རྨ་ལྷོ་སོག་རྫོང་གཡུ་སྒང་ཉིན་བཅའ་སྡོད་སློབ་ཆུང་དང་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྨ་ལྷོ་སོག་རྫོང་གཡུ་སྒང་ཉིན་གྲོང་རྡལ་བཅའ་སྡོད་སློབ་ཆུང་དང་པོ་ནི་རྨ་ལྷོ་སོག་རྫོང་གཡུ་སྒང་ཉིན་གྲོང་རྡལ་མི་དམངས་སྲིད་གཞུང་གི་འགྲམ་དུ་ཆགས་ཡོད་ལ། སློབ་གྲྭ་འདི1958ལོའི་ཟླ9བར་གསར་འཛུགས་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河南蒙古自治县优干宁镇第一寄学校
ལ་ཏིང་གི་མིང་།
rm lho sog rdzong gyu sgng nyin grong rdl bcav sdod slo cmu dang po
བཙུགས་ལོ།
སྤྱི་ལོ1958ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆུང་།
གཙོ་གཉེར་སྡེ་ཁག
རྨ་ལྷོ་སོག་རྫོང་སློབ་གསོ་ཅུའུ།
གནས་ཡུལ།
རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་གཡུ་སྒང་ཉིན་གྲོང་རྡལ།
1 ངོ་སྤྲོད།

རྨ་ལྷོ་སོག་རྫོང་གཡུ་སྒང་ཉིན་གྲོང་རྡལ་བཅའ་སྡོད་སློབ་ཆུང་དང་པོ་ནི་རྨ་ལྷོ་སོག་རྫོང་གཡུ་སྒང་ཉིན་གྲོང་རྡལ་མི་དམངས་སྲིད་གཞུང་གི་འགྲམ་དུ་ཆགས་ཡོད་པ་དང་། སློབ་གྲྭ་འདི1958ལོའི་ཟླ9བར་གསར་འཛུགས་མཛད་ཅིང་མིང་ལ་བྲག་དམར་སློབ་གྲྭ་ཞེས་གསོལ། སྤྱི་ལོ1995ལོར་དེར་ཁོངས་གཏོགས་སློབ་གྲྭ14བཙུགས། སྤྱི་ལོ2001ལོར་གཅིག་སྡུད་བྱས། སྤྱི་ལོ2003ལོའི་ཟླ8པར་སློབ་གྲྭ་འདིའི་མིང་ལ་ཡང་བསྐྱར་གཡུ་སྒང་ཉིན་གྲོང་རྡལ་བཅའ་སྡོད་སློབ་ཆུང་དང་པོ་ཞེས་བཏགས། ད་བར་དུ་ལོ་ངོ57གྱི་ལོ་རྒྱུས་ལྡན། སློབ་གྲྭ་ཡོངས་ལ་དགེ་བཟོ་བ72དང་སློབ་མ678ཡོད། སློབ་གྲྭ་ནི་སློབ་ཆུང་དང་བྱིས་གཉོར་ཁང་གཉིས་ཀྱིས་གྲུབ་ཅིང་། སློབ་ཆུང་ལ་སློབ་མ586དང་འཛིན་གྲྭ15ཡོད་ལ། བྱིས་གཉོར་ཁང་ལ་བྱིས་པ92དང་འཛིན་གྲྭ3ཡོད། སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ47724དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ9131.86ཡོད། སློབ་གྲྭ་འདི་ལ་སྨྱན་མང་གཟུགས་ཀྱི་སློབ་ཁང15དང་རྩིས་སློབ་ཁང2། ཚོད་ལྟའི་སློབ་ཁང1། ངལ་རྩོལ་སྒྲིག་ཆས1། མཛེས་རྩལ་སློབ་ཁང1། རོལ་མའི་སློབ་ཁང1བཅས་ཡོད་ཅིང་། དཔེ་མཛོད་ཁང་དུ་ད་སྔ་དཔེ་ཆ11000ལྷག་ཉར་ཚགས་བྱས་ཡོད། སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་སློབ་གསོ་ནི་བླ་ན་མ་མཆིས་པའི་འདུ་ཤེས་བརྟན་པོར་བཙུགས་ནས། བློ་གྲོས་དང་བརྩེ་སེམས་ཀྱི་ཀློང་ནས་ཀུན་ལ་ཕན་ཞིང་ཀུན་གྱིས་ཁས་འཆེ་བའི་སློབ་གྲྭ་བཟང་བོ་ཞིག་འཛུགས་པར་འབད་འབུངས་བྱེད་བཞིན་ཡོད་ཅིང་།  སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་དང་སློབ་མ་ཡར་རྒྱས། སློབ་གྲྭ་གོང་འཕེལ་གཏོང་བ་བཅས་ནི་རྩ་དོན་ཡིན་པའི་སློབ་གསོའི་ལས་ལ་གཞོལ་ཏེ་ཤེས་ལྡན་མི་སྣ་གང་མང་བསྐྱེད་བསྲིང་བྱེད་མུས་སུ་མཆིས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-04

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།