རླབས་ཕྲན་འཕྲིན་གཏོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རླབས་ཕྲན་འཕྲིན་གཏོང་།
རླབས་ཕྲན་འཕྲིན་གཏོང(Microwave Communication)ནི། རླབས་ཐག་ཧོའོ་སྨི1 ནས་སྨི1 བར་གྱི་གློག་ཁབ་ལེན་རླབས་རྒྱུན་སྤྱད་དེ་རླབས་ཕྲན་བརྒྱུད་ནས་འཕྲིན་གཏོང་བྱས་པའི་རིགས་ལ་ཟེར། རླབས་དུམ་རིང་བའི་གློག་ཁབ་ལེན་གྱི་རླབས་རྒྱུན་ལྟོས་ཟླར་གྱུར་བ་དག་གི་ཟློས་ཕྱོད་ཁྱབ་ཁོངས་ནི། 300 MHz(0.3 GHz)~300 GHz ཡིན་འོས། སྐུད་བཀྲིས་གློག་མདའི་འཕྲིན་གཏོང་དང་འོད་ཐག་འཕྲིན་གཏོང་། འཁོར་སྐར་འཕྲིན་གཏོང་སོགས་དེང་རབས་འཕྲིན་གཏོང་དྲ་རྒྱའི་བརྒྱུད་སྐུར་བྱ་ཐབས་དང་མི་འདྲ་ས་ནི། རླབས་ཕྲན་འཕྲིན་གཏོང་ནི་ཐད་ཀར་རླབས་ཕྲན་སྨྱན་རྫས་བྱས་ཏེ་འཕྲིན་གཏོང་བྱེད་པའི་རིགས་ཡིན་ལ། དེར་སྲ་གཟུགས་ཀྱི་སྨྱན་རྫས་བཀོལ་དགོས་མེད། སྣེ་གཉིས་བར་གྱི་དྲང་ཐིག་གི་རིང་ཚད་དུ་འགལ་རྐྱེན་མེད་དུས་རླབས་ཕྲན་སྤྱད་ནས་བརྒྱུད་བསྐུར་བྱས་ཆོག རླབས་ཕྲན་འཕྲིན་གཏོང་གི་ཤོང་ཚད་ཆེ་བ་དང་། རྒྱུ་སྤུས་བཟང་བ་མ་ཟད་རྒྱང་རིང་གི་གནས་སུ་བརྒྱུད་བསྐུར་བྱ་ཐུབ་པ་ཡིན། དེ་བས་དེ་ནི་རྒྱལ་ཁབ་འཕྲིན་གཏོང་གི་འཕྲིན་གཏོང་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། འཕྲིན་གཏོང་དྲ་རྒྱ་སྣ་ཚོགས་སུ་ཡོངས་ཁྱབ་དུ་སྤྱོད་པར་འཚམ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
微波通信
ཕྱི་ཡིག་གི་མིང་།
Microwave Communication
རླབས་ཀྱི་རིང་ཚད།
ཧའོ་སྨི 1ནས་སྨི 1བར་ཡིན།
རླབས་ཕྲན་གྱི་རིགས།
གློག་རྡུལ་རླབས་རྒྱུན།
ཉེར་སྤྱོད་རིག་ཚན།
འཕྲིན་གཏོང་།
1 མདོར་འགྲེལ།

རླབས་ཕྲན་འཕྲིན་གཏོང་གིས་རླབས་རྒྱུན་རིང་ཐུང་སྨི1ནས་ཧོའོ་སྨི 0.1གི་གློག་ཁབ་ལེན་རླབས་རྒྱུན་ཚད་ཀྱིས་འཕྲིན་གཏོང་བྱེད་ཀྱི་ཡོད་ལ། དེར་ས་ངོས་རླབས་ཕྲན་སྡུད་ནུས་ཀྱི་འཕྲིན་གཏོང་དང་། ལྟོས་རྒྱུགས་འཕྲོ་འཐོར་གྱི་འཕྲིན་གཏོང་། འཁོར་སྐར་འཕྲིན་གཏོང་། བར་སྟོང་འཕྲིན་གཏོང་སོགས་འདུ་བ་ཡིན། རླབས་ཕྲན་འཕྲིན་གཏོང་ཟློས་ཐག་གི་བེད་སྤྱོད་རྒྱ་ཆེ་བ་དང་། འཕྲིན་གཏོང་གི་ཤོང་ཚད་ཆེ་བ། བརྒྱུད་བསྐུར་གྱི་ནོར་སྐྱོན་འབྱུང་ཚད་ཆུང་བ། གནོད་འགོག་ནུས་པ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། དེས་སྣེ་གཅིག་ནས་སྣེ་གཞན་ཞིག་དང་ཡང་ན་སྣེ་གཅིག་གནས་སྣེ་མང་པོར་རྒྱང་སྒྲོག་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱོད་ཀྱི་ཡོད།

