བོད་ལྗོངས་སློབ་གྲྭ་ཆེན་མོ།

བོད་ལྗོངས་སློབ་ཆེན་ནི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སློབ་གྲྭ་ཆེན་མོ་ཞིག་ཡིན་ཞིང་། “ལས་གྲྭ211” གི་རྒྱལ་ཁབ་ཀྱིས་གཙིགས་ཆེར་འཛུགས་སྐྲུན་བྱེད་པའི་སློབ་ཆེན་དང་།“དབུས་རྒྱུད་དང་ནུབ་རྒྱུད་སློབ་ཆེན་གྱི་རྨང་གཞིའི་ནུས་པ་འཛུགས་སྐྲུན་ལས་གྲྭ”ཡི་སློབ་ཆེན་བཅས་སུ་བདམས་ཡོད། སློབ་ཆེན་འདི་ནི་བོད་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་སློབ་གསོ་པུའུ་གཉིས་ཀྱིས་མཉམ་དུ་བསྐྲུན་པ་ཡིན། ཀྲུང་གོའི“རྩེ་གྲའི་སྨན་པའི་སློབ་གསོ་དང་སྐྱེད་སྲིང་འཆར་གཞི”དང་། “ཞིང་ལས་དང་ནགས་ལས་ཕྱོགས་ཀྱི་རྩེ་གྲའི་འཇོན་མིའི་སློབ་གསོ་དང་སྐྱེད་སྲིང་འཆར་གཞི”སོགས་ཀྱི་བཅོས་སྒྱུར་ཚོད་ལྟའི་སློབ་ཆེན་ཡིན་པར་མ་ཟད། 2013ལོའི་ཟླ5པར་དབུས་རྒྱུད་དང་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་སྤེལ་འཆར་གཞི་ཁྲོད་བདམས་པ་དང་། 2013ལོའི་ཟླ7པར་འབུམ་རམས་པའི་ཐོབ་ཐང་དབང་སྤྲོད་ལས་ཁུངས་ཀྱི་ཆོག་མཆན་ཐོབ།

རིགས་དབྱེ།  

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནི་པེ་ཅིང་གྲོང་ཁྱེར་ཧའེ་ཏེན་གྲོང་ཁུལ་དུ་ཆགས་པ་སྟེ། ལྷོ་ཕྱོགས་སུ་རྒྱལ་ཁབ་དཔེ་མཛོད་ཁང་ལ་འབྲེལ་བ་དང་། བྱང་ཕྱོགས་སུ་ཀྲུང་ཀོན་གྲོང་ཚོའི་ཚན་རྩལ་གླིང་དང་འདྲེས་པའི་མཚམས་སུ་ཆགས་ཤིང་། པེ་ཅིང་གྲོང་ཁྱེར་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་སློབ་གསོ་པུའུ་བཅས་ཀྱིས་མཉམ་དུ་བཙུགས་པ་རེད། ཏང་དང་རྒྱལ་ཁབ་ཀྱི་མཐོང་ཆེན་འོག 1978ལོར་རྒྱལ་ཁབ་ཀྱི་སློབ་ཆེན་གཙོ་བོའི་གྲས་སུ་བདམས། 1999ལོ་དང་། 2004ལོར་སྔ་རྗེས་སུ“ལས་གྲྭ211”དང“ལས་གྲྭ985”ཡི་རྒྱལ་ཁབ་ཀྱིས་གཙིགས་ཆེར་འཛུགས་སྐྲུན་བྱེད་པའི་སློབ་ཆེན་གྱི་གྲས་སུ་ཚུད་ཅིང་། ཀྲུང་གོའི“བཅའ་ཁྲིམས་ཕྱོགས་ཀྱི་རྩེ་གྲའི་འཇོན་མི་སྐྱེད་སྲིང་བྱེད་པའི་འཆར་གཞི”ཡི་སློབ་ཆེན་ཡང་ཡིན་པ་རེད།

རིགས་དབྱེ།  

པེ་ཅིང་སློབ་གྲྭ་ཆེན་མོ།

པེ་ཅིང་སློབ་གྲྭ་ཆེན་མོ་ནི1898ལོར་བཙུགས་ཤིང་། ཐོག་མའི་དུས་སུ་རྒྱལ་སའི་སློབ་གྲྭ་ཆེན་མོ(京师大学堂)ཟེར་ཞིང་། ཀྲུང་གོའི་ཉེ་རབས་ཀྱི་རྒྱལ་བཙུགས་སློབ་ཆེན་ཐོག་མ་ཡིན་པར་མ་ཟད། སློབ་གྲྭ་ཆེན་མོ་ཞེས་པའི་མིང་ནས་བཙུགས་པའི་སློབ་གྲྭ་ཆེས་ཐོག་མ་དེ་ཡིན་ལ། སློབ་ཆེན་འདི་བཙུགས་པ་ནས་བཟུང་ཀྲུང་གོའི་ཉེ་རབས་ཀྱི་མཐོ་རིམ་སློབ་གསོའི་འགོ་ཚུགས་པ་མཚོན། དེར་མ་ཟད་ཀྲུང་གོའི་ཉེ་རབས་སུ་རྒྱལ་ཁབ་ཀྱི་ཆེས་མཐོའི་སློབ་གྲྭའི་ཐོབ་ཐང་སྟེང་བཙུགས་པའི་སློབ་གྲྭ་ཁོ་ན་ཡིན་ལ། ཐོག་མའི་དུས་སུ་རྒྱལ་ཁབ་ཀྱི་ཆེས་མཐོའི་སློབ་གསོའི་སྲིད་འཛིན་ལས་ཁུངས་ཀྱང་ཡིན་པས། སློབ་གསོ་པུའི་འགན་ནུས་ལག་བསྟར་བྱས་ཏེ་རྒྱལ་ཡོངས་ཀྱི་སློབ་གསོར་དོ་དམ་བྱེད་ཀྱིན་ཡོད། པེ་ཅིང་སློབ་ཆེན་གྱིས་ཀྲུང་གོའི་ཆེས་སྔ་མོའི་དེང་རབས་ཀྱི་སློབ་གྲྭའི་ལམ་ལུགས་གྲུབ་ཐུབ་པར་སྐུལ་འདེད་བྱས་ཐོག ཀྲུང་གོའི་ཆེས་སྔ་མོའི་རིག་གནས་ཚན་ཁག་དང་རང་བྱུང་ཚན་རིག་རིག་ཚན། སྤྱི་ཚོགས་རིག་ཚན། ཞིང་ལས་རིག་ཚན་སོགས་སློབ་ཆེན་གྱི་རིག་ཚན་ཐོག་མ་གསར་དུ་བསྐྲུན་པས། ཉེ་རབས་ཀྱི་ཀྲུང་གོའི་མཐོ་རིམ་སློབ་གསོའི་རྨང་བཏིངས་པ་རེད། པེ་ཅིང་སློབ་ཆེན་ནི་སློབ་གསོ་པུའུ་ལ་ཐད་ཀར་གཏོགས་ཤིང་། ལས་གྲྭ211དང་། ལས་གྲྭ985། འཆར་གཞི2011བཅས་རྒྱལ་ཡོངས་ཀྱི་གཙོ་ཆེར་འཛུགས་སྐྲུན་བྱེད་པའི་སློབ་ཆེན་དུ་གཏོགས་པར་མ་ཟད། མནའ་འབྲེལ་སློབ་ཆེན་དགུ་དང་། ཨེ་ཤ་ཡ་ཤར་མའི་ཞིབ་འཇུག་རྣམ་པའི་སློབ་ཆེན་མཐུན་ཚོགས། རྒྱལ་སྤྱིའི་ཞིབ་འཇུག་རྣམ་པའི་སློབ་ཆེན་མཐུན་ཚོགས་སོགས་ཀྱི་ཁོངས་ཞུགས་སློབ་ཆེན་གཙོ་བོ་ཡིན་པ་རེད།

