གཞི་གྲངས་འཕྲིན་གཏོང།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཞི་གྲངས་འཕྲིན་གཏོང་ནི་འཕྲིན་གཏོང་ལག་རྩལ་དང་རྩིས་འཁོར་ལག་རྩལ་མཉམ་འབྲེལ་གྱིས་ཐོན་པའི་འཕྲིན་གཏོང་གི་བྱེད་ཐབས་རིགས་ཤིག་ཡིན་ལ། དེ་ནི་གནས་གཉིས་ཀྱི་བར་དུ་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པར་ངེས་པར་དུ་བརྒྱུད་སྤྲོད་འཕྲིན་ལམ་ཡོད་དགོས་པ་ཞིག་ཡིན། བརྒྱུད་སྤྲོད་སྨྱན་གཟུགས་མི་འདྲ་བར་གཞིགས་ནས། སྐུད་ལྡན་གཞི་གྲངས་ཀྱི་འཕྲིན་གཏོང་དང་སྐུད་མེད་གཞི་གྲངས་འཕྲིན་གཏོང་རིགས་གཉིས་སུ་དབྱེ་ཡོད། ཡིན་ན་ཡང་། དེ་གཉིས་གང་ཡིན་ཡང་བརྒྱུད་སྤྲོད་འཕྲིན་ལམ་དེ་གཞི་གྲངས་མཐའ་སྣེ་དང་རྩིས་འཁོར་གཉིས་མཉམ་དུ་སྦྲེལ་ནས་བྱུང་བ་ཞིག་ཡིན་ལ། གནས་མི་འདྲ་བའི་གཞི་གྲངས་ཀྱི་མཐའ་སྣེ་རུ་མཉེན་ཆས་དང་སྲ་ཆས། བརྡ་འཕྲིན་ཡོང་ཁུངས་བཅས་ཀྱིས་མཉམ་དུ་སྤྱོད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
数据通信
ཕྱི་ཡིག་གི་མིང་།
datacommunications
གཙོ་སྒྲུབ་ལས་ཁུངས།
ཆ་འཕྲིན་ཐོན་ལས་གཞི་གྲངས།
པར་སྐྲུན་བྱ་ཡུལ།
པེ་ཅིང་གྲོང་ཁྱེར།
གསར་བཏོད་དུས་ཚོད།
སྤྱི་ལོ1980 ལོ།
ཉེར་སྤྱོད་རིག་ཚན།
རྩིས་འཁོར། འཕྲིན་གཏོང་།
1 གོ་དོན།

གཞི་གྲངས་འཕྲིན་གཏོང་ནི་འཕྲིན་གཏོང་ལག་རྩལ་དང་རྩིས་འཁོར་ལག་རྩལ་མཉམ་འབྲེལ་གྱིས་ཐོན་པའི་འཕྲིན་གཏོང་གི་བྱེད་ཐབས་རིགས་ཤིག་ཡིན་ལ། དེ་ནི་གནས་གཉིས་ཀྱི་བར་དུ་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པར་ངེས་པར་དུ་བརྒྱུད་སྤྲོད་འཕྲིན་ལམ་ཡོད་དགོས་པ་ཞིག་ཡིན།

2 འཕེལ་རྒྱས་ཀྱི་བརྒྱུད་རིམ།

དུས་རིམ་དང་པོ། སྐད་ཆ་གཙོ་བོ་ཡིན་ལ། མི་ཤུགས་དང་རྟ་ཤུགས། མེ་སྒྲོན་སོགས་གདོད་མའི་བརྡ་འཕྲིན་བརྒྱུད་སྐུར་བྱེད་ཐབས་སྤྱོད་པ།

དུས་རིམ་གཉིས་པ། ཡི་གེ་དང་སྦྲགས་སྲིད་ཀྱི་བྱེད་ཐབས་སྤྱོད་པ།

དུས་རིམ་གསུམ་པ། པར་འདེབས་ཀྱི་ཐབས།

དུས་རིམ་བཞི་བ། གློག་འཕྲིན་དང་ཁ་པར། རྒྱང་སྒྲོག་སྤྱོད་པ།

དུ་རིམ་ལྔ་བ། བརྡ་འཕྲིན་གྱི་དུས་རབས། སྐད་ཆའི་བརྡ་འཕྲིན་ཕུད་ད་དུང་གཞི་གྲངས་དང་པར་རིས་ཀྱི་བྱེད་ཐབས་སྤྱོད་ཀྱི་ཡོད།

