སྐུད་མེད་གློག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐུད་མེད་གློག
སྐུད་མེད་གློག་ནི་རང་དབང་བར་སྟོང(དེའི་ནང་དུ་མཁའ་དབུགས་དང་མཁའ་དབུགས་མེད་པ)ཡོད་ཚད་ཀྱིས་ཁྱབ་སྤེལ་བྱས་པའི་གློག་སྡུད་རླབས་ཡིན་ལ། དེའི་ཁྲོད་དུ་ཚད་ཡོད་ཟློས་ཐགས་ཞིག་གི་སྟེང་གི་ཟློས་ཕྱོད་ནི300GHzཡིན་པ་དང་། འོག་གི་ཟློས་ཕྱོད་ནི་ཅུང་གཅིག་གྱུར་མིན། འཕྲོ་ཟློས་ཚད་ལྡན་ཡི་གེ་སྣ་ཚོགས་ལས་རྒྱུན་དུ་མཐོང་བ་ནི། 3KHz~300GHz(ITU-རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་གྱིས་གཏན་འབེབས་བྱས་པ།)9KHz~300GHz,10KHz~300GHz
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
无线电
ཕྱི་ཡིག་གི་མིང་།
wireless
རིགས་དབྱེ།
གློག་སྡུད་རླབས།
སྤྱད་འཐུས་ཁྱབ་ཁོངས།
གློག་རྡུལ་འཕྲིན་གཏོང་།
1 རྩ་བའི་རིགས་པ།

སྐུད་མེད་གློག་ལག་རྩལ་ནི་སྐུད་མེད་གློག་རླབས་བརྒྱུད་ནས་བརྡ་རྟགས་ཁྱབ་སྤེལ་བྱས་པའི་ལག་རྩལ་ཡིན་པ་དང་། སྐུད་མེད་གློག་ལག་རྩལ་གྱི་རྩ་བའི་རིགས་པ་ནི་འདྲེན་གཟུགས་ཁྲོད་དུ་གློག་རྒྱུན་དྲག་ཞན་གྱི་འགྱུར་ལྡོག་གིས་སྐུད་མེད་གློག་རླབས་བྱུང་བ་དང་། སྣང་ཚུལ་འདི་ལ་བརྟེན་ནས། སྙོམ་སྒྲིག་བརྒྱུད་དེ་ཆ་འཕྲིན་སྐུད་མེད་གློག་རླབས་སྟེང་དུ་སྣོན་འཇུག་བྱས་ཤིང་། གློག་རླབས་བར་སྟོང་བརྒྱུད་ནས་ཁྱབ་སྤེལ་བྱས་ཏེ་འཕྲིན་ཡིག་སྣེ་ལེན་གནས་ལ་འབྱོར་ཚེ། གློག་རླབས་ཀྱིས་རྐྱེན་བྱས་པའི་གློག་སྡུད་ར་བར་འགྱུར་བ་བྱུང་བ་དེས་འདྲེན་གཟུགས་ཁྲོད་རྒྱུན་འབྱུང་དུ་བཅུག་པ་དང་། སྒྲིག་འགྲོལ་ལ་བརྟེན་ནས་ཆ་འཕྲིན་དེ་གློག་རྒྱུན་འགྱུར་ལྡོག་ཁྲོད་ནས་ལེན་པ་དང་། དེ་བས་ཆ་འཕྲིན་བརྒྱུད་སྤྲོད་ཀྱི་དམིགས་ཡུལ་འགྲུབ་པ་རེད།

2 རྨང་གཞིའི་ཤེས་བྱ།

1.གློག་སྡུད་རླབས།

(1)བྱུང་བ། འདྲེན་གཟུགས་ཁྲོད་དུ་འགྲོས་མྱུར་འགྱུར་ལྡོག་གི་གློག་རྒྱུན་རྒྱུ་སྐབས། འདྲེན་གཟུགས་ཀྱིས་མཐའ་འཁོར་གྱི་བར་སྟོང་ལ་གློག་སྡུད་རླབས་འཕྲོ་གཏོང་བྱེད་པ་ཡིན།

(2)ཁྱབ་སྤེལ། གློག་སྡུད་རླབས་ཀྱི་ཁྱབ་སྤེལ་ལ་བར་རྫས་མི་དགོས་ཤིང་། དེ་སྟོང་སངས་ཁྲོད་ཁྱབ་སྤེལ་ཐུབ་པ་དང་བར་རྫས་ནང་དུ་འང་ཁྱབ་སྤེལ་ཐུབ་པ་ཡིན། སྐུད་མེད་གློག་འཕྲིན་གཏོང་ཁྲོད་དུ་སྤྱོད་པའི་གློག་སྡུད་རླབས་ལ་སྐུད་མེད་གློག་རླབས་ཟེར་ཞིང་། ཟློས་ཕྱོད་ཁྱབ་ཁོངས་ངེས་ཅན་ནང་དུ་ཡོད་པའི་གློག་སྡུད་རླབས་ཡིན།

