འཕྲོ་ཟློས་ལག་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཕྲོ་ཟློས་ལག་རྩལ།
འཕྲོ་ཟློས་ལག་རྩལ(RF)ནི(Radio Frequency)བསྡུས་འབྲི་ཡིན་ལ། རྒྱུན་མཐོང་གི་ཉེར་སྤྱོད་ནི་སྐུད་མེད་འཕྲོ་ཟློས་ངོས་འཛིན(Radio Frequency Identification,RFID)རྒྱུན་དུ་འབོད་པའི་ལྟོས་འབྱུང་ཚུལ་གྱི་གློག་རྡུལ་བདར་ལྷེབ་དང་། ཡང་ན་ཉེ་མཐུད་བྱང་བུ། ཚོར་སྐྱེད་བྱང་བུ། འཕྲད་མིན་བྱང་བུ། གློག་རྡུལ་གདོང་འཛར། གློག་རྡུལ་ཤར་ཨང་སོགས་ཡོད། དེའི་རྩ་བའི་རིགས་པ་ནི་བཤར་འབེབ་ཆས་ཀྱིས་དམིགས་གསལ་གྱི་ཟློས་ཕྱོད་འཕྲོ་གཏོང་བྱས་ཏེ། སྐུད་མེད་གློག་རླབས་ནུས་ཚད་སྡུད་ཆས་ལ་བསྐྱལ་པ་དང་། སྐུལ་ཆས་སྡུད་ཆས་ཡི་གློག་ལམ་གྱི་ནང་ཁུལ་གྱི་ཚབ་ཨང་ཕྱིར་སྐྱེལ་བྱེད་པས། སྐབས་འདིར་བཤར་འབེབས་ཆས་ཡིས་སྟབས་བདེ་ངང་ཚབ་ཨང་འདི་སྡུད་ལེན་ཐུབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
射频
1 རྒྱུད་ཁོངས་ཀྱི་གྲུབ་ཚུལ།

ཆེས་གཞི་རྩའིRFIDརྒྱུད་ཁོངས་ནི་ཆ་ཤས་གསུམ་ལས་གྲུབ་པ་སྟེ།

1.གདོང་འཛར། (Tag)གཉུག་ལྷུ་ཟུང་སྦྱོར་དང་དེ་བཞིན་ཉིང་ལྷེབ་ཀྱིས་གྲུབ་པ་དང་། གདོང་འཛར་རེར་གློག་རྡུལ་སྒྲིག་ཨང་རེ་ཡོད་པ་དང་། དངོས་པོའི་སྟེང་དུ་དམིགས་འབེན་བྱ་ཡུལ་ཀྱི་ངོ་རྟགས་སྦྱར་ཡོད།

2.ཀློག་ཆས། (Reader)གདོང་འཛར་ཆ་འཕྲིན་འདོན་ལེན་བྱེད་པའི་སྒྲིག་ཆས་སྟེ། ལག་པར་རམ་འདེགས་བྱེད་པ་འམ་ཡང་ན་གཏན་འཇགས་ཀྱི་རྣམ་པར་ཇུས་འགོད་བྱས་ཆོག

3.གནམ་སྐུད། (Antenna)གདོང་འཛར་དང་ཀློག་ཆས་བར་གྱི་བརྒྱུད་སྤྲོད་འཕྲོ་ཟློས་བརྡ་རྟགས་ཡིན།

2 ཉེར་སྤྱོད་ཀྱི་ཁྱབ་ཁོངས།

1.   དངོས་རྫས་འཁོར་རྒྱུག དངོས་རྫས་འཁོར་རྒྱུག་ཁྲོད་ཀྱི་བརྒྱུད་རིམ་ཁྲོད་ཀྱི་དངོས་ཟོག་རྗེས་རྙེག་དང་ཆ་འཕྲིན་རང་འགུལ་བསྡུ་སྒྲིག བཀར་འཇུག་བེད་སྤྱོད། གྲུ་ཁའི་བེད་སྤྱོད། སྦྲག་སྲིད་དང་མྱུར་སྐྱེལ།