རིགས་དབྱེ།  

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་།

སྤྱི་ལོ1949ལོའི་ཟླ9པར། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཐང་འཐབ་དམག་དཔུང་དང་པོ་དང་ཀན་སུའུ་ཞིང་ཆེན་གྱི་དམག་དོན་དོ་དམ་ཚོགས་པ་གཉིས་ཀྱིས་ནུབ་བྱང་གི་ལྟེ་གནས་ལན་གྲུ་རུ་བོད་རིགས་གནད་དོན་ཞིབ་འཇུག་འཛིན་གྲྭ་བསྡུས། ཟླ11པར་འཛིན་གྲྭ་དེ་རྒྱ་ཆེ་རུ་བཏང་སྟེ་བོད་རིགས་སློབ་གྲྭ་བཙུགས། སྤྱི་ལོ1950ལོའི་ཟླ1པོར་ནུབ་བྱང་མི་དམངས་གསར་བརྗེ་སློབ་ཆེན་ལན་གྲུའི་ཡན་ལག་སློབ་གྲྭའི་ཁག་གསུམ་པ་ཞེས་པར་མིང་བརྗེས་ཤིང་། སྤྱི་ལོ1951ལོར་རྒྱའི་སྐད་ཡིག་སྡེ་ཁག་དང་ཆབ་སྲིད་སྡེ་ཁག་བཙུགས། སྤྱི་ལོ1979ལོར་ཤེས་རམས་ཞིབ་འཇུག་སློབ་མ་བསྡུ་བའི་ཆོག་མཆན་ཐོབ། སྤྱི་ལོ1993ལོའི་ཟླ8པར་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སྡེ་ཁག་དེ་བོད་ཀྱི་སྐད་ཡིག་རྩོམ་རིག་སྡེ་ཁག་དང་སོག་པོའི་སྐད་ཡིག་རྩོམ་རིག་སྡེ་ཁག་གཉིས་སུ་བགོས། སྤྱི་ལོ2003ལོའི་ལོ་མཇུག་ཏུ་བོད་ཀྱི་སྐད་ཡིག་རྩོམ་རིག་སྡེ་ཁག་གི་མིང་བརྗེས་ནས་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་དུ་བསྒྱུར་ཏེ་འབུམ་རམས་ཞིབ་འཇུག་སློབ་མ་བསྡུ་བའི་མགོ་བརྩམས། 2009ལོར་འབུམ་རམས་ཕྱི་ཚར་གྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་བཙུགས།

རིགས་དབྱེ།  

ཧྲང་ཧའེ་གློག་རྡུལ་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་།

ཧྲང་ཧའེ་གློག་རྡུལ་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང(ShanghaiTechnicalInstituteofElectronicsInformation)ནི་གློག་རྡུལ་ཆ་འཕྲིན་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས། ཐོན་སྐྱེད་ཀྱི་རང་བཞིན་ལྡན་པའི་ཞབས་ཞུའི་ལས་རིགས་བཅས་ཀྱི་བྱང་ཚད་མཐོ་བའི་ལག་རྩལ་དང་ལག་རྩལ་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སའི་ཉིན་གང་ལམ་ལུགས་ཀྱི་སློབ་གླིང་དཀྱུས་མ་ཞིག་ཡིན། སྤྱི་ལོ2018ལོའི་ཟླ9པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭའི་སྤྱི་ཁྱབ་པུའུ་ནི་ཧྲང་ཧའེ་གྲོང་ཁྱེར་ཧྥེང་ཞན་ཆུས་སུ་གནས་པ་དང་། ས་ཁྱོན་མུའུ400ལྷག་ཙམ་ཟིན། དེ་མིན་མིན་ཞིན་སློབ་ཁུལ་དང་ཞུས་ཧུའེ་སློབ་ཁུལ་དུ་ཁྱོན་ཆེད་ལས30ཡོད་པའི་ནང་རྒྱལ་ཁབ་རིམ་པའི་གཙོ་གནད་ཆེད་ལས4དང་ཧྲང་ཧའེ་གྲོང་ཁྱེར་གྱི་གཙོ་གནད་ཆེད་ལས6བཅས་ཉིན་གང་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ9207དང་ཆེད་མངགས་དགེ་རྒན500ཙམ་ཡོད།

རིགས་དབྱེ།  

ཡིང་ཁོའུ་ལས་རིགས་ལག་རྩལ་སློབ་གླིང་།

ཡིང་ཁོའུ་ལས་རིགས་ལག་རྩལ་སློབ་གླིང་ནི་རང་རྒྱལ་གྱི་ཁག་དང་པོའི་མཚོ་རྒྱུད་སྒོ་འབྱེད་གྲོང་ཁྱེར་དང་། རྒྱལ་ཁབ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་གྲོང་ཁྱེར། ཀྲུང་གོའི་ཡིད་དབང་འཕྲོག་ཤུགས་ཆེ་ཤོས་ཀྱི་སྡོད་མལ། ལས་ཞུགས། ཡུལ་སྐོར་བཅས་ལ་འཚམ་པའི་ཡིང་ཁོའུ་རུ་ཆགས་ཡོད། དེ་ནི་ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་སྙན་སེང་ཐོ་འགོད་བྱས་པའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།

