ཇེ་མེལ(Gmail)
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཇེ་མེལ(Gmail)
དེང་གི་དུས་སུ། Googleནི་འཛམ་གླིང་ཁྱོན་ན་བརྡ་འཕྲིན་དྲ་བའི་ཞབས་ཞུ་མ་ལག་རྒྱ་ཆེ་ཞིང་བརྡ་འཕྲིན་མ་ལག་གི་གསང་རྒྱ་དམ་པ་ཞིག་ཡིན། ཚོགས་པ་འདིས་གསར་དུ་བཏོད་པའི་བརྡ་འཕྲིན་ཡོ་བྱད་ལ། ཆ་འཕྲིན་འཚོལ་ཞིབ་དྲ་བwww.google.comདང་། དྲ་འཕྲིནemailགཏོང་ལེན་གྱི་ཞབས་ཞུའི་ཡོ་བྱདGmailདང། སྒྲ་གཟུགས་ཡིག་གསུམ་གྱི་དྲ་ཐོག་གླེང་མོལ་མཉེན་ཆསGoogle Talkདང་། ས་ཁྲའི་ཡོད་བྱདGoogle Earthལ་སོགས་ཡོད། དགའ་འོས་པ་ཞིག་ལ། Googleབརྡ་འཕྲིན་མ་ལག་ཏུ་ཧི་གཟུགས་བོད་ཡིག་བཀོལ་ཆོག འཛམ་གླིང་གི་མི་ཕལ་མོ་ཆེས་ལག་ལེན་ཁྲོད་ནས་བརྡ་འཕྲིན་ཡོ་བྱད་འདི་དག་ནི་བཀོལ་བདེ་ལ་གསང་རྒྱ་དམ་པོ་ཡིན་པར་བློ་འཁེལ་ཡོད། འདིར་སྐབས་སུ་བབ་པའི་ཇེ་མེལ་གྱི་ངོ་སྤྲོད་རག་ཙམ་བྱའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
Gmail
ཉེར་སྤྱོད་ལས་སྟེགས།
iOS Android PC
ཤོང་ཚད།
15Gལས་བརྒལ་ཡོད།
གསར་སྤེལ་ཚོང་བ།
Google
1 གོ་དོན།

ཇེ་མེལGmailནི་བརྡ་འཕྲིན་གྱི་གསང་རྒྱ་དམ་པའི་གློག་འཕྲིནemailགཏོང་ལེན་དྲ་རྒྱའི་མ་ལག་ཅིག་ཡིན།

2 ཐོ་འགོད་བྱེད་སྟངས།

1.དེ་ནི་རིན་འབབ་སྤྲོད་མི་དགོས་པར་ཐོ་འགོད་དང་བེད་སྤྱད་ཆོག ཐོ་འགོད་ཀྱི་དྲ་གནས་ནིhttps://www.google.com/accounts/ServiceLoginཡིན་པ་དང་། ཐོ་འགོད་སྟངས་ནི་གློག་འཕྲིན་མ་ལག་གཞན་དང་མཚུངས་སྟེ། ལམ་སྟོན་གྱི་གོ་རིམ་ལྟར་དགོས་ངེས་ཀྱི་གནས་ཚུལ་ཁ་སྐོང་དགོས། དེར་ཁ་དོག་དམར་པོའི་རྟགས*ཡོད་པ་རྣམས་ནི་ངེས་པར་སྐོང་དགོས་པ་དང་གཞན་དག་ནི་མ་བསྐངས་ཡང་ཆོག འདིའི་སྐོར་དཔེ་རིས་ཀ་བ་ལ་གཟིགས།

