གཡོན་རུ་བཅའ་སྡོད་སློབ་གྲྭ་དང་པོ།

གཡོན་རུ་བཅའ་སྡོད་སློབ་གྲྭ་དང་པོ་ནི་གཅན་ཚའི་ཐང་སྲིད་གཞུང་ཡོད་སའི་གཡོན་རུའི་ཁྲ་ཚང་སྐེད་དུ་ཆགས་ཡོད། སློབ་གྲྭ་འདི་ནི་སྤྱི་ལོ1964ལོར་བཙུགས་པ་ཡིན། སློབ་གྲྭ་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1792ཡོད། འཛིན་གྲྭ་དྲུག་དང་སློབ་མ་བརྒྱ་དང་སུམ་ཅུ་ལྷག་ཡོད། དགེ་བཟོ་བ་བཅུ་དྲུག་དང་ཆེད་གཉེར་དགེ་རྒན་བཅུ་གཉིས་ཡོད།

རིགས་དབྱེ།  

གཡོན་རུ་བཅའ་སྡོད་སློབ་གྲྭ་གཉིས་པ།

གཡོན་རུ་བཅའ་སྡོད་སློབ་གྲྭ་གཉིས་པ་ནི་གཅན་ཚ་རྫོང་གཅན་ཚའི་ཐང་དུ་ཡོད་ལ། སློབ་གྲྭ་དེ་ནི་སྤྱི་ལོ1998ལོར་བཙུགས་པ་ཡིན།

རིགས་དབྱེ།  

གཅན་ཚ་རྫོང་ལྷ་རྟེན་དཀྱིལ་སྙིང་ཆ་ཚང་སློབ་ཆུང་།

གཅན་ཚ་རྫོང་ལྷ་རྟེན་དཀྱིལ་སྙིང་ཆ་ཚང་སློབ་ཆུང་ནི་སྤྱི་ལོ1970ལོའི་ཟླ10བར་བཙུགས་ཤིང་། གཅན་ཚ་རྫོང་གི་ནུབ་བྱང་ཕྱོགས་སུ་ཆགས་ཡོད།

རིགས་དབྱེ།  

གཅན་ཚ་རྫོང་བྲག་ཁང་སྣ་ཁ་ཆ་ཚང་སློབ་ཆུང་།

གཅན་ཚ་རྫོང་བྲག་ཁང་སྣ་ཁ་ཆ་ཚང་སློབ་ཆུང་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་བྲག་ཁང་སྣ་ཁ་སྡེ་བར་ཆགས་ཡོད། སློབ་གྲྭ་དེ་ནི་བོད་ཡིག་གི་སློབ་ཁྲིད་གཙོ་བོར་གཉེར་བའི་སློབ་ཆུང་ཞིག་ཡིན།

རིགས་དབྱེ།  

གཅན་ཚ་རྫོང་ནང་ཁོག་སློབ་ཁུལ།

གཅན་ཚ་རྫོང་ནང་ཁོག་སློབ་ཁུལ་ལ་སློབ་གྲྭ་ལྔ་ཡོད་དེ་བདེ་ཆེན་ཆ་ཚང་སློབ་ཆུང་དང་ལྷ་ས་ཆ་ཚང་སློབ་ཆུང་། ས་དཀར་གོང་སློབ་ཆུང་། ཞྭ་ཁྲ་སློབ་ཆུང་། འོར་རྟ་སློབ་ཆུང་བཅས་སློབ་གྲྭ་ལྔ་དང་། དགེ་རྒན20ཡོད།

རིགས་དབྱེ།  

ཀོས་ནན་རྫོང་བཅའ་སྡོད་སློབ་ཆུང་གཉིས་པ།

སློབ་གྲྭ་འདི་ཉིད་སྤྱི་ལོ2011ལོར་གསར་དུ་བཙུགས་ཤིང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་རིག་གནས་ལམ་གྱི་ནུབ་ངོས་སུ་གནས་པ་དང་། རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི232.3བཏང་ཡོད། ས་ཆ་མུའུ136.65ཡོད་ཅིང་། སློབ་གྲྭའི་འཛུགས་སྐྲུན་ལས་གྲྭར་ཁྱོན་མ་དངུལ་སྒོར་ཁྲི2627བཏང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ15622.34ཡོད་པ་རེད།