རིགས་དབྱེ།  

ཧྲང་ཧའེ་བཟོ་རྩལ་མཛེས་རྩལ་ལས་རིགས་སློབ་གླིང་།

ཧྲང་ཧའེ་བཟོ་རྩལ་མཛེས་རྩལ་ལས་རིགས་སློབ་གླིང(ShanghaiArtwDesignAcademy)ནི་ཧྲང་ཧའེ་གྲོང་ཁྱེར་གྱི་རང་ཚུགས་སུ་བཙུགས་པའི་སྒྱུ་རྩལ་ཇུས་འགོད་རིགས་ཀྱི་མཐོ་རིམ་སློབ་གླིང་ཞིག་ཡིན། ཧྲང་ཧའེ་གྲོང་ཁྱེར་གྱིས་རྒྱལ་ཁབ་སློབ་གསོའི་སྒྲིག་སྲོལ་བསྒྱུར་བཅོས་ཚོད་ལྟ་བྱེད་གནས་ཀྱི་འགན་འཁུར་བའི་མཐོ་རིམ་ལས་རིགས་སློབ་གྲྭ་གཅིག་པུ་ཡིན། སློབ་གྲྭ་ནི་ཧྲང་ཧའེ་གྲོང་ཁྱེར་གྱི་བཟོ་རྩལ་མཛེས་རྩལ་སློབ་གྲྭ(སྤྱི་ལོ1960ལོར་བཙུགས)དང་ཧྲང་ཧའེ་ཡང་བའི་བཟོ་ལས་གཉིས་པའི་ལས་བཟོ་པའི་སློབ་གྲྭ་ཆེན་མོ(སྤྱི་ལོ1980ལོར་བཙུགས)གཉིས་ཀྱིས་སྤྱི་ལོ2003ལོར་མཉམ་འབྲེལ་ཐོག་བཙུགས་པ་ཞིག་ཡིན། སྤྱི་ལོ2010ལོར་སློབ་གླིང་དེར་སློབ་གསོ་པུའུ་དང་ནོར་སྲིད་པུའུ་རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་གིས་ཞིབ་བཤེར་རྩིས་ལེན་བྱས་པ་རེད། སྤྱི་ལོ2017ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དང་སློབ་གླིང་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ121299ཟིན་པ་དང་སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རྒྱུ་ནོར་བསྡོམས་འབོར་སྒོར་ཁྲི5057ཟིན། རིམ་པ་གཉིས་པའི་སློབ་གླིང6བཙུགས་པ་དང་མཐོ་རིམ་ལས་རིགས་ཆེད་ལས18བཙུགས། ཆེད་བསྐོས་དགེ་རྒན220ལྷག་དང་སློབ་གྲྭར་ཡོད་པའི་སློབ་མ4096ཡོད།

རིགས་དབྱེ།  

ཧྲང་ཧའེ་ཅི་ཀོང་ལས་རིགས་ལག་རྩལ་སློབ་གླིང་།

ཧྲང་ཧའེ་ཅི་ཀོང་ལས་རིགས་ལག་རྩལ་སློབ་གླིང་ནི་ཀྲུང་གོའི་ཧྲང་ཧའེ་རུ་གནས་ཤིང་། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སྤྱི་ལོ1993ལོའི་ཟླ7པར། སློབ་གླིང་གིས་ཐུང་ཅི་སློབ་ཆེན་གྱི་རྒྱབ་སྐྱོར་དང་རོགས་རམ་འོག ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་བཙུགས་པ་རེད། དེའི་མིང་ལ“དམངས་གཉེར་ཅི་ཀོང་སློབ་གླིང”ཞེས་པ་དང་མཐོ་རིམ་སློབ་གསོའི་སློབ་རྒྱུས་ལག་ཁྱེར་གྱི་རྒྱུགས་སྤྲོད་སློབ་བསྡུའི་ནང་ཞུགས། སྤྱི་ལོ2017ལོའི་ཟླ7པའི་པར། སློབ་གླིང་དེའི་འོག་ཏུ་ཨར་ལས་དང་། ཨར་ལས་བཟོ་པ། དཔལ་འབྱོར་དོ་དམ། འཕྲུལ་གློག་སོགས་ཚན་ཁག4བཙུགས་ནས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་སློབ་མ5700ལྷག་ཡོད།

རིགས་དབྱེ།  

ཧྲན་ཞི་ཡུལ་སྐོར་ལས་རིགས་སློབ་གླིང་།

ཧྲན་ཞི་ཡུལ་སྐོར་ལས་རིགས་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་གནས་ཡོད། དེ་ནི་ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་། སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་ཆེད་སྦྱོང་ཚན་ཁག་རིམ་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་གཉེར་མཐོ་རིམ་སློབ་གླིང་ཞིག་ཡིན་ལ། ཧྲན་ཞི་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་གཏོད་གསོ་སྦྱོང་གི་དམིགས་འཛུགས་ལས་ཁུངས་ཀྱི་གྲས་ཤིག་ཡིན། ཧྲན་ཞི་ཡུལ་སྐོར་ལས་རིགས་ནི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ལག་རྩལ་ནུས་རྩལ་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཚོད་ལྟ་བྱ་ཡུལ་གཙོ་བོ་ལག་བསྟར་བྱེད་མཁན་གྱི་ལས་ཁུངས་ཡིན་པ་དང་། ཧྲན་ཞི་ཞིང་ཆེན་གྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ལས་ཁུངས་ཡང་ཡིན།

རིགས་དབྱེ།  

ཐའེ་ཡོན་ཡུལ་སྐོར་ལས་རིགས་སློབ་གླིང་།

ཐའེ་ཡོན་ཡུལ་སྐོར་ལས་རིགས་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་གནས་ཡོད། སྤྱི་ལོ2004ལོའི་ཟླ5པར་ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་། སློབ་གསོ་པུའུ་ལ་ཐོ་འགོད་སྙན་སེང་ཞུས་ནས་ཆེད་ཚན་རིམ་པའི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་བཙུགས་པ་རེད། ཧྲན་ཞི་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་སློབ་གསོ་གཉེར་སྔ་ཤོས་ཀྱི་སློབ་གླིང་ཞིག་ཡིན།