དུས་རབས19 འི་ལོ་རབས30 འི་ནང་དུ་འཕྲིན་གཏོང་ལ་གློག་འཕྲིན་སྤྱོད་པའི་འགོ་བརྩམས་པ་ཡིན། སྤྱི་ལོ1831 ལོར་ཧྥ་ལ་ཏཱིས་གློག་ཁབ་ལེན་ཚོར་རྟོག་བྱུང་པ་དང་། སྤྱི་ལོ1837 ལོར་མའོ་ཨར་སིས་གློག་འཕྲིན་གསར་གཏོད་བྱས། སྤྱི་ལོ1873 ལོར་མར་ཁེ་སི་ཝེ་ཨར་གྱིས་གློག་ཁབ་ལེན་ར་བའི་གཞུང་ལུགས་བརྩམས། སྤྱི་ལོ1876 ལོར་པེ་ཨར་གྱིས་ཁ་པར་གསར་གཏོད་བྱས་པ་དང་། སྤྱི་ལོ1895 ལོར་མཱ་ཁེ་ནེ་ཡིས་སྐུད་མེད་གློག་གསར་གཏོད་བྱས་པ་སོགས་ཀྱིས། གློག་འཕྲིན་གྱི་དུས་རབས་གསར་བ་ཞིག་གི་སྒོ་འཕར་ཕྱེས་པ་རེད། དེ་ནས་བཟུང་དུས་བསྟུན་གྱིས་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་ཕྱོགས་སུ་རྒྱུད་མ་ཆད་པར་ཆས་བཞིན་ཡོད།

3 རིགས་དབྱེ།
3_1 བརྡ་འཕྲིན་ལ་གཞིགས་ནས་དབྱེ་བ།

① ཁ་པར་འཕྲིན་གཏོང་གི་མ་ལག།

② གཞི་གྲངས་འཕྲིན་གཏོང་གི་མ་ལག།

③ སྐུད་ལྡན་བརྙན་འཕྲིན་མ་ལག

3_2 སྙོམས་བཟོ་ལ་གཞིགས་ནས་དབྱེ་ན།

① གཞི་སྐུད་བརྒྱུད་སྤྲོད།

② སྙོམས་བཟོའི་བརྒྱུད་སྤྲོད།

3_3 བརྒྱུད་སྤྲོད་བརྡ་རྟགས་ཀྱི་ཁྱད་གཤིས་ལྟར་དབྱེ་ན།

①  ལད་ཟློས་འཕྲིན་གཏོང་གི་མ་ལག

②  གྲངས་ཀའི་འཕྲིན་གཏོང་མ་ལག

4 ཁྱད་ཆོས།

གཞི་གྲངས་འཕྲིན་གཏོང་ལ་རིགས་མི་འདྲ་བའི་གློག་འཕྲིན་མང་པོ་དང་། ཁ་པར་འཕྲིན་གཏོང་གི་ཁྱད་ཆོས་མངའ། དེས་གཙོ་བོ“མི—འཕྲུལ་ཆས”ཀྱི་འཕྲིན་གཏོང་དེ“འཕྲུལ་ཆས — འཕྲུལ་ཆས”སུ་འཕྲིན་གཏོང་བྱེད་པ་མངོན་འགྱུར་བྱེད་ཀྱི་ཡོད། ཡིན་ན་ཡང“མི—མི”འི་བར་གྱི་འཕྲིན་གཏོང་ཡང་དེར་འདུས་ཡོད། གཞི་གྲངས་འཕྲིན་གཏོང་གི་ཁྲོད་དུ་བརྒྱུད་སྐུར་བྱེད་པའི་བརྡ་འཕྲིན་དེ་ཆ་སྙོམས་ཀྱིས་གཉིས་འཕར་ལུགས་ཀྱི་གཞི་གྲངས་ཀྱི་རྣམ་པས་མཚོན་གྱི་ཡོད། འདིར་བརྡ་འཕྲིན་གཏོང་སྡུད་ལ་ཚན་རིག་རྩིས་རྒྱག་དང་བརྒྱུད་རིམ་ཚོད་འཛིན་སོགས་སྒྲ་ཡངས་འཇུག་གི་བརྡ་འཚོལ་སྡུད་འདུ་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།