རིགས་དབྱེ།  

རྨ་ལྷོ་སོག་རྫོང་གཡུ་སྒང་ཉིན་བཅའ་སྡོད་སློབ་ཆུང་དང་པོ།

རྨ་ལྷོ་སོག་རྫོང་གཡུ་སྒང་ཉིན་གྲོང་རྡལ་བཅའ་སྡོད་སློབ་ཆུང་དང་པོ་ནི་རྨ་ལྷོ་སོག་རྫོང་གཡུ་སྒང་ཉིན་གྲོང་རྡལ་མི་དམངས་སྲིད་གཞུང་གི་འགྲམ་དུ་ཆགས་ཡོད་ལ། སློབ་གྲྭ་འདི1958ལོའི་ཟླ9བར་གསར་འཛུགས་བྱས།

རིགས་དབྱེ།  

རྨ་ལྷོ་སོག་རྫོང་གཡུ་སྒང་ཉིན་གྲོང་རྡལ་བཅའ་སྡོད་སློབ་ཆུང་གཉིས་པ།

རྨ་ལྷོ་སོག་རྫོང་གཡུ་སྒང་ཉིན་གྲོང་རྡལ་བཅའ་སྡོད་སློབ་ཆུང་གཉིས་པ་ནི་རྫོང་ཆགས་སའི་གཡུ་སྒང་ཉིན་གྲོང་རྡལ་གྱི་དབུས་སུ་ཆགས་ཡོད་ལ། སྤྱི་ལོ1996ལོར་མི་རིགས་ཆ་ཚང་སློབ་ཆུང་ཐོག་མར་བཙུགས་པ་དང་། སྤྱི་ལོ2003ལོར་གཡུ་སྒང་ཉིན་བཅའ་སྡོད་སློབ་ཆུང་གཉིས་པར་བསྒྱུར།

རིགས་དབྱེ།  

རྨ་ལྷོ་སོག་རྫོང་གཡུ་སྒང་ཉིན་གྲོང་རྡལ་བཅའ་སྡོད་སློབ་ཆུང་གཉིས་པ།

རྨ་ལྷོ་སོག་རྫོང་གཡུ་སྒང་ཉིན་གྲོང་རྡལ་བཅའ་སྡོད་སློབ་ཆུང་གཉིས་པ་ནི་རྫོང་ཆགས་སའི་གཡུ་སྒང་ཉིན་གྲོང་རྡལ་གྱི་དབུས་སུ་ཆགས་ཡོད་ལ། སྤྱི་ལོ1996ལོར་མི་རིགས་ཆ་ཚང་སློབ་ཆུང་ཐོག་མར་བཙུགས་པ་དང་། སྤྱི་ལོ2003ལོར་གཡུ་སྒང་ཉིན་བཅའ་སྡོད་སློབ་ཆུང་གཉིས་པར་བསྒྱུར།

རིགས་དབྱེ།  

རྨ་ལྷོ་སོག་རྫོང་མཐོ་ཡུལ་མ་ཆ་ཚང་སློབ་གྲྭ།

རྨ་ལྷོ་སོག་རྫོང་མཐོ་ཡུལ་མ་ཆ་ཚང་སློབ་ཆུང་ནི་སྤྱི་ལོ1975ལོར་གསར་དུ་བཙུགས་ཤིང་། སྦྲ་གུར་སློབ་གྲྭ་ཞིག་ཡིན་པ་དང་། སྤྱི་ལོ2007ལོའི་ཟླ3པར་བཅའ་སྡོད་ལུགས་ཀྱི་སློབ་གྲྭ་བསྒྱུར་ནས་རྫོང་མཁར་དུ་གནས་སྤར་བ་ཡིན།

རིགས་དབྱེ།  

རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་བཅའ་སྡོད་སློབ་ཆུང་གཉིས་པ།

རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་བཅའ་སྡོད་སློབ་ཆུང་གཉིས་པ་ནི་རྨ་ཆུ་དང་རྩེ་ཆུ་གཉིས་ཀྱི་འདྲིས་མདོར་ཆགས་ཡོད་ཅིང་། སྤྱི་ལོ2002ལོའི་ཟླ9བར་བཙུགས་ལ། སྤྱི་ལོ2005ལོའི་ཟླ8པར་བཅའ་སྡོད་སློབ་ཆུང་དུ་བསྒྱུར།