རིགས་དབྱེ།  

ལུའུ་ཨན་ལས་རིགས་ལག་རྩལ་སློབ་གླིང་།

ལུའུ་ཨན་ལས་རིགས་ལག་རྩལ་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་གྱི་ཁྲང་ཀྲི་གྲོང་ཁྱེར་དུ་གནས་ཡོད། དེ་ནི་ལུའུ་ཨན་ཚོགས་པས་གཙོ་སྒྲུབ་བྱས་པའི་མཐོ་རིམ་ལས་རིགས་སློབ་གྲྭ་ཞིག་ཡིན་པ་དང་། སྔོན་ཆད་ལུའུ་ཨན་གཏེར་དོན་ཅུས་ཀྱི་ལས་བཟོ་པའི་སློབ་ཆེན་ཡིན། སྤྱི་ལོ1958ལོར་བཙུགས་པ་དང་། ལག་རྩལ་སློབ་གྲྭ་དང་། འབྲིང་རིམ་ཆེད་ལས་སློབ་གྲྭ། མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས་བཅས་ལས་གྲུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་ལས་བཟོ་པའི་སློབ་གྲྭ་ཆེན་མོ་ཞིག་ཡིན། སྤྱི་ལོ2004ལོའི་ཟླ3པར་ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་ཡོད། ཧྲན་ཞི་རྡོ་སོལ་ལས་བཟོ་མཉམ་འབྲེལ་སློབ་ཆེན་ལུའུ་ཨན་ཡན་ལག་སློབ་གྲྭ་དེ་ལུའུ་ཨན་ལས་རིགས་ལག་རྩལ་སློབ་གླིང་ཞེས་མིང་བསྒྱུར།

རིགས་དབྱེ།  

ཧྲན་ཞིའི་རྒྱལ་སྤྱིའི་ཚོང་དོན་ལས་རིགས་སློབ་གླིང་།

ཧྲན་ཞིའི་རྒྱལ་སྤྱིའི་ཚོང་དོན་ལས་རིགས་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་གནས་ཡོད། ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་བཙུགས་པའི་རྒྱལ་གཉེར་སློབ་གླིང་ཞིག་ཡིན་ལ། ཧྲན་ཞི་ཞིང་ཆེན་ཚོང་དོན་ཐིང་གི་ཁོངས་སུ་གཏོགས། སྤྱི་ལོ1985ལོར་བཙུགས། སློབ་གླིང་གི་དགེ་རྒན་གྱི་དཔུང་སྡེ་ཧ་ཅང་ཆེ། ཁ་ན་ཏའི་པང་ཏེ་རྒྱལ་སྤྱིའི་སློབ་གླིང་དང་ཁོ་ལོམ་པི་ཡའི་རྒྱལ་སྤྱིའི་སློབ་གླིང་དང་མཉམ་ལས་སློབ་གཉེར་བྱས་ནས་ཕྱི་རྒྱལ་གྱི་དགེ་རྒན་དང་སློབ་གཉེར་རྣམ་གྲངས་ནང་འདྲེན་བྱས་པ་ཡོད་པ་རེད། དགེ་རྒན་གྱིས་སྔ་རྗེས་སུ་ཆེད་རྩོམ་དང་། སློབ་དེབ། སྒྱུར་རྩོམ། ཚིག་དེབ་བཅས་རིགས་བཅུ་ཕྲག་ཁ་ཤས་ཡོངས་བསྒྲགས་དཔེ་སྐྲུན་བྱས་ཡོད་ལ། དཔྱད་རྩོམ་སྟོང་ལྷག་ཡོད། སློབ་གླིང་གིས་ཚོང་དོན་དབྱིན་ཡིག་དང་། རྒྱལ་སྤྱིའི་ཚོང་དོན། རྩིས་འཁོར་ཉེར་སྤྱོད་ལག་རྩལ། རྒྱལ་སྤྱིའི་ཟོག་འདྲེན་ལས་ཚབ་སོགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ཁྱད་ཆོས་སུ་བྱས་ཡོད། སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པ་བྱ་རྒྱུ་རྨང་གཞི་དང་། སློབ་གསོ་གསར་གཏོད་བྱ་རྒྱུ་ཕྱོགས་སྟོན་དུ་འཛིན་པ་ཡིན། རྨང་གཞི་ཡག་པོ་འདིང་བ་དང་། གསོ་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། ཁྱད་ཆོས་འཕེལ་རྒྱས་གཏོང་བ། བྱང་ཚད་མཐོ་རུ་གཏོང་བའི་སློབ་གཉེར་བསམ་བློ་དེ་རྒྱུན་འཁྱོངས་བྱས་ཏེ“སྒོ་འབྱེད་དང་། ཡར་བརྩོན། གཟབ་ནན། བདེན་འཚོལ”བཅས་སློབ་གྲྭའི་སྲོལ་བཟང་དུ་བཟུང་བ་དང་། ཧུར་ཐག་སྒོས་ཉེར་སྤྱོད་ཅན་དང་མཉམ་འདུས་ཅན་གྱི་རྒྱལ་སྤྱིའི་ཚོང་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་བཞིན་ཡོད།

རིགས་དབྱེ།  

ནང་སོག་མི་རིགས་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།

ནང་སོག་མི་རིགས་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་ལོ37གྱི་སློབ་གཉེར་ལོ་རྒྱུས་ལྡན་ཡོད། གཟབ་ནན་གྱི་སློབ་གསོའི་ཁོར་ཡུག་ལ་སློབ་མའི་ཁྱིམ་བདག་གི་ཡིད་ཆེས་དང་སྤྱི་ཚོགས་ཁྲོད་ཀྱི་མིས་གདེང་འཇོག་ཡག་པོ་ཐོབ་ཡོད། སློབ་གྲྭའི་སློབ་གཉེར་མཛུབ་སྟོན་བསམ་བློ་ཁ་གསལ་དང་དྲང་ཏིག་ཡིན་ཞིང་། “ཞབས་ཞུ་དམིགས་ཡུལ་དུ་འཛིན་པ་དང་། ལས་ཞུགས་ཁྲིད་སྟོན་དུ་འཛིན་པའི”ལས་རིགས་སློབ་གསོའི་བྱེད་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱིས་ལས་རིགས་ཅན་གྱི་ཤེས་ལྡན་མི་སྣའི་དངོས་ཡོད་དགོས་མཁོ་དང་སློབ་མའི་ལས་ཞུགས་ལ་ཞབས་འདེགས་ཞུ་རྒྱུ་དེ་སློབ་གཉེར་ཁ་ཕྱོགས་གཙོ་བོར་བཟུང་ཡོད། “དེང་རབས་ཅན་དུ་འགྱུར་བའི་སློབ་གསོ་དང་འཚམ་པའི་བྱིས་པའི་དགེ་རྒན་དང་། དེང་རབས་ཅན་དུ་འགྱུར་བའི་སྒྱུ་རྩལ་གྱི་མཛེས་དཔྱོད་དང་མཐུན་པའི་ཞབས་བྲོ། རོལ་དབྱངས་སོགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ”དེ་སློབ་གཉེར་གྱི་དམིགས་ཡུལ་དུ་འཛིན་པ། “འགྲན་རྩོད་ཁྲོད་འཕེལ་རྒྱས་ཡོང་ཐབས་དང་། འཕེལ་རྒྱས་ལ་བརྟེན་ནས་འཚོ་གནས་ཡོང་ཐབས་བྱེད་པའི”སློབ་གཉེར་མཛུབ་སྟོན་བསམ་བློ་དང་སློབ་གཉེར་འདུ་ཤེས་ཆགས་པར་བྱས་ཡོད།