(3)ཟློས་ཕྱོད། རླབས་ཀྱི་བར་ཐག་དང་མྱུར་ཚད་བར་གྱི་འབྲེལ་བ་ནི། གློག་སྡུད་རླབས་ནི་སྟོང་སངས་ཁྲོད་ཁྱབ་སྤེལ་བྱས་པའི་མྱུར་ཚད་ནི་འོད་ཚད་དང་འདྲ་ལ། མཁའ་དབུགས་ཁྲོད་ཁྱབ་སྤེལ་བྱས་པའི་མྱུར་ཚད་དང་སྟོང་སངས་ཁྲོད་ཀྱི་མྱུར་ཚད་དང་འདྲ་མཚུངས་ཡིན། ཟློས་ཕྱོད། རླབས་ཐག། རླབས་ཚད་གསུམ་བར་གྱི་འབྲེལ་བ་ནི། རླབས་ཚད=རླབས་ཐགxཟློས་ཕྱོད(ཡང་ན་རླབས་ཚད=རླབས་ཐག/འཁོར་ཡུན)གསལ་བྱེད་ཡི་གེས་མཚོན་ན། v=λf(ཡང་ན། v=λ/t)

2.སྐུད་མེད་གློག་རླུང་འཕྲིན་དང་བརྙན་འཕྲིན།

(1)སྐུད་མེད་གློག་རླབས་ནི་ཆ་འཕྲིན་སྐྱེལ་འདྲེན་ཡོ་བྱད་ཅིག་ཡིན་པ་དང་། དེ་ལ་བརྟེན་ནས་སྒྲའི་བརྡ་རྟགས་དང་བརྙན་རིས་བརྡ་རྟགས་བརྒྱུད་སྤྲོད་བྱེད་པ།

(2)འཕྲོ་གཏོང་གོ་རིམ། (རླུང་འཕྲིན་ལས་ཁུངས་དང་བརྙན་འཕྲིན་ལས་ཁུངས་ལེགས་འགྲུབ་ཡོང་བ)

(3)སྡུད་ལེན་གོ་རིམ། (སྒྲ་སྡུད་འཕྲུལ་ཆས་དང་བརྙན་འཕྲིན་ལེགས་འགྲུབ་ཡོང་བ)

3 ཟློས་ཕྱོད་ཁྱབ་ཁོངས།

1.སྐུད་མེད་གློག་ཟློས་ཕྱོད།

སྐུད་མེད་གློག་རླབས་ནང་དུ་འགྲོས་མྱུར་འདར་འགུལ་ཀྱི་ཁབ་ལེན་ར་བ་འདུ་བ་དང་། འདར་འགུལ་མྱུར་ཚད་ནི་རླབས་ཀྱི་ཟློས་ཕྱོད་ཡིན། ཧོ་ཙི(Hz)འཇལ་བྱེད་ཚད་གཞི་བྱས་ཡོད། ཧོ་ཙི་གཅིག་ནི་སྐར་ཆ་རེར་འདར་འགུལ་བྱས་པ་དང་མཚུངས། ཧོ་ཙི་སྟོང་གཅིག་ནི་ཧོ་ཙི1000དང་མཚུངས། ཟློས་ཕྱོད་མི་འདྲ་བའི་རླབས་དུམ་གྱིས་ཆ་འཕྲིན་མི་འདྲ་བ་སྣ་ཚོགས་འཕྲོ་གཏོང་བྱེད་པ་ཡིན།

2.སྐུད་མེད་གློག་ཟློས་ཐགས།

སྐུད་མེད་གློག་ནི་རླབས་ཐག་དང་ཟློས་ཕྱོད་ལ་གཞིགས་ནས་དབྱེ་ན།

(1)རླབས་རིང་། རླབས་ཐག>1000དང་ཟློས་ཕྱོད། 300KHz-30KHz

(2)རླབས་འབྲིང་། རླབས་ཐག 100M-1000Mདང་ཟློས་ཕྱོད། 300KHz-3000KHz

(3)རླབས་ཆུང་། རླབས་ཐག 100M-10Mདང་ཟློས་ཕྱོད། 3MHz~30MHz

(4)རིམ་བརྒལ་རླབས་ཐུང་། 1M-10Mདང་ཟློས་ཕྱོད། 30MHz-300MHz

(4)རླབས་ཕྲན། རླབས་ཐག 1M-1MMདང་ཟློས་ཕྱོད། 300MHz-300KMHz

སྐུད་མེད་གློག་སྤྱོད་སྒོར་གཞིགས་ནས་དབྱེ་ན། དམངས་སྤྱོད། ཚོང་སྤྱོད། དམག་སྤྱོད།

(1)དམངས་སྤྱོད། སྤྱིར་བཏང་དུ་ང་ཚོས་ཉན་བཞིན་པའི་སྐུད་མེད་རླུང་འཕྲིན་ཏེ། དེར་སྤྱིར་བཏང་གི་དེ་འདྲའི་རླབས་དུམ་མཐོན་པོ་མེད།

(2)ཚོང་སྤྱོད། གནམ་གྲུ་ཐང་དང་འཕྲིན་གཏོང་འཁོར་སྐྱོད་ཚོང་གཉེར་བྱེད་མཁན་གྱིས་སྤྱོད་པའི་སྐུད་མེད་གློག

(3)དམག་སྤྱོད། དམག་དོན་གྱི་སྤྱོད་སྒོར་བཀོལ་བའི་སྐུད་མེད་གློག




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། འཕྲིན་གཏོང་། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-02

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།