2 འཕེལ་རྒྱས་ཀྱི་བརྒྱུད་རིམ།

རླབས་ཕྲན་གྱི་འཕེལ་རྒྱས་དང་སྐུད་མེད་འཕྲིན་གཏོང་གི་འཕེལ་རྒྱས་གཉིས་ནི་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ལ། སྤྱི་ལོ1901 ལོར་མར་ཁའེ་ནིས 800KHz བེད་སྤྱོད་བྱས་པའི་གོ་རིམ་ཁྲོད་དུ་རླབས་ཕྲན་གྱི་བརྡ་རྟགས་དེ་དབྱིན་ཇི་ནས་བྱང་ཨ་མི་རི་ཀའི་ནེའུ་ཧྥིང་ལན་གླིང་དུ་འཛམ་གླིང་སྟེང་ཆེས་ཐོག་མར་རྒྱ་མཚོ་ལས་བརྒལ་བའི་སྐུད་མེད་གློག་རླབས་ཀྱི་འཕྲིན་གཏོང་ཚོད་ལྟ་བྱས་ཏེ། མིའི་རིགས་ཀྱིས་སྐུད་མེད་འཕྲིན་གཏོང་སྤྱོད་པའི་དུས་རབས་གསར་བ་ཞིག་གི་སྒོ་འཕར་ཕྱེས་པ་རེད། དུས་རབས20 བའི་ལོ་རབས20 མགོར་མི་རྣམས་ཀྱིས་རླབས་ཐུང་འཕྲིན་གཏོང་གི་བྱེད་ཐབས་རྙེད་དེ། དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུའི་འཁོར་སྐར་འཕྲིན་གཏོང་བེད་སྤྱོད་བྱེད་པའི་བར་དུ་ཡོང་པ་རེད། དེ་ནི་རྒྱལ་སྤྱིའི་བར་ཐག་རིང་བའི་འཕྲིན་གཏོང་གི་བྱེད་ཐབས་གཙོ་བོ་ཡིན་ལ། མིག་སྔར་སྔར་བཞིན་གསང་བའི་དོན་དག་དང་དམག་དོན་འཕྲིན་གཏོང་ལ་དགོས་གལ་ཆེན་པོ་ལྡན།

བར་སྟོང་དུ་འདྲེན་གཏོང་བྱེད་པར་བཀོལ་བའི་གློག་རླབས་ནི་གློག་ཁབ་ལེན་གྱི་རླབས་རྒྱུན་རིགས་ཤིག་ཡིན་པ་དང་། བརྒྱུད་སྒྲོག་བྱེད་པའི་མྱུར་ཚད་ནི་འོད་ཀྱི་མྱུར་ཚད་དང་མཚུངས། མི་རྣམས་ཀྱིས་ཟློས་ཕྱོད་མཐོ་བའི 300MHz ཡི་གློག་ཁབ་ལེན་གྱི་རླབས་རྒྱུན་ལ་རླབས་ཕྲན་ཞེས་འབོད་ཀྱི་ཡོད།

སྤྱི་ལོ1931 ལོར་དབྱིན་ཇིའི་ཏའོ་ཧྥུའུ་དང་ཧྥ་རན་སིའི་ཅཱ་ལེའི་བར་དུ་འཛམ་གླིང་སྟེང་གི་ཆེས་ཐོག་མའི་རླབས་ཕྲན་འཕྲིན་གཏོང་གི་གློག་ལམ་བཙུགས་པ་རེད། འཛམ་གླིང་འཁྲུགས་ཆེན་གཉིས་པའི་རྗེས་སུ། རླབས་ཕྲན་ནུས་མཐུད་འཕྲིན་གཏོང་ལ་འཕེལ་རྒྱས་ཆེན་པོ་བྱུང་པ་དང་། སྤྱི་ལོ1955 ལོར་བར་སྣང་འགྱེད་འཕྲོའི་འཕྲིན་གཏོང་དེ་བྱང་ཨ་མི་རི་ཀ་རུ་ཚོད་ལྟ་བྱས་པ་ལེགས་གྲུབ་བྱུང་།

དུས་རབས20 བའི་ལོ་རབས50 བ་ནས་འཁོར་སྐར་འཕྲིན་གཏོང་ལ་ཚོད་ལྟ་བྱེད་པའི་འགོ་བརྩམས་པ་དང་། ལོ་རབས 60 བའི་དཀྱིལ་ཙམ་དུ་བེད་སྤྱོད་བཏང་པ་རེད། དེར་བརྟེན་རླབས་ཕྲན་གྱི་རླབས་རྒྱུན་ཟློས་ཕྱོད་ཀྱི་འབྱུང་ཁུངས་དེ་ཕུན་སུམ་ཇེ་ཚོགས་དང་བཀོད་རྒྱ་ཆེ་རུ་ཕྱིན་ཡོད། དེ་བས་གློག་སྒུལ་འཕྲིན་གཏོང་སོགས་ཀྱང་རླབས་ཕྲན་རླབས་རྒྱུན་གྱི་ཕྱོགས་སུ་འཕེལ་རྒྱས་བྱུང་ཡོད་པ་རེད།