རིགས་དབྱེ།  

ནང་སོག་མཛེས་རྩལ་ལས་རིགས་སློབ་གླིང་།

ནང་སོག་མཛེས་རྩལ་ལས་རིགས་སློབ་གླིང་ནི་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་བཙུགས་པ་ཞིག་ཡིན།(ནང་སྲིད་ཡིག[2010]ཡིག་ཨང248པ། ) སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་ཞུ་བྱས་ཏེ། (སློབ་ཁྲིད་འཕྲིན་ཡིག[2012]ཡིག་ཨང70པ། ) རྒྱལ་ཁབ་ཀྱི་གཅིག་གྱུར་སློབ་བསྡུའི་འཆར་གཞིའི་ནང་བཅུག་ནས་རྒྱལ་ཁབ་ཀྱིས་སློབ་གཉེར་བརྒྱུད་རིམ་ལག་ཁྱེར་རང་ཚུགས་ངང་སྤྲོད་པའི་ཐོབ་ཐང་ལྡན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དམངས་གཉེར་མཐོ་རིམ་དཀྱུས་མའི་ལས་རིགས་སློབ་གླིང་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་མཛེས་རྩལ་ཆེད་ལས་སློབ་གླིང་གཅིག་པུ་བཅས་ཡིན།

རིགས་དབྱེ།  

ཨ་ལ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་།

ཨ་ལ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ2011ལོའི་ཟླ1པོར་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིང་གཞུང་གིས་ཆོག་མཆན་ཐོབ་ནས་བཙུགས་པ་ཞིག་ཡིན། སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་ཞུ་ཞུས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་དང་སློབ་གླིང་དཀྱུས་མ་ཞིག་ཡིན། རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་ཨ་ལ་ཧྲན་མིང་སྲིད་འཛིན་ཀུང་ཧྲུའུ་ཡི་དོ་དམ་ཉིས་བརྩེགས་འོག་ས་གནས་དེ་གའི་མཐོ་རིམ་སློབ་གླིང་གཅིག་པུ་དེ་རེད། སློབ་གླིང་ནི་སྔ་རྗེས་སུ་སློབ་གྲྭ་བདུན་ཟླ་སྒྲིལ་བཏང་ནས་གྲུབ་པ་རེད། སྤྱི་ལོ2017ལོའི་ཟླ5པའི་བར་སློབ་གླིང་དུ་སློབ་ཁྲིད་སྡེ་ཚན9དང་དོ་དམ་སྡེ་ཚན9ཡོད་པ་དང་། མཐོ་རིམ་ལས་རིགས་ཆེད་ལས13དང་། འབྲིང་རིམ་ལས་རིགས་ཆེད་ལས22རྒྱལ་ཁབ་ཀྱི་སྒོ་འབྱེད་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས15བཅས་ཡོད། སློབ་གྲྭར་ཡོད་པའི་སློབ་མ6160(དེའི་ནང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ2785ཡོད། གློག་བརྙན་སློབ་ཆེན་དང་དར་མའི་སློབ་གསོ་རྒྱལ་ཁོངས་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མ3375ཡོད། ) རིགས་ཁག་གི་སྤྱི་ཚོགས་གསོ་སྦྱོང་དང་ཆེད་ལས་རྩལ་ནུས་གསལ་འབྱེད་ཀྱི་འགན་འཁུར་ནས་ལོ་ལྟར་མི་ཐེངས6000ལྷག་ཙམ་ཡོད་པ་རེད། དགེ་རྒན་དང་ལས་བཟོ་པ403དང་དགེ་རྒན་ཆེན་མོ3ཡོད། གོ་མིང་གཞོན་པ106དང་རབ་འབྱམས་པའི་བསླབ་གནས་ལྡན་པའི་དགེ་རྒན16ཡོད།

རིགས་དབྱེ།  

ཁྲི་ཧྥེང་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།

ཁྲི་ཧྥེང་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་ནི་སྔར་ནང་སོག་འཁེལ་འཐག་བཟོ་ལས་སློབ་གྲྭའི་རྨང་གཞིའི་སྟེང་། སྤྱི་ལོ2011ལོའི་ཟླ་དང་པོའི་ཚེས18ཉིན་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་དེ་བཙུགས་པ་ཡིན། འདི་ནི་རང་སྐྱོང་ལྗོངས་དང་ཁྲི་ཧྥུན་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྲིད་གཞུང་གིས“ལོ་ལྔའི་འཆར་འགོད་བཅུ་གཉིས་པ”འགོ་ཚུགས་པའི་ལོ་ཡིན། བཟོ་ལས་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་བཏང་ནས་དཔལ་འབྱོར་འཕར་སྣོན་བྱེད་སྟངས་བསྒྱུར་བ་དང་། ས་གནས་ཀྱི་ཐོན་ལས་སྒྲིག་གཞིའི་དགོས་མཁོར་གཞིགས་ཏེ་དཔལ་འབྱོར་འཛུགས་སྐྲུན་ལ་མཐོ་རིམ་ལས་གྲྭའི་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་བཟོ་རིག་ཚན་ཁག་དང་མཐོ་རིམ་ལས་རིགས་སློབ་གླིང་ཞིག་བཏོད་ཡོད།