1.jpg.jpg

དཔེ་རིས་ཀ་བ།

2.ཐོ་བཀོད་ཚར་ན་མཉམ་འཇོག་དགོས་པའི་དོན་ཚན་ཁ་ཤས་ཡོད་དེ། དཔེ་རིས་ཁ་བ་དང་། ག་བ་དང་པོ་དང་ག་བ་གཉིས་པ་ལྟར་དུ། རང་གི་ཇེ་མེལ་ཐེམ་ཐོའི་སྐར་ཁུང་གི་སྒྲིག་སྟངསSettingངམ་རྒྱ་ཡིག་གི(设置)ལས་དྲ་བར་འཇུག་སྟངས་ཀྱི་གདམ་ག་དེhttpsསྟེང་དུ་འཇོག་དགོས་པ་དཔེ་རིས་ག་བ་ལྟར་ཡིན། དེ་ནས་ངོས་དེའི་གཤམ་མཐའ་ནSave Changeའམ་རྒྱ་ཡིག་གི(保存更改)ཞེས་པ་དེ་མནན་ནས་གསོག་ཉར་བྱ་དགོས། དེ་མིན་བཅོས་བསྒྲིགས་ལ་ནུས་པ་མི་འབྱུང་།

httpsཞེས་པ་ནི་དྲ་བའི་མ་ལག་ནས་གཏོང་ལེན་བྱ་བའི་བརྡ་འཕྲིན་ཡོད་ཚད་གསང་བརྡར་བསྒྱུར་ནསGoogleབརྡ་འཕྲིན་གཏོང་ལེན་ཡོ་བྱད་ཕན་ཚུན་བར་མ་གཏོགས། གཞན་གྱིས་དེའི་བར་ནས་གསང་རྒྱ་གཏོར་མི་ནུས། དེ་མིན་པའིhttpཡིས་བརྡ་འཕྲིན་གསང་བརྡར་མི་སྒྱུར་བར་སྤྱིར་བཏང་གི་བརྡ་འཕྲིན་རྣམ་པའི་གཏོང་ལེན་བྱ་བ་ཡིན། httpsནི་དྲ་རྒྱའི་བརྡ་འཕྲིན་ཚོགས་གཞན་གྱིས་ཀྱང་ཉམས་སུ་ལེན་པ་ཡིན་ལ། སོ་སོར་གསང་རྒྱ་བྱ་སྟངས་མི་འདྲ་བ་ཡོད།

2.jpg.jpg

དཔེ་རིས་ཁ་པ།

3.jpg.jpg

དཔེ་རིས་ག་བ།

3.ཇེ་མེལGmailགློག་འཕྲིན་ལས་རང་གི་དུས་ཚོད་ནམ་དང་ས་ཆ་གང་ནས་ཡིག་སྒམ་ཁ་ཕྱེས་པ་དང་དྲ་གནསIPགང་ཡིན་ཐོ་འགོད་པ་ཡིན། འདི་ནི་གློག་འཕྲིན་མ་ལག་གཞན་མང་པོར་མེད་པའི་དོན་ཚན་ཞིག་ཡིན། དཔེ་རིས་ག་བ་གཉིས་པ་དང་ང་བ་ལྟར་དུ། Gmail གྱི་འབྱོར་འཕྲིན་གྱི་སྐར་ཁུང་གི་ངོས་དེའི་གཤམ་མཐའི་གཡས་ཟུར་ནDetailsཞེས་པའམ་རྒྱ་ཡིག་གི(详细)ཞེས་པའི་ཚོས་གཞི་སྔོན་པོ་ཅན་གྱི་ཡི་གེ་དེ་མནན་ན། ཡིག་སྒམ་ཁ་ཕྱེས་པའི་ཐོ་ཞིག་འཆར་འོང་བ་དང་དེ་ལ་བལྟས་ན། གཞན་གྱིས་རང་གི་ཡིག་སྒམ་གསང་གྲངས་ཤེས་ཡོད་མེད་ལྟ་ཐུབ། དཔེར་ན། ཁྱོད་ཀྱིས་ཟི་ལིང་ནས་ཇེ་མེལ་གྱི་ཐེམ་ཐོར་ཞུགས་ཡོད་ཀྱང་། ཐོ་བཀོད་པའི་གནས་ཚུལ་དུ་ཁ་འབྱེད་སའི་དྲ་གནསIPདེ་པེ་ཅིང་གི་ཡིན་ན། ཁྱོད་ཀྱི་ཇེ་མེལ་ཐེམ་ཐོ་དེ་གཞན་གྱིས་ཁ་ཕྱེས་པ་ཤེས། དེ་ལྟར་གནད་དོན་ཡོད་པ་ཤེས་ན། མྱུར་དུ་ནང་འཇུག་གི་གསང་གྲངས་བརྗེ་དགོས། གསང་གྲངས་གང་ཡིན་ཡང་དབྱིན་ཡིག་གི་གཟབ་བྲིས་ཡི་གེ་དང་། ཤད་ཀྱི་རིགས། གྲངས་ཀའི་རིགས་བསྲེས་ནས་གྲུབ་ན། མི་ངན་གྱིས་གསང་རྒྱ་གཏོར་བར་དཀའ་ངལ་ཆེ་རུ་གཏོང་ནུས་པ་ཡིན།

