྱི་གློག་རྡུལ་བདར་ལྷེབ་དང་། ཡང་ན་ཉེ་མཐུད་བྱང་བུ། ཚོར་སྐྱེད་བྱང་བུ། འཕྲད་མིན་བྱང་བུ། གློག་རྡུལ་གདོང་འཛར། གློག་རྡུལ་ཤར་ཨང་སོགས་ཡོད། དེའི་རྩ་བའི་རིགས་པ་ནི་བཤར་འབེབ་ཆས་ཀྱིས་དམིགས་གསལ་གྱི་ཟློས་ཕྱོད་འཕྲོ་གཏོང་བྱས་ཏེ། སྐུད་མེད་གློག་རླབས་ནུས་ཚད་སྡུད་ཆས་ལ་བསྐྱལ་པ་དང་། སྐུལ་ཆས་སྡུད་ཆས་ཡི་གློག་ལམ་གྱི་ནང་ཁུལ་གྱི་ཚབ་ཨང་ཕྱིར་སྐྱེལ་བྱེད་པས། སྐབས་འདིར་བཤར་འབེབས་ཆས་ཡིས་སྟབས་བདེ་ངང་ཚབ་ཨང་འདི་སྡུད་ལེན་ཐུབ་པ་ཡིན།

རིགས་དབྱེ།  

ཅོང་སྒྲ།

ཅོང་སྒྲ་ནི་དོན་དངོས་སུ་ལག་ཁྱེར་ཁ་པར་གྱི་འབོད་བརྡ་ཡིན། མི་གཞན་གྱིས་ཁྱོད་ལ་ཁ་པར་བཏང་ཡོང་ཚེ། ཁྱོད་ཀྱི་ཁ་པར་གྱི་འབོད་བརྡ་གྲགས་ཡོང་ངེས་ཡིན་ལ། ད་ལྟ་མང་ཆེ་ཤོས་ཀྱི་ཅོང་བརྡ་ནིmp3རྣམ་པ་ཅན་ཡིན། མདོར་ན། མི་གཞན་གྱིས་ཁྱོད་ལ་ཁ་པར་བཏང་ཡོང་ཚེ། ཁྱོད་ཀྱི་ཐོས་ཡོང་བ་ནི་རང་ཉིད་ཀྱི་ལག་ཁྱེར་ཁ་པར་གྱི་དྲིལ་བརྡ་སྟེ། ཅོང་བརྡ་ཡིན་ལ། ཕ་རོལ་པོའི་ཐོས་ཡོང་བའི་སྒྲ་ནི་དྲིལ་དབྱངས་ཡིན་པ་རེད།

རིགས་དབྱེ།  

MSNགླེང་མོལ་མཉེན་ཆས(Himalaya)

ཨ་རིའི་ཝའེ་རོན་ཀུང་སིས་བཟོས་པའིMSNནི་ཧི་མ་ལ་ཡའི་བོད་ཡིག་གིས་གླེང་མོལ་གནང་ས་ཡག་ཤོས་ཤིག་རེད། བེད་སྤྱོད་གཏོང་བའི་ནུས་པ་ལེགས་ཤིང་ཡིག་རིགས་གཞན་དག་དང་མཉམ་དུ་བསྲེས་ནས་གླེང་མོལ་ཡག་པོ་གནང་ཐུབ།

རིགས་དབྱེ།  

འཕྲིན་གཏོང་མཉེན་ཆས(Line)

Lineནི་ཁོ་རེ་ཡ་ལྷོ་མ་ནས་བཟོས་པའི་ཕན་ཚུན་འཕྲིན་པ་གཏོང་བྱེད་ཀྱི་མཉེན་ཆས་ཤིག་སྟེ། ཡི་གེ་དང་པར་རིས་བསྐུར་ཆོག་པར་མ་ཟད། ད་དུང་ཁ་པར་ཡང་གཏོང་ཆོག