རིགས་དབྱེ།  

ནང་སོག་ནུས་ཁུངས་ལས་རིགས་སློབ་གླིང་།

ནང་སོག་ནུས་ཁུངས་ལས་རིགས་སློབ་གླིང་ནི་སྤྱི་ལོ1997ལོར་བཙུགས་པ་རེད། ནང་སོག་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ལ་ཐོ་འགོད་སྙན་ཞུ་ཞུས་པས། རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གསོའི་སློབ་རིམ་ལག་ཁྱེར་རང་ཚུགས་ཀྱིས་སྤྲོད་པའི་ཐོབ་ཐང་ཡོད། རྒྱལ་ཁབ་ཀྱི་འཆར་གཞིའི་ནང་བཅུག་ནས་སློབ་མ་བསྡུ་བའི་དམངས་གཉེར་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ནུས་རྒྱུ་གཙོ་བོར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་མཐོ་སློབ་དཀྱུས་མ་ཞིག་ཡིན། སློབ་གླིང་གི་འོག་ཏུ་ནུས་ཁུངས་སྒུལ་ཤུགས་ཚན་ཁག་དང་། གློག་ཤུགས་བཟོ་སྐྲུན་ཚན་ཁགས་སྣུམ་རྫས་འགྱུར་བཟོ་ལས་ཚན་ཁག ཨར་ལས་བཟོ་སྐྲུན་ཚན་ཁག འགྲིམ་འགྲུལ་སྐྱེལ་འདྲེན་ཚན་ཁག ཨར་ལས་ལས་རིགས་ལག་རྩལ་སློབ་གྲྭ(འབྲིང་རིམ་ཆེད་ལས་སློབ་གྲྭ)དང་མཐོ་རིམ་རྒྱུན་མཐུད་སློབ་གསོའི་སློབ་གླིང་བཅས་བཙུགས་ཡོད། གྲོང་ཁྱེར་གྱི་ཚ་ནུས་དང་། རྡོ་སྣུམ། རྡོ་སོལ། གློག་ཤུགས་དོ་དམ་སོགས་ཧ་ཅང་དཀོན་པའི“མངགས་ཐོའི”ཆེད་ལས་ཀྱི་ཁྱད་ཆོས་དང་སྤུས་རྟགས་ཆེད་ལས20ལྷག་ཙམ་བཀོད་སྒྲིག་བྱས་ཡོད། སློབ་གྲྭར་ཡོད་པའི་སློབ་མ་ཆིག་སྟོང་ལྷག་ཙམ་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན། གྲོང་ཁྱེར། རང་སྐྱོང་ལྗོངས་བཅུ་ལྷག་ཙམ་ནས་ཡོང་བ་ཡིན། སློབ་གླིང་ནི་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱི་གྲོང་ཁུལ་གསར་པར་གནས་ཡོད། ས་ཁྱོན་མུའུ150ལྷག་ཙམ་བཟུང་བ་དང་། སློབ་གྲྭའི་ཉལ་ཁང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི5ལྷག་ཙམ་ཡོད། སློབ་གྲྭའི་དྲ་བ་དང་། སྨྱན་མང་གཟུགས་སྟོན། གློག་རྡུལ་ལྟ་ཀློག་སོགས་སྔོན་ཐོན་སློབ་ཁྲིད་སྒྲིག་ཆས་ཡོད་པ་རེད། སློབ་གཉེར་བྱས་ཚུན་རིམ་རྩིས་བྱས་ན་སྤྱི་ཚོགས་ལ་མཐར་ཕྱིན་སློབ་མ་ཁྲི་ཙམ་བཏང་ནས་གཙོ་བོ་ལྗོངས་ཕྱི་ནང་གི་གློག་ཤུགས་དང་ནུས་རྒྱུ་གསར་པའི་ལས་རིགས་སུ་ལས་ཀ་བྱེད་ཀྱིན་ཡོད།