2.སིལ་ཚོང་། ཚོང་ཟོག་གི་ཕྱིར་འཚོང་གཞི་གྲངས་དུས་ཐོག་བསྡོམས་རྩིས་དང་ཚོང་ཟོག་ཁ་གསབ། རྐུན་འགོག

3.བཟོ་སྐྲུན་ལས་རིགས། གཞི་གྲངས་ཐོན་སྐྱེད་བྱེད་པའི་དུས་ཐོག་ལྟ་སྐུལ་ཚོད་འཛིན་དང་སྤུས་ཚད་རྗེས་རྙེགས། ཐོན་སྐྱེད་རང་འགུལ་ཅན།

4.གྱོན་ཆས་ལས་རིགས། ཐོན་སྐྱེད་རང་འགུལ་ཅན། བཀར་འཇུག་དོ་དམ། སྤུས་རྟགས་དོ་དམ། ཐོན་རྫས་རྐྱང་མའི་དོ་དམ།

5.སྨན་བཅོས། སྨན་བཅོས་འཕྲུལ་ཆས་དོ་དམ། ནད་པའི་ཐོབ་ཐང་ངོས་འཛིན།

6.ཐོབ་ཐང་ངོས་འཛིན། གློག་རྡུལ་ལམ་ཡིག་དང་ཐོབ་ཐང་ལག་འཁྱེར། སློབ་མའི་དཔང་ཡིག་སོགས་གློག་རྡུལ་དཔང་ཡིག་སྣ་ཚོགས་ཡོད།

7.རྫུན་འགོག དངོས་རྫས་རྩ་ཆེན(དུ་ཆང་དང་སྨན་རྫས)རྫུན་འགོག འཛིན་ཤོག་རྫུན་འགོག་སོགས་ཡོད།

8.རྒྱུ་ནོར་དོ་དམ། རྒྱུ་ནོར་སྣ་ཚོགས(རྩ་ཆེ་བ་དང་ཡང་ན་གྲངས་ཀ་འབོར་ཆེན་ཡོད་པའི་རིགས། ཡང་ན། ཉེས་ཅན་དངོས་རྫས་སོགས)

9.འགྲིམ་འགྲུལ། མྱུར་བགྲོད་གཞུང་ལམ་སྟེང་རླངས་འཁོར་མི་འདུག་པ། གླ་གཏོང་རླབས་འཁོར་གྱི་དོ་དམ། སྤྱི་སྤྱོད་རླངས་འཁོར་ལྟེ་གནས་དོ་དམ།

10.ཟས་རིགས། ཤིང་འབྲས། སྔོ་ཚལ། ཟས་རིགས་སོགས་གསོས་ཉར་ཚད་དོ་དམ།

11.སྲོག་ཆགས་ངོས་འཛིན། སྲོག་ཆགས་གསོ་སྦྱོང་། སྒོ་ཕྱུགས་ཕྱུགས་ལས། གཅེས་ཉར་སྲོག་ཆགས་སོགས་ངོས་འཛིན།

12.དཔེ་མཛོད་ཁང་། དཔེ་ཁང་། དཔེ་མཛོད་ཁང་། དཔེ་སྐྲུན་ཁང་སོགས་ཀྱི་ཉེར་སྤྱོད།

13.རླངས་འཁོར། བཟོ་སྐྲུན། རྐུན་འགོག གནས་ངེས། རླངས་འཁོར་ལྡེ་མིག

14.མཁའ་སྐྱོད། བཟོ་སྐྲུན། འགྲུལ་པའི་གནམ་གྲུའི་སྤ་སེ། འགྲུལ་བའི་ཇ་ལག་རྗེས་སྙེག

15.དམག་དོན། རྫས་མདེལ། མེ་མདའ། དངོས་རྫས། མི་སྣ། རླངས་འཁོར་སོགས་ཀྱི་ངོས་འཛིན་དང་རྗེས་སྙེག

16.གློག་ཤུགས། རིག་ལྡན་གློག་ཤུགས་སྐོར་ཞིབ། གློག་ཤུགས་རྒྱུ་ནོར་དོ་དམ།

17.དེ་མིན། གསར་སྤེལ་བྱེད་དགོས་པའི་རིགས།




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། འཕྲིན་གཏོང་། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-01

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།