4.jpg.jpg

དཔེ་རིས་ང་པ།

4.གསལ་བཤད་བྱ་དགོས་པ་ནི། གལ་སྲིད་ཁྱོད་དང་དྲ་གནསIPགཅིག་པའི་ས་ཆ་ནས་གཞན་གྱིས་ཁྱོད་ཀྱི་ཇེ་མེལ་ཁ་ཕྱེ་ཡོད་ན། དྲ་གནསIPགཅིག་མཚུངས་ཡིན་ཡང་། ཁ་ཕྱེ་བའི་དུས་ཚོད་ལ་བལྟས་ཏེ་རང་གིས་ཁ་ཕྱེ་ཡོད་མིན་ཤེས་ཐུབ། ཡང་ཁྱོད་ཀྱིས་དྲ་གནས་གསང་བྱེད་ཀྱི་མཉེན་ཆསTorབེད་སྤྱོད་ཀྱིན་ཡོད་ན། རང་གི་ཁ་ཕྱེ་སའི་དྲ་གནས་དངོས་དེ་སྦས་པའི་དབང་གིས་ཐོ་རུ་བཀོད་པའི་དྲ་གནས་མི་འདྲའོ།།

ཇེ་མེལ་འཕྲིན་སྒམ་ནས་ཕྱིར་འབུད་ཐབས་ནི་དཔེ་རིས་ཅ་བ་ལྟར་ཡིན།

5.jpg.jpg

དཔེ་རིས་ཅ་བ།

5.ཐོ་མིང་དང་གསང་གྲངས་ནང་འཇུག་གི་སྐབས་སུ། ནང་འཇུག་དྲ་མིག་གི་གཤམ་ན། ཐོ་མིང་དང་གསང་གྲངས་ཉར་བ་ཞེས་པའི་ཚིག་མགོ་ན་གདམ་ངའི་དྲ་མིག་གྲུ་བཞི་སྟོང་པ་ཞིག་ཡོད། དེ་དཔེ་རིས་ཀ་བ་ན་གསལ། གལ་སྲིད་གྲུ་བཞི་སྟོང་བ་དེར་རྟགས་གང་རུང་གིས་གདམ་ག་བྱས་ཡོད་ན། དྲ་མིག་དེའི་སྟེང་དུ་ཙིག་མདའ་ཡིས་རྡེབ་ནས་སྟོང་པ་བྱ་དགོས། འོན་ཀྱང་། གློག་ཀླད་དེ་རང་ཉིད་གཅིག་པུས་བེད་སྤྱོད་པ་ཡིན་ན་དེ་ལྟར་མ་བྱས་ཀྱང་ཆོག དྲ་ཁང་སོགས་བེད་སྤྱོད་མི་སྣ་མང་པོ་ཡིན་པའི་གློག་ཀླད་ཡིན་ན། ངེས་པར་དྲ་མིག་གྲུ་བཞི་དེ་གདམ་ག་བྱས་ཡོད་མེད་ལ་གཟབ་དགོས། དེ་མིན་ཁྱོད་ཀྱི་རྗེས་སུ་མི་གཞན་ཐེམ་ཐོ་དེ་ལ་འཇུག་སྐབས་སུ། ཁྱོད་ཀྱི་ཐེམ་ཐོ་དེ་རང་བཞིན་གྱིས་ཁ་ཕྱེ་བ་ཡིན། དེ་འདྲ་བྱུང་ན་ཁྱོད་ཀྱི་ཐེམ་ཐོའི་བརྡ་འཕྲིན་གསང་བ་ཡོད་ཚད་གཞན་ལ་ཤོར་སྲིད།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-04

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།