རིགས་དབྱེ།  

ཨེར་ཏུའོ་སིའི་ལས་རིགས་སློབ་གླིང་།

ཨེར་ཏུའོ་སིའི་ལས་རིགས་སློབ་གླིང(སློབ་གྲྭའི་ཚབ་ཨང248)ནི་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། སློབ་གསོ་པུས་ཨེར་ཏུའོ་སི་གྲོང་ཁྱེར་སྲིད་གཞུང་གིས་གཉེར་བའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཏུ་ཐོ་འགོད་སྙན་ཞུ་ཞུས་པ་རེད། སློབ་གླིང་གིས་ཨེར་ཏུའོ་སི་ས་ཁུལ་གྱི་རྡོ་སོལ་དང་། རྫས་འགྱུར་བཟོ་ལས། གློག་ཤུགས། ལྕགས་བཞུ། སྒྲིག་ཆས་བཟོ་སྐྲུན། ལས་གྲྭའི་འཛུགས་སྐྲུན་སོགས་ལེགས་ལྡན་ཐོན་ལས་ལ་བརྟེན་ནས། མཐོ་རིམ་ལས་རིགས་སློབ་གསོ་སྤེལ་རྒྱུ་གཙོ་བོར་འཛིན་པ་དང་། དེང་རབས་ཀྱི་རྒྱང་བསྟེན་སློབ་གསོ་དང་སྤྱི་ཚོགས་ཀྱི་ལས་རིགས་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུར་ལྟ་རྟོག་བྱས་ནས་དེང་རབས་ཅན་གྱི་ཐོན་སྐྱེད་དང་། འཛུགས་སྐྲུན། དོ་དམ། ཞབས་ཞུ་བཅས་ཀྱི་དགོས་མཁོ་དང་འཚམ་པའི་བྱང་ཚད་མཐོ་བ་དང་རྩལ་ནུས་ཅན་གྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་བཞིན་ཡོད། སྤྱི་ལོ2016ལོའི་ཟླ8པར་ཁག་གཉིས་པའི་རྒྱལ་ཁབ་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་བདམས་པ་རེད། ཨེར་ཏུའོ་སིའི་ལས་རིགས་སློབ་གླིང་ནི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཁོར་ཡུག་ལྟ་ན་སྡུག་པའི་ཨེར་ཏུའོ་སི་གྲོང་ཁྱེར་གྱི་ཁམས་པ་ཧྲི་ཁུལ་གསར་དུ་གནས་ཡོད། རྒྱ་ཁྱོན་མུའུ1015ཡོད་པ་དང་སྤྱིའི་བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི26ཡོད། ད་ཡོད་ཐོན་ཁུངས་ལས་གྲྭའི་སྡེ་ཁག་དང་། འཕྲུལ་ཆས་ལས་གྲྭའི་སྡེ་ཁག རྫས་འགྱུར་བཟོ་ལས་སྡེ་ཁག ཨར་སྐྲུན་ལས་གྲྭའི་སྡེ་ཁག རང་འགུལ་ཅན་དང་ཆ་འཕྲིན་ལས་གྲྭའི་སྡེ་ཁག སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྡེ་ཁག་བཅས་སྡེ་ཁག7དང་རྒྱལ་ཁབ་ལས་རིགས་རྩལ་ནུས་གསལ་འབྱེད་སུའོ1བཅས་ཡོད་པ་རེད། སྤྱི་སྤྱོད་ལས་རིགས19ཡི་ལས་རིགས་ནུས་རྩལ་གསལ་འབྱེད་བྱས་ཆོག ད་ཡོད་འཕྲུལ་གློག་གཞི་གཅིག་ཅན་གྱི་ལག་རྩལ་དང་། རྡོ་སོལ་ཕྲ་ཞིབ་ལས་སྣོན་དང་བེད་སྤྱོད། ཨར་སྐྲུན་ལས་གྲྭའི་ལག་རྩལ། རྡོ་སོལ་གཏེར་ཁ་སྔོག་འདོན་ལག་རྩལ་སོགས་ཆེད་ལས26ཡོད། རིགས་ཁག་གི་སློབ་གྲྭར་ཡོད་པའི་སློབ་མ7000ལྷག་ཙམ་ཡོད། ད་ལྟ་དགེ་རྒན་དང་ལས་བཟོ་བ270ཡོད། དེའི་ནང་དགེ་རྒན་ཆེན་མོ་བ7ཡོད་པ་དང་གོ་མིང་མཐོ་བའི་མི་སྣ67ཡོད་པ་རེད། འབུམ་རམས་པ2རབ་འབྱམས་པའི་ཞིབ་འཇུག་སློབ་མ116 མཐོ་རིམ་བཟོ་པ་དང་། ལག་རྩལ་དགེ་རྒན། མཐོ་རིམ་ལག་རྩལ་དགེ་རྒན་བཅས་ཀྱི་ལས་རིགས་ཐོབ་ཐང་ལག་ཁྱེར་ཡོད་མཁན15དང་། བཟོ་སྐྲུན་དགེ་རྒན་ཡན་གྱི་གོ་མིང་ཡོད་མཁན32བཅས་ཡོད། “གཉིས་འཇོན་རྣམ་པའི”དགེ་རྒན་གྱིས་ཆེད་བསྐོས་དགེ་རྒན་གྱི40.5%བཟུང་བ་དང་ཁེ་ལས་ཀྱི་དགེ་རྒན32གདན་འདྲེན་ཞུས་ཡོད།

རིགས་དབྱེ།  

ནང་སོག་བཟོ་ལས་ལས་རིགས་སློབ་གླིང་།

ནང་སོག་བཟོ་ལས་ལས་རིགས་སློབ་གླིང(སྔར་ནང་སོག་ཞོན་ཡོན་ལས་རིགས་སློབ་གླིང)ནི་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། (ནང་སྲིད་ཡིག〔2009〕ཨང91པ། ) རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་མཆན་བཀོད(སློབ་ཁྲིད་བཏང་ཡིག[2010]ཡིག་ཨང71པ) སློབ་གཉེར་བརྒྱུད་རིམ་ལག་ཁྱེར་རང་ཚུགས་ངང་སྤྲོད་པའི་དབང་ཆ་ལྡན་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཡིན་པ་རེད། སྔོན་ཆད་ནང་སོག་ཚོང་ལས་བཅའ་ཁྲིམས་ཆེད་སྦྱོང་སློབ་གླིང་ཡིན། སྤྱི་ལོ2012ལོའི་ཟླ4པའི་ཚེས9ཉིན་ནང་སོག་ཤོན་ཡོན་ལས་རིགས་སློབ་གླིང་གི་མིང་ནང་སོག་བཟོ་ལས་ལས་རིགས་སློབ་གླིང་ཞེས་པར་བསྒྱུར། ལོ་བཅུའི་རིང་གི་འཕེལ་རྒྱས་བརྒྱུད་ད་སྐབས་མཐོ་རིམ་སློབ་གསོ་དང་། དར་མའི་རྒྱུན་མཐུད་སློབ་གསོ། འབྲིང་རིམ་ལས་རིགས་སློབ་གསོ། དུས་ཐུང་ལས་རིགས་གསོ་སྦྱོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་དམངས་བཙུགས་སློབ་གསོའི་སྒྲིག་གཞི་ཞིག་ཏུ་གྱུར་ཡོད།

རིགས་དབྱེ།  

མན་ཀྲོའུ་ལི་ཨུ་རུ་སུའི་སྐད་ཡིག་ལས་རིགས་སློབ་གླིང་།

མན་ཀྲོའུ་ལི་ཨུ་རུ་སུའི་སྐད་ཡིག་ལས་རིགས་སློབ་གླིང་ནི་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། མིང་ལ་གོ་མོན་སློབ་ཆེན་དང་། མན་ཀྲོའུ་ལི་སློབ་ཆེན་ཡང་ཟེར། སློབ་གྲྭར་གསར་འགྱུར་ཚོད་ལྟ་ཁང་དང་། སྐད་གདངས་ཚོད་ལྟ་ཁང་། སྒྲ་མཚུངས་སྐད་སྒྱུར་ཁང་། དངུལ་རྩའི་ཚོད་ལྟ་ཁང་། རྩིས་འཁོར་ཚོད་ལྟ་ཁང་། གློག་རྡུལ་དཔེ་དེབ་ལྟ་ཀློག་ཁང་སོགས་དེང་རབས་ཅན་གྱི་སློབ་ཁྲིད་ཚན་ཞིབ་སྒྲིག་བཀོད་ཡོད། སློབ་གླིང་གིས་སྔ་རྗེས་སུ་ཨུ་རུ་སུའི་དབྱིར་ཁུའུ་ཚི་ཁེ་གཞུང་བཙུགས་སློབ་ཆེན་དང་། ཁྲི་ཐ་གཞུང་བཙུགས་སློབ་ཆེན། པུ་ལི་ཡ་ཐེའི་གཞུང་བཙུགས་སློབ་ཆེན། ཤར་ཤིས་པོ་ལི་ཡའི་གཞུང་བཙུགས་བཟོ་རྩལ་དོ་དམ་སློབ་ཆེན་སོགས་ཨུ་རུ་སུའི་མཐོ་སློབ10ལྷག་ཙམ་དང་སློབ་གཉེར་གྲོས་མཐུན་བཞག་པ་རེད། རྒྱལ་ནང་སློབ་གླིང་གིས་སྔ་རྗེས་སུ་ཧེ་ལུང་ཅང་སློབ་ཆེན་དང་ཧར་པིན་དགེ་འོས་སློབ་ཆེན་དང་མཉམ་ལས་བྱས་ཏེ་སློབ་མ་དངོས་གཞིའི་ཚན་ཁག་ཏུ་འཕར་རྒྱུར་སྟབས་བདེའི་ཆ་རྐྱེན་དང་ཤར་གཏོང་ཐབས་ལམ་མཁོ་འདོན་བྱས་ཡོད།