རིགས་དབྱེ།  

རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་བཅའ་སྡོད་སློབ་ཆུང་དང་པོ།

རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་བཅའ་སྡོད་སློབ་ཆུང་དང་པོ་ནི་རྨ་ལྷོ་སོག་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ31ཆོད་པའི་ཉིན་མཐའ་གྲོང་རྡལ་དུ་ཆགས་ཤིང་། སྤྱི་ལོ1963ལོར་བཙུགས།

རིགས་དབྱེ།  

རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་བཅའ་སྡོད་སློབ་ཆུང་གསུམ་པ།

རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་བཅའ་སྡོད་སློབ་ཆུང་གསུམ་པ་ནི་ཤ་ལ་རུ་ཆུང་གསུམ་པའི་སྡེ་དཀྱིལ་དུ་སྤྱི་ལོ1997ལོའི་ཟླ1པར་བཙུགས་ལ། ད་ལྟའི་བར་དུ་ལོ་ངོ19ལྷག་གི་ལོ་རྒྱུས་ལྡན།

རིགས་དབྱེ།  

རྨ་ལྷོ་སོག་རྫོང་མདོ་སུམ་ཡུལ་ཚོ་དཀྱིལ་སྙིང་བཅའ་སྡོད་ཆ་ཚང་སློབ་ཆུང་།

རྨ་ལྷོ་སོག་མདོ་སུམ་ཡུལ་ཚོའི་དཀྱིལ་སྙིང་བཅའ་སྡོད་ཆ་ཚང་སློབ་ཆུང་ནི་སྤྱི་ལོ1984ལོར་བཙུགས་ལ། ད་ལྟའི་བར་དུ་ལོ་ངོ32ལྷག་གི་ལོ་རྒྱུས་ལྡན།

རིགས་དབྱེ།  

རྨ་ལྷོ་སོག་རྫོང་ཁུ་སིན་ཡུལ་ཚོ་གཏན་སྡོད་ཆ་ཚང་སློབ་ཆུང་།

རྨ་ལྷོ་སོག་རྫོང་ཁུ་སིན་ཡུལ་ཚོའི་གཏན་སྡོད་ཆ་ཚང་སློབ་ཆུང་ནི་སྤྱི་ལོ1964ལོར་བཙུགས་ལ། ད་ལྟའི་བར་དུ་ལོ་ངོ50ལྷག་གི་ལོ་རྒྱུས་ལྡན།

རིགས་དབྱེ།  

རྨ་ལྷོ་སོག་རྫོང་གསེར་ལུང་བཅའ་སྡོད་སློབ་གྲྭ།

རྨ་ལྷོ་སོག་རྫོང་གསེར་ལུང་བཅའ་སྡོད་སློབ་གྲྭ་ནི་རྨ་ལྷོ་སོག་རྫོང་གི་ཤར་ཕྱོགས་སུ་སྤྱི་ལེ60མཚམས་སུ་ཡོད་པ་དང་། སྤྱི་ལོ1963ལོར་བཙུགས་ལ། ད་ལྟའི་བར་དུ་ལོ་ངོ53ལྷག་གི་ལོ་རྒྱུས་ལྡན།

རིགས་དབྱེ།  

མི་ཉག་རྫོགས་ཆེན་སློབ་གྲྭ།

མི་ཉག་རྫོགས་ཆེན་སློབ་གྲྭ་ནི་དཀར་མཛེས་ཁུལ་དར་མདོ་རྫོང་གི་ནུབ་ཕྱོགས་ཀྱི་སྤྱི་ལེ་དོན་དྲུག་གི་མཚམས་ཏེ། ལྷ་སྒང་ཡུལ་གྱི་ཁོངས་སུ་གཏོགས་པའི་གནས་མཆོག་རྡོ་ར་དཀར་མོར་གཞིས་ཆགས་ཤིང་། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ13600དང་ལུས་རྩལ་ར་བར་སྨི་གྲུ་བཞི་མ12000ལྷག་ཡོད།

རིགས་དབྱེ།