བརྒྱུད་གཏོང་བར་རྫས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྒྱུད་གཏོང་བར་རྫས།
བརྒྱུད་གཏོང་བར་རྫས་ནི་ཆ་འཕྲིན་བརྒྱུད་གཏོང་བརྒྱུད་པའི་བར་སྟོང་དང་དངོས་གཟུགས་ཏེ། གལ་ཏེ་འཕྲིན་གཏོང་གི་སྣེ་གཅིག་ནི་ས་ངོས་སུ་ཡོད་པ་དང་། གཞན་ཞིག་ནི་ཕྱི་རིམ་བར་སྟོང་དུ་ཡོད་པ་ཡིན་ན། གནམ་སའི་བར་གྱི་འཕྲིན་གཏོང་གྲུབ་པ་དང་། དེའི་རྐྱེན་གྱིས་ངེས་པར་དུ་གློག་གྱེས་རིམ་པའི་ལྡོག་འཕྲོ་བྱེད་མི་ཐུབ་པར་མ་ཟད། ཆར་བ་དང་སྨུག་པ་སོགས་བསྡུ་ལེན་དེ་འདྲ་ཚབས་ཆེན་མ་ཡིན་པའི་ཟློས་ཕྱོད་ཁྱབ་ཁོངས་བདམས་གསེས་བྱ་དགོས། དེ་ནི་གནམ་སའི་བར་གྱི་འཕྲིན་གཏོང་གི་སྐར་ཁུང་ཞེས་པ་དེ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
传输媒介
བརྒྱུད་གཏོང་ཁྱད་གཤིས།
ལད་ཟློས་བརྡ་རྟགས་བསྐུར་བ།
བརྒྱུད་སྦྲེལ་རང་བཞིན།
ཚེག་ནས་ཚེག་དང་ཡང་ན་ཚེག་མང་འབྲེལ་མཐུད།
ས་ཁམས་ཀྱི་ཁྱབ་ཁོངས།
འཛུགས་བསྐྲུན་དངོས་པོའི་ནང་དང་འཛུགས་བསྐྲུན་དངོས་པོའི་བར།
1 ཁྱད་གཤིས།

བརྒྱུད་གཏོང་བར་རྫས་ནི་འཕྲིན་གཏོང་དྲ་རྒྱའི་ཁྲོད་དུ་གཏོང་མཁན་དང་སྡུད་ལེན་མཁན་བར་གྱི་དངོས་ལུགས་བརྒྱུད་ལམ་ཡིན་པ་དང་། རྩིས་འཁོར་དྲ་རྒྱའི་ཁྲོད་དུ་སྤྱོད་པའི་བརྒྱུད་གཏོང་བར་རྫས་ལ་སྐུད་ལྡན་དང་སྐུད་མེད་རིགས་ཆེན་པོ་གཉིས་ཡོད་པ་དང་། གཅུས་སྐུད་ཟུང་མ་དང་མདའ་གཅིག་གློག་ཐག འོད་སྐུད་བཅས་རྒྱུན་སྤྱོད་ཀྱི་བརྒྱུད་གཏོང་བར་རྫས་རིགས་གསུམ་ཡོད། འཁོར་སྐར་འཕྲིན་གཏོང་། སྐུད་མེད་འཕྲིན་གཏོང་། དམར་ཕྱིའི་འཕྲིན་གཏོང་། སྐུལ་འོད་འཕྲིན་དང་། དེ་བཞིན་རླབས་ཕྲན་འཕྲིན་གཏོང་གི་ཆ་འཕྲིན་ཐེག་གཟུགས་ཚང་མ་ནི་སྐུད་མེད་བརྒྱུད་གཏོང་བར་རྫས་ཀྱི་ཁོངས་སུ་གཏོགས་ལ། བརྒྱུད་གཏོང་བར་རྫས་ཀྱི་ཁྱད་གཤིས་ཀྱིས་དྲ་རྒྱའི་གཞི་གྲངས་འཕྲིན་གཏོང་གི་སྤུས་ཚད་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཀྱི་ཡོད་པ་རེད། ཁྱད་གཤིས་དེ་དག་ནི་གཤམ་ལྟར།