རླབས་ཕྲན་འཕྲིན་གཏོང་ནི་དུས་རབས 20 བའི་ལོ་རབས 50 ནང་དུ་བྱུང་བའི་ཐོན་རྫས་ཤིག་ཡིན་ལ། འཕྲིན་གཏོང་གི་ཤོང་ཚད་ཆེ་ལ་མ་དངུལ་གཏོང་ཚད་དམའ་བས། འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་པ། གནོད་འགོག་གི་ནུས་པ་ཆེ་བ་སོགས་ཀྱི་བཟང་ཆ་ལྡན་པས་མགྱོགས་མྱུར་གྱིས་འཕེལ་རྒྱས་བྱུང་ཡོད་པ་རེད།

ཕྱི་རྒྱལ་གྱི་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་དག་གི་རླབས་ཕྲན་བར་སྦྲེལ་འཕྲིན་གཏོང་དེ་ཐག་རིང་འཕྲིན་གཏོང་དྲ་རྒྱ་རུ་བསྡུར་ཚད50% ཡན་ཟིན་ཡོད་ཅིང་། ཨ་རིས66% དང་། ཉི་ཧོང་གིས 50%དང་།  ཧྥ་རན་སིས 54% བཅས་བཀོད་སྤྱོད་བྱེད་ཀྱི་ཡོད་པའི་བསྡོམས་རྩིས་བྱས་ཡོད།

3 སྒྲིག་ཆས་གཙོ་བོ།

རླབས་ཕྲན་ས་ཚིགས་ཀྱི་སྒྲིག་ཆས་ལ། གནམ་སྐུད་དང་། བསྡུ་གཏོང་བརྡ་རྟགས་འཕྲུལ་ཆས། སྙོམས་བསྒྲིག་འཕྲུལ་ཆས། ལམ་མང་བསྐྱར་བཀོད་སྒྲིག་ཆས་དང་གློག་ཁུངས་སྒྲིག་ཆས། རང་འགུལ་ཚོད་འཛིན་སྒྲིག་ཆས་སོགས་ཡོད།

3_1 བརྒྱུད་སྒྲོག་གི་ཁྱད་ཆོས།

རླབས་ཕྲན་འཕྲིན་གཏོང་གི་ཁྲོད་དུ་གློག་རླབས་དང་འབྲེལ་བའི་སྨྱན་རྫས་ལ་སའི་གོ་ལའི་ཕྱི་ངོས་དང་སའི་གོ་ལའི་རླུང་ཁམས་ཆེན་མོ། སྐར་ཁམས་ཀྱི་བར་སྟོང་སོགས་ཡོད་པ་དང་། སྨྱན་རྫས་དབྱེ་བས་བརྒྱུད་སྒྲོག་བྱེད་པའི་ནུས་པ་ལྟར། རིམ་མཐུད་ཀྱི་བར་སྨྱན་གཟུགས་སོགས་ཀྱི་དབྱེ་བ་ཕྱེས་ཡོད།

མཐོང་ཚོད་ཀྱི་བརྒྱུད་སྒྲོག་སྐབས་སུ། གཏོང་གནས་དང་བསྡུ་གནས་ཕྱོགས་སུ་སྐུད་མེད་བརྙན་སྐུད་ཀྱི་ཁྱབ་ཁོངས་སུ་ཡོད་པ་དང་། མཐོང་ཚོད་ཀྱི་བརྒྱུད་སྒྲོག་ལ་ས་ངོས་ཀྱི་རླབས་ཕྲན་མཐུད་ནུས་འཕྲིན་གཏོང་དང་། འཁོར་སྐར་འཕྲིན་གཏོང་། བར་སྟོང་གི་འཕྲིན་གཏོང་། རླབས་ཕྲན་སྤོ་སྒུལ་འཕྲིན་གཏོང་སོགས་སྤྱོད་ཀྱི་ཡོད།

3_2 ཁྱད་ཆོས་གཙོ་བོ།

རླབས་ཕྲན་འཕྲིན་གཏོང་ལ་ཉེན་འགོག་གི་རང་བཞིན་བཟང་པོ་ལྡན་ཏེ། ཆུ་རླུང་གི་གནོད་སྐྱོན་དང་ས་འགུལ་སོགས་རང་བྱུང་གི་གནོད་སྐྱོན་གྱིས། རླབས་ཕྲན་འཕྲིན་གཏོང་ལ་སྤྱིར་བཏང་དུ་གནོད་སྐྱོན་ཐེབས་མི་ཐུབ། འོན་ཀྱང་རླབས་ཕྲན་གྱིས་བར་སྟོང་དུ་བརྒྱུད་བསྐུར་བྱེད་དུས་གནོད་སྐྱོན་ཐེབས་སླ་བ་ཡིན། དེ་བས་རླབས་ཕྲན་གློག་ལམ་ལ་སྐུད་མེད་གློག་ལ་དོ་དམ་བྱེད་པའི་ལས་ཁུངས་ཀྱིས་ངེས་པར་དོ་དམ་ནན་མོའི་འོག་འཛུགས་སྐྲུན་བྱེད་དགོས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།