བཅར་འདྲིའི་ཁྱད་ཆོས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཅར་འདྲིའི་ཁྱད་ཆོས།
གསར་འགོད་པས་བཅར་འདྲི་ཞུ་ཡུལ་འདྲ་མིན་སྣ་ཚོགས་ལ་དུས་ཚོད་ཐུང་ཐུང་ནང་བཀའ་འདྲི་ཞུས་ཏེ་གསར་འགྱུར་ལ་མཁོ་བའི་ཆ་འཕྲིན་གང་མང་ཐོབ་ཐུབ་པ་བྱ་རྒྱུ་དེ་རེད། གསར་འགོད་པས་བཅར་འདྲི་ཞུ་ཡུལ་དང་བཅར་འདྲི་བྱེད་པའི་ཆ་དེ་ནི་སྤྱི་ཚོགས་ཐོག་གི་མི་དང་མིའི་བར་འབྲེལ་བ་བྱེད་པའི་རྣམ་པའི་ཁྱད་ཆོས་ཤིག་མངོན་གྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
采访特征
1 ངོ་སྤྲོད་མདོར་བསྡུས།

གསར་འགོད་པས་བཅར་འདྲི་ཞུ་ཡུལ་འདྲ་མིན་སྣ་ཚོགས་ལ་དུས་ཚོད་ཐུང་ཐུང་ནང་བཀའ་འདྲི་ཞུས་ཏེ་གསར་འགྱུར་ལ་མཁོ་བའི་ཆ་འཕྲིན་གང་མང་ཐོབ་ཐུབ་པ་བྱ་རྒྱུ་དེ་རེད། གསར་འགོད་པས་བཅར་འདྲི་ཞུ་ཡུལ་དང་བཅར་འདྲི་བྱེད་པའི་ཆ་དེ་ནི་སྤྱི་ཚོགས་ཐོག་གི་མི་དང་མིའི་བར་འབྲེལ་བ་བྱེད་པའི་རྣམ་པའི་ཁྱད་ཆོས་ཤིག་མངོན་གྱིན་ཡོད། དེའི་ཁྱད་ཆོས་འདི་ལྟ་སྟེ།

1_1 བཅའ་ཁྲིམས་ཀྱི་བཀག་རྒྱ་མེད་པ།

དེ་ལྟར་གསར་འགོད་པའི་བཅར་འདྲིའི་བྱེད་སྒོ་དེ་ནི་ཁྲིམས་དཔོན་གྱིས་གནས་ཚུལ་བརྟག་དཔྱད་བྱ་ཡུལ་ལ་ཚོད་འཛིན་བྱེད་པའི་དབང་ཆ་ཡོད་ལ། ཚོད་འཛིན་ཡང་བྱ་ཆོག་པ་ཞིག་རེད། གཞན་ཡང་སྐྱེ་བོ་གང་ཞིག་ཁྲིམས་སར་མི་དཔང་དུ་གྱུར་སྐབས་ངེས་པར་དུ་ཁྲིམས་ལུགས་ལྟར་མི་དཔང་བྱ་དགོས་པ་དེ་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་སྤྱི་འབངས་ཀྱི་གཟུར་དུ་མེད་པའི་འགན་འཁྲི་ཞིག་ཀྱང་རེད། དེ་ཡང་གསར་འགོད་པས་བཅར་འདྲི་ཞུ་ཡུལ་ལ་བཅར་འདྲི་བྱེད་པའི་གནས་སྐབས་དེར་བཅའ་ཁྲིམས་ཀྱིས་ཚོད་འཛིན་བྱེད་པའི་དབང་ཆ་མེད་པ་རེད། བཅར་འདྲི་ཞུ་ཡུལ་གྱིས་བཅར་འདྲི་དང་ལེན་བྱེད་དང་མ་བྱེད་སོ་སོ་རང་ཉིད་ཀྱིས་ཐག་ཆོད་བྱ་རྒྱུ་ལས་གསར་འགོད་པས་བཅར་འདྲི་དང་ལེན་བྱེད་དུ་འཇུག་པའི་ཚོད་འཛིན་བྱེད་དབང་མེད།

1_2 སྲིད་འཛིན་གྱི་བཀག་རྒྱ་མེད་པ།

བཅར་འདྲིའི་བྱེད་སྒོ་དེ་སྲིད་འཛིན་གྱི་བྱེད་སྒོ་ཞིག་མིན་སྟབས་སྲིད་འཛིན་གྱིས་ཚོད་འཛིན་བྱ་མི་ཆོག སྨྱན་སྦྱོར་ཚན་པ་ནི་སྤྱི་ཚོགས་ཀྱི་སྲིད་འཛིན་ལས་ཁུངས་དང་ཐ་དད་དུ་ཡོད་པའི་རང་ཚུགས་ཐུབ་པའི་གླེང་ཕྱོགས་མཚམས་སྦྱོར་བྱེད་མཁན་གྱི་ལས་ཁུངས་ཤིག་ཡིན་པས་སྲིད་འཛིན་གྱིས་ཚོད་འཛིན་བྱེད་མི་ཐུབ།

1_3 གོ་གནས་འདྲ་མཉམ་ཡིན་པ།

དེ་ནི་གསར་འགོད་པ་དང་བཅར་འདྲི་ཞུ་ཡུལ་ཚང་མ་བཅར་འདྲི་བྱེད་པའི་གནས་སྐབས་སུ་གོ་གནས་འདྲ་མཉམ་ཡིན་པ་ལས་མཐོ་བ་དང་དམའ་བའི་ཁྱད་པར་མེད་ལ་མཆོག་དང་དམན་གྱི་དགར་ས་ཡང་མེད་དོ།།

1_4 གདམ་ག་རང་དབང་ཡིན་པ།

དེ་ནི་བཅར་འདྲི་བྱེད་མཁན་དང་བཅར་འདྲི་བྱ་ཡུལ་གཉིས་ཕན་ཚུན་སུས་སུ་གདན་ག་བྱ་རྒྱུ་དེ་རང་དབང་ཡིན།

1_5 ཕན་ཚུན་བློ་འབྱེད་རང་བཞིན་ཆེ་ཞིང་འགུལ་སྐྱོད་རང་བཞིན་ཆེ་བ་ཞིག་རེད།

དེ་ནི་གསར་འགོད་པས་བཅར་འདྲི་ཞུ་ཡུལ་དང་བཅར་འདྲི་བྱེད་པའི་གནས་སྐབས་སུ་ཕན་ཚུན་གཉི་ས་བློ་སྒོ་འབྱེད་རེས་བྱེད་པ་དང་། སྐུལ་མ་གཏོང་རེས་བྱེད་པ། ཤུགས་རྐྱེན་ཐེབས་རེས་བྱེད་ཀྱི་ཡོད་པ་སྟེ། གསར་འགོད་པའི་དྲི་བ་དེས་བཅར་འདྲི་ཞུ་ཡུལ་ལ་བློ་སྒོ་འབྱེད་ཐུབ་པ་དང་། བཅར་འདྲི་ཞུ་ཡུལ་གྱི་དྲིས་ལན་དེས་ཀྱང་གསར་འགོད་པར་བློ་སྒོ་འབྱེད་ཐུབ་པའི་ཁྱད་ཆོས་མཆིས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།