1.དངོས་ལུགས་ཁྱད་གཤིས། བརྒྱུད་གཏོང་སྨྱན་གཟུགས་ཀྱི་ཁྱད་ཆོས་གསལ་བཤད་བྱེད་པ།

2.བརྒྱུད་གཏོང་ཁྱད་གཤིས། དེའི་ནང་དུ་ལད་ཟློས་བརྡ་རྟགས་སྤྱད་ནས་བརྒྱུད་སྤྲོད་བྱས་པ་འམ་ཡང་ན་ཨང་ཀིའི་བརྡ་རྟགས་སྤྱད་ནས་བརྒྱུད་སྤྲོད་བྱས་པ་དང་། སྙོམ་སྒྲིག་ལག་རྩལ། བརྒྱུད་གཏོང་ཚད་དང་དེ་བཞིན་བརྒྱུད་གཏོང་གི་ཟློས་ཕྱོད་ཁྱབ་ཁོངས་འདུ་བ་ཡིན།

3.མཐུད་པའི་རང་བཞིན། ཚེག་ནས་ཚེག་བར་དང་ཡང་ན། ཚེག་མང་འབྲེལ་མཐུད་བྱེད་པ།

4.ས་ཁམས་ཁྱབ་ཁོངས། དྲ་ཐོག་གི་ཚེག་བར་གྱི་ཆེས་རིང་བའི་བར་ཐག་སྟེ། འཛུགས་སྐྲུན་དངོས་བོའི་ཁྲོད་དང་། འཛུགས་སྐྲུན་དངོས་བོའི་བར་རམ་ཡང་ན། རྒྱ་བསྐྱེད་དེ་གྲོང་ཁྱེར་ཡོངས་ལ་སྤྱོད་ཆོག

5.གནོད་འགོག་རང་བཞིན། འཛེར་སྒྲ་འགོག་པ་དང་། གཞི་གྲངས་བརྒྱུད་གཏོང་ལ་ཤུགས་རྐྱེན་བྱེད་པའི་ནུས་པར་གནོད་པ་འགོག་པ།

6.བལྟོས་བཅོས་རིན་གོང་། ལྷུ་ལག སྒྲིག་འཇུག་དང་སྲུང་སྐྱོང་གི་རིན་གོང་རྨང་གཞིར་བྱས་པ།

2 ཤུགས་རྐྱེན།

ཆ་འཕྲིན་བརྒྱུད་གཏོང་བརྒྱུད་པའི་བར་སྟོང་དང་དངོས་གཟུགས་ཏེ། དེ་ནི་གློག་འཕྲིན་རྒྱུད་ཁོངས་ཀྱི་གྲུབ་ཆ་ཡིན་པ་དང་། དེའི་བྱེད་ནུས་ནི་གཏོང་མཁན་སྒྲིག་ཆས་ཀྱིས་བཏང་བའི་ཆ་འཕྲིན་སྡུད་ལེན་མཁན་ལ་བརྒྱུད་གཏོང་བྱས་ཤིང་། ཆ་འཕྲིན་དེ་བར་རྫས་ཁྲོད་དུ་བརྒྱུད་གཏོང་བྱེད་དུས་ཀྱི་ཁྱད་གཤིས་ནི་འཕྲིན་གཏོང་རྒྱུད་ཁོངས་ཀྱིས་གྲུབ་ཅིང་། ཁྱད་ཆོས་དང་འཕྲིན་གཏོང་རྒྱུ་སྤུས་ལ་ཤུགས་རྐྱེན་ཆེན་པོ་ཡོད་པ་རེད།

བར་རྫས་ཡིས་གློག་སྡུད་རླབས་ཁྱབ་སྤེལ་ལ་ཐེབས་པའི་ཤུགས་རྐྱེན་གཙོ་བོ་ཕྱོགས་གཉིས་ཡོད་དེ། གཅིག་ནི་ཁྱབ་སྤེལ་སྐབས་ཀྱི་ཁྱབ་མཆེད་དང་དེ་བཞིན་བར་རྫས་ཀྱི་བསྡུ་ལེན། ཡང་ན་ལྡོག་འཕྲོ་ཡིས་ནུས་ཚད་བྲི་བ་དང་། བརྒྱུད་གཏོང་ཟད་གྲོན་བྱུང་བ། ཟད་གྲོན་གྱི་མང་ཉུང་དང་སྐབས་བསྟུན་འགྱུར་ལྡོག་གི་གནས་ཚུལ་ནི་བར་རྫས་ཡི་ཁྱད་གཤིས་གལ་ཆེན་ཡིན།

ཅིག་ཤོས་ནི་བར་རྫས་ནང་དུ་ཁྱབ་སྤེལ་བྱེད་སྐབས་རྣལ་ཉམས་བྱུང་བ་ལ་ཟེར།།




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། འཕྲིན་གཏོང་། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།