རིགས་དབྱེ།  

ཇེ་མེལ(Gmail)

དེང་གི་དུས་སུ། Googleནི་འཛམ་གླིང་ཁྱོན་ན་བརྡ་འཕྲིན་དྲ་བའི་ཞབས་ཞུ་མ་ལག་རྒྱ་ཆེ་ཞིང་བརྡ་འཕྲིན་མ་ལག་གི་གསང་རྒྱ་དམ་པ་ཞིག་ཡིན། ཚོགས་པ་འདིས་གསར་དུ་བཏོད་པའི་བརྡ་འཕྲིན་ཡོ་བྱད་ལ། ཆ་འཕྲིན་འཚོལ་ཞིབ་དྲ་བwww.google.comདང་། དྲ་འཕྲིནemailགཏོང་ལེན་གྱི་ཞབས་ཞུའི་ཡོ་བྱདGmailདང། སྒྲ་གཟུགས་ཡིག་གསུམ་གྱི་དྲ་ཐོག་གླེང་མོལ་མཉེན་ཆསGoogle Talkདང་། ས་ཁྲའི་ཡོད་བྱདGoogle Earthལ་སོགས་ཡོད། དགའ་འོས་པ་ཞིག་ལ། Googleབརྡ་འཕྲིན་མ་ལག་ཏུ་ཧི་གཟུགས་བོད་ཡིག་བཀོལ་ཆོག འཛམ་གླིང་གི་མི་ཕལ་མོ་ཆེས་ལག་ལེན་ཁྲོད་ནས་བརྡ་འཕྲིན་ཡོ་བྱད་འདི་དག་ནི་བཀོལ་བདེ་ལ་གསང་རྒྱ་དམ་པོ་ཡིན་པར་བློ་འཁེལ་ཡོད། འདིར་སྐབས་སུ་བབ་པའི་ཇེ་མེལ་གྱི་ངོ་སྤྲོད་རག་ཙམ་བྱའོ།།

རིགས་དབྱེ།  

བརྙན་འཕྲིན་བེད་སྤྱོད་དང་བདག་སྐྱོང་།

བརྙན་འཕྲིན་ལེ་ཚན་ནི་ང་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་ལ། དེར་ཡུན་རིང་ལོངས་སྤྱོད་པར་འདོད་ན། བརྙན་འཕྲིན་ལ་བདག་སྐྱོང་ཡག་པོ་བྱ་བར་གལ་ཤིན་ཏུ་ཆེ་བས། འདིར་བེད་སྤྱོད་དང་བདག་སྐྱོང་ཇི་ལྟར་བྱེད་དགོས་པའི་སྐོར་ཅུང་ཙམ་བརྗོད་པར་བྱ།

རིགས་དབྱེ།  

བཅར་འདྲིའི་ཁྱད་ཆོས།

གསར་འགོད་པས་བཅར་འདྲི་ཞུ་ཡུལ་འདྲ་མིན་སྣ་ཚོགས་ལ་དུས་ཚོད་ཐུང་ཐུང་ནང་བཀའ་འདྲི་ཞུས་ཏེ་གསར་འགྱུར་ལ་མཁོ་བའི་ཆ་འཕྲིན་གང་མང་ཐོབ་ཐུབ་པ་བྱ་རྒྱུ་དེ་རེད། གསར་འགོད་པས་བཅར་འདྲི་ཞུ་ཡུལ་དང་བཅར་འདྲི་བྱེད་པའི་ཆ་དེ་ནི་སྤྱི་ཚོགས་ཐོག་གི་མི་དང་མིའི་བར་འབྲེལ་བ་བྱེད་པའི་རྣམ་པའི་ཁྱད་ཆོས་ཤིག་མངོན་གྱིན་ཡོད།

རིགས་དབྱེ།  

འཕྲིན་སྐྱེལ་དམག

འཕྲིན་སྐྱེལ་དམག་ནི་དམག་དཔུང་ནང་དམག་དོན་འཕྲིན་སྐྱེལ་གྱི་ལས་འགན་འཁུར་བའི་ཆེད་ལས་དམག་རིགས་ཤིག་ཡིན། སྤྱིར་བཏང་དུ་འཕྲིན་གཏོང་དང་། འཕྲིན་གཏོང་ལས་གཞི། འཕྲིན་གཏོང་ལག་རྩལ་འགན་སྲུང་། བཀོད་འདོམས་རང་འགུལ་ཅན། སྐུད་མེད་གློག་འཕྲིན་འགྲན་རྒོལ། མཁའ་འགྲུལ་དམག་གི་ཕྱོགས་སྟོན། དམག་དཔུང་སྦྲག་སྲིད་སོགས་ཆེད་ལས་དམག་དཔུང་དང་ཡན་ལག་རུ་ཁག་ལས་གྲུབ་པ་ཡིན། ལས་འགན་གཙོ་བོ་ནི་འཕྲིན་གཏོང་བྱ་ཐབས་སྣ་ཚོགས་སྤྱད་དེ་དམག་དཔུང་ཤར་གཏོང་ཐུབ་པའི་འཕྲིན་གཏོང་འབྲེལ་གཏུག་འགན་ལེན་བྱ་རྒྱུ་དང་། སྐུད་མེད་གློག་འཕྲིན་གྱིས་འགལ་རྐྱེན་བཟོ་བ་དང་འགལ་རྐྱེན་བཟོ་བར་ངོ་རྒོལ་བྱ་རྒྱུ། མཚོ་ཁུལ་ལྟ་རྟོག་དང་། མཁའ་འགྲུལ་དམག་གི་ཕྱོགས་སྟོན་ལས་དོན། བྱེས་འཐབ་དམག་གི་སྦྲག་ལས་བཅས་སྒྲིག་འཛུགས་དང་ལག་བསྟར་བྱ་དགོས། འཕྲིན་སྐྱེལ་དམག་གིས་དམག་དཔུང་གི་བཀོད་འདོམས་ལ་འགན་སྲུང་དང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ནུས་པ་གལ་ཆེན་ལྡན།

རིགས་དབྱེ།  

འཕྲིན་གཏོང་རྨང་གཞིའི་ཤེས་བྱ།

《འཕྲིན་གཏོང་རྨང་གཞིའི་ཤེས་བྱ》ནི་སྤྱི་ལོ2004ལོའི་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་ཞིང་། རྩོམ་པ་པོ་ཀྲང་ཝུན་ཏུང་ཡིན། དཔེ་དེབ་འདིར་ལེའུ8ཡོད་པ་དང་། དྲ་རྒྱའི་ཟློས་ཕྱོད་ཁྱད་ཆོས། བརྒྱུད་སྐྱེལ་ཁྱད་གཤིས་བཅས་ཀྱི་ཐད་ནས་བཤད་ན། དེས་འཕྲིན་ལམ་གྱིས་བརྒྱུད་གཏོང་བརྡ་རྟགས་ལ་ཐེབས་པའི་ཤུགས་རྐྱེན་དང་། ལད་ཟློས་སྙོམ་སྒྲིག་བྱེད་ཐབས། གྲངས་ཀ་སྙོམ་སྒྲིག་བྱེད་ཐབས། བརྗེ་རེས་བྱེད་པའི་གོ་དོན། བརྗེ་རེས་ལག་རྩལ་དང་ཨང་ཀིའི་བརྒྱུད་གཏོང་ལག་རྩལ་བཅས་འགྲེལ་བཤད་བྱས་ཏེ། མཇུག་མཐར་ནོར་འཛོལ་ཚོད་འཛིན་གྱི་གཞི་རྩའི་རྩ་བའི་རིགས་པ་སྟབས་བདེའི་ངང་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།  

དོ་དམ་ཆ་འཕྲིན་མཛོད།

དོ་དམ་ཆ་འཕྲིན་མཛོད་ནི་ཚོད་འཛིན་བྱས་པའི་དྲ་རྒྱའི་སྒྲིག་ཆས་ཀྱི་ཚད་གཞིའི་འགྱུར་ཚད་མཚན་ཉིད་ཀྱི་ཚོགས་སྤྱི་ཞིག་ཡིན། SNMPཚགས་པར་ནང་གི་མཚོན་རྟགས་ཁོ་ནའི་སྒྲིག་ཆས་ཁྲོད་ཀྱི་དོ་དམ་འགྱུར་ཚད་ཀྱི་ཆེདSNMPཡིས་བང་རིམ་གྱི་གྲུབ་ཆའི་མིང་འདོགས་པའི་ཇུས་གཞི་སྤྱད་དེ་དོ་དམ་བྱ་ཡུལ་དབྱེ་འབྱེད་བྱེད་ཀྱི་ཡོད། དེ་ནི་སྡོང་བོ་ཞིག་དང་འདྲ་བར། ཤིང་སྡོང་གི་ཚིགས་ཚེག་ཀྱིས་དོ་དམ་བྱ་ཡུལ་མཚོན་པ་དང་། རྩ་བ་ནས་འགོ་ཚུགས་པའི་ལམ་བུ་ཞིག་སྤྱད་ནས་ནང་དོན་དབྱེ་འབྱེད་བྱེད་ཆོག

རིགས་དབྱེ།  

ལག་རྩལ་མ་ལག

ལག་རྩལ་མ་ལག་ནི་ལག་རྩལ་སྤྱི་ཡོངས་རང་བཞིན་གྱི་མཚོན་ཚུལ་ཞིག་ཡིན་ཞིང་། སྤྱིར་བཏང་དུ་དུས་རབས་རེ་རེ་ལག་རྩལ་སྣ་ཚོགས་ཟུང་འབྲེལ་དམ་ཟབ་བྱས་ནས་གྲུབ་པའི་དམིགས་བསལ་གྱི་བྱེད་ནུས་ལྡན་པའི་གཅིག་འདུའི་ཕུང་པོ་དེར་དུས་རབས་འདིའི་ལག་རྩལ་མ་ལག་ཟེར། ལག་རྩལ་མ་ལག་གིས་དུས་རབས་ག་གེ་མོའི་ལག་རྩལ་འཕེལ་རྒྱས་ཀྱི་ཁྱད་ཆོས་མཚོན་ཡོད་ལ། ལག་རྩལ་འཕེལ་རྒྱས་ཀྱང་ལག་རྩལ་མ་ལག་བརྗེ་རེས་བྱས་པར་བརྩིས་ཆོག་པ་དང་། ལག་རྩལ་འཕེལ་རྒྱས་ཀྱི་དུས་རིམ་ཡང་ལག་རྩལ་མ་ལག་མི་འདྲ་བའི་ཐོག་ནས་དབྱེ་ཆོག ལག་རྩལ་ལོ་རྒྱུས་ལ་རྟོག་ཞིབ་བྱས་པ་བརྒྱུད་ད་བར་ཐོན་མྱོང་བའི་ལག་རྩལ་མ་ལག་སྟེ། རྡོ་ཆས་རྙིང་པའི་དུས་རབས་ཀྱི་ལག་རྩལ་མ་ལག་དང་། རྡོ་ཆས་གསར་པའི་དུས་རབས་ཀྱི་ལག་རྩལ་མ་ལག ལི་ཆས་དུས་རབས་ཀྱི་ལག་རྩལ་མ་ལག ལྕགས་ཆས་དུས་རབས་ཀྱི་ལག་རྩལ་མ་ལག རླངས་སྒུལ་དུས་རབས་ཀྱི་ལག་རྩལ་མ་ལག རླངས་སྒུལ་དུས་རབས་ཀྱི་ལག་རྩལ་མ་ལག དེ་བཞིན་ཆགས་བཞིན་པའི་ཆ་འཕྲིན་དུས་རབས་ཀྱི་ལག་རྩལ་མ་ལག་བཅས་ཡོད། ལག་རྩལ་མ་ལག་འདི་དག་གིས་དུས་རབས་དེའི་ལག་རྩལ་འཕེལ་རྒྱས་ཀྱི་ཁྱད་ཆོས་གཙོ་བོ་མཚོན་ཡོད། ལག་རྩལ་མ་ལག་བརྗེ་རེས་བྱེད་པ་ནི་ལག་རྩལ་གསར་བརྗེ་ཡིན། ཉེ་རབས་ཚུན་གྱི་ལག་རྩལ་མ་ལག་ལ་ཕྱོགས་བསྡུས་རང་བཞིན་དང་། ཕྱིར་སྐྱེལ་ལ་ངོ་རྒོལ་བྱེད་པ། མཉམ་འབྲེལ་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། (1)ཕྱོགས་བསྡུས་རང་བཞིན། ལག་རྩལ་མ་ལག་ལ་རང་བྱུང་དང་སྤྱི་ཚོགས་ཀྱི་ངོ་བོ་ཉིས་བརྩེགས་ལྡན་པས། དེ་ནི་རྒྱལ་ཁབ་ཅིག་གི་ཐོན་ཁུངས་ཆ་རྐྱེན་དང་། སྐྱེ་ཁམས་ཁོར་ཡུགཐོན་སྐྱེད་ཆུ་ཚད། རིག་གནས་སྲོལ་རྒྱུན། སློབ་གསོའི་སྒྲིག་སྲོལ། དོ་དམ་ནུས་པ་བཅས་དང་འབྲེལ་བ་དམ་ཟབ་ཡོད་པས། སྤྱི་ཚོགས་ཀྱི་མ་ལག་ཆེན་པོའི་ནང་གི་བུ་རྒྱུད་མ་ལག་ཅིག་ཡིན། (2)ཕྱིར་སྐྱེལ་ལ་རྒོལ་བའི་རང་བཞིན་ཞེས་པ་ནི་ལག་རྩལ་མ་ལག་དང་རང་བྱུང་། ཚན་རིག མིའི་རིགས་ཀྱི་སྤྱི་ཚོགས་བཅས་ཀྱི་བར་དུ་ད་དུང་དཔལ་འབྱོར་དང་། མིའི་རིགས། རང་བྱུང་ཁམས་བཅས་ཀྱི་ཕྱིར་སྐྱེལ་རང་བཞིན་གནས་ཡོད་པ་ལ་ཟེར། (3)མཉམ་འབྲེལ་རང་བཞིན། ལག་རྩལ་སྣ་ཚོགས་ཀྱི་བར་ཕན་ཚུན་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། ལག་རྩལ་རིགས་གཅིག་ལ་འགྱུར་ལྡོག་བྱུང་བ། འབྲེལ་ཡོད་ལག་རྩལ་ལ་དེ་མཚུངས་ཀྱི་སྙོམས་སྒྲིག་མཚོན་དགོས་པ་དང་། ལག་རྩལ་མ་ལག་གི་ནང་ཁུལ་དོ་མཉམ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། ལ་ལས་རྒྱལ་ཁབ་ཅིག་དང་། ས་ཁུལ་ཞིག་གམ་ལག་རྩལ་སྡེ་ཁག་ཅིག་གི་ལག་རྩལ་གྲུབ་ཚུལ་ལ་ལག་རྩལ་མ་ལག་ཅེས་འབོད་ཀྱི་ཡོད་པ་དཔེར་ན། ཨ་རིའི་ལག་རྩལ་མ་ལག་གམ་འགྲིམ་འགྲུལ་ལག་རྩལ་མ་ལག་སོགས་ལྟ་བུ་ཡིན་ལ། ཕྱི་མ་དེར་ཡང་ལག་རྩལ་མ་ལག་ཟེར།

རིགས་དབྱེ།  

ཆ་འཕྲིན་ངལ་རྩོལ།

ཆ་འཕྲིན་ངལ་རྩོལ་ཞེས་པ་ནི་ཆ་འཕྲིན་ལས་ཀ་བྱེད་མཁན་གྱི་ངལ་རྩོལ་ལམ་ཡང་ན་ཆ་འཕྲིན་ཐོན་ལས་སྡེ་ཁག་གི་ངལ་རྩོལ་པའི་ངལ་རྩོལ་ལ་ཟེར་ཞིང་། ཞིབ་ཕྲའི་ཐོག་ནས་བཤད་ན། ཚན་རིག་ལག་རྩལ་ལ་བརྟེན་ནས་ཆ་འཕྲིན་བསྡུ་རུབ་དང་། ལེགས་སྒྲིག ལས་སྣོན་བརྒྱུད་སྤྲོད་བཅས་བྱས་ཏེ་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུ་བའི་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོར་ཟེར།

རིགས་དབྱེ།  

ཆ་འཕྲིན་ངལ་རྩོལ་པ།

ཆ་འཕྲིན་ངལ་རྩོལ་པ་ཞེས་པ་ནི་ཆ་འཕྲིན་གྱི་ལས་ཀ་བྱེད་མཁན་ཏེ་ཆ་འཕྲིན་གསར་གཏོད་དང་། ཐག་གཅོད། ལས་སྣོན། བགོ་བཤའ་བཅས་བྱེད་མཁན་ཚང་མར་ཟེར། ཁོང་ཚོའི་ཁོངས་སུ་ཚན་རིག་པ་དང་། བཟོ་སྐྲུན་དགེ་རྒན། མཉེན་ཆས་ཇུས་འགོད་པ། དགེ་རྒན། དཔེ་དེབ་གསང་འཕྲིན་དོ་དམ་མི་སྣ་སོགས་ཚུད་ཡོད། དེང་རབས་ཅན་གྱི་སྤྱི་ཚོགས་དང་ཚན་རྩལ་རྒྱུན་ཆད་མེད་པར་གོང་དུ་འཕེལ་བ་དང་བསྟུན་ནས་སྤྱི་ཚོགས་ཐོག་ཆ་འཕྲིན་གྱི་ལས་ཀ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ཆ་འཕྲིན་ངལ་རྩོལ་པའི་བྱང་ཚད་ཀྱི་བླང་བྱ་སྔར་ལས་མཐོ་བ་དང་། ལྷག་པར་དུ་ཆ་འཕྲིན་འཚོལ་སྡུད་དང་ལས་སྣོན་སོགས་ཀྱི་ལས་ཀ་བྱེད་མཁན་ངལ་རྩོལ་པར་ཁོ་ཚོར་ཤེས་བྱ་ཕུན་སུམ་ཚོགས་པ་ལྡན་དགོས་པ་དང་། ཤེས་བྱ་གསར་པ་དང་ལེན་བྱེད་པའི་ནུས་པ་ཅུང་ཆེན་པོ་ལྡན་དགོས་པ། ཁོ་ཚོར་ལས་ཀའི་ཉམས་མྱོང་ཅུང་ཕུན་སུམ་ཚོགས་པ་ཡོད་དགོས་པ། སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་ནུས་དང་དེ་བཞིན་ཆ་འཕྲིན་ཡང་དག་པར་གོ་བ་ལེན་པ་དང་། དབྱེ་ཞིབ། བརྡར་གཅོད་ནུས་པ། ལྟ་ཞིབ་ནུས་པ་བཅས་ལྡན་དགོས་པའི་བླང་བྱ་བཏོན་ཡོད། འདི་ལྟར་བྱས་ན་ད་གཟོད་ཆ་འཕྲིན་ཡང་དག་དང་སྤུས་ཚད་མཐོ་བར་ཁག་ཐེག་བྱེད་ཐུབ།

རིགས་དབྱེ།