རིགས་དབྱེ།  

ཐེ་ལིན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ

ཐེ་ལིན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི་ལིའོ་ཉིང་ཞིང་ཆེན་ཐེ་ལིན་གྲོང་ཁྱེར་གྱི་གྲོང་ཁུལ་གསར་པར་གནས་ཡོད་ཅིང་། སྤྱི་ལོ1978ལོར་གསར་དུ་བཙུགས་པ་ཡིན། དེ་སྔའི་ཐེ་ལིན་དགེ་འོས་སློབ་ཆེན་དང་ཐེ་ལིན་དགེ་འོས་ཆེད་སྦྱོང་སློབ་གྲྭ། ཐེ་ལིན་ལས་བཟོ་པའི་སློབ་ཆེན་གསུམ་ཟླ་སྒྲིལ་བཏང་ནས་གྲུབ་པ་ཡིན། དེ་ནི་དགེ་འོས་སློབ་ཆེན་དང་མཐོ་རིམ་ལས་རིགས་སློབ་གསོ། ལས་གནས་མ་བྱས་གོང་དང་ལས་རིགས་རྗེས་ཀྱི་སློབ་གསོ། ཆེད་སྦྱོང་དང་དངོས་གཞིའི་སློབ་གསོ། རྒྱལ་ནང་དང་ཕྱི་རྒྱལ་གྱི་མཉམ་ལས་སློབ་གཉེར་བཅས་གཞི་གཅིག་ཏུ་འདུས་པའི་རིམ་པ་མང་བའི་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན།

རིགས་དབྱེ།  

ཧྲན་ཞི་དོ་དམ་ལས་རིགས་སློབ་གླིང་།

ཧྲན་ཞི་དོ་དམ་ལས་རིགས་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་ལིན་ཧྥུན་གྲོང་ཁྱེར་དུ་གནས་ཡོད། དེ་ནི་ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་སྙན་སེང་ཐོ་འགོད་བྱས་ཤིང་། སྤྱི་ལོ2003ལོའི་ཟླ11པར་ཧྲན་ཞི་ཞིང་ཆེན་སྲིད་འཛིན་དོ་དམ་སློབ་གྲྭས་བཅོས་སྐྲུན་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་ཆེད་ཚན་སློབ་གྲྭ་ཞིག་ཡིན། ཧྲན་ཞི་ཞིང་ཆེན་མི་དོན་ཐིང་གིས་གཙོ་གཉེར་དང་གཙོ་སྒྲུབ་བྱས་པ་རེད། སློབ་གླིང་འདི་ནི་ལིན་ཧྥུན་གྲོང་ཁྱེར་གྱི་ཡའོ་ཏུའུ་ཆུས་ཧོ་ཞི་རུ་གནས་ཡོད་ལ། རྒྱ་ཁྱོན་ལ་མུའུ280ཡོད། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི3.5ཡོད་པ་དང་། འགྲིམ་འགྲུལ་སྟབས་བདེ་བ། ཁོར་ཡུག་དབེན་པ་བཅས་ཡིན། དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་བཀོད་དང་སྒྲིག་ཆས་ཡོད་ལ། དགེ་རྒན་གྱི་དཔུང་སྡེ་ཆེན་པོ་དང་འཐུས་སྒོ་ཚང་བའི་དོ་དམ་མ་ལག་ཡོད།

རིགས་དབྱེ།  

ཧུའུ་ལུན་པེར་ལས་རིགས་ལག་རྩལ་སློབ་གླིང་།

ཧུའུ་ལུན་པེར་ལས་རིགས་ལག་རྩལ་སློབ་གླིང་ནི་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁྱེར(ཧའེ་ལའར)ཁུལ་གསར་དུ་གནས་ཡོད། ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། སློབ་གསོ་པུས་ཐོ་འགོད་སྙན་སེང་ཞུས་ནས་ནུས་རྒྱུ་རྫས་འགྱུར་བཟོ་ལས་དང་། འཕྲུལ་གློག སོག་སྨན། ནད་གཡོག ཡུལ་སྐོར། མི་རིགས་སྒྱུ་རྩལ་སོགས་ཆེད་ལས་ཁྱད་ཆོས་སུ་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན།

རིགས་དབྱེ།  

ཧྲན་ཞི་གློག་ཤུགས་ལས་རིགས་ལག་རྩལ་སློབ་གླིང་།

ཧྲན་ཞི་གློག་ཤུགས་ལས་རིགས་ལག་རྩལ་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་གནས་པ་དང་སྤྱི་ལོ1955ལོར་བཙུགས་པ་རེད། སྤྱི་ལོ2004ལོའི་ཟླ5པར། ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་མཐོ་རིམ་ལས་རིགས་སློབ་གླིང་དུ་རིམ་སྤར་བྱས། སློབ་གླིང་དེར་ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འགོ་ཁྲིད་བྱེད་པ་དང་། ཧྲན་ཞི་ཞིང་ཆེན་གློག་ཤུགས་ཀུང་སིས་དོ་དམ་བྱེད་པ། ཧྲན་ཞི་ཞིང་ཆེན་སློབ་གསོ་ཐིང་གིས་དེའི་སློབ་ཁྲིད་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱེད་བཞིན་ཡོད་པ་རེད། ཧྲན་ཞི་གློག་ཤུགས་སློབ་གླིང་ནི་ཐའེ་ཡོན་གྲོང་ཁྱེར་གྱི་ལྷོ་ནུབ་ཐེན་ལུང་རི་འདབས་དང་། ཅིན་དབྱང་མཚེའུ་འགྲམ་དུ་གནས་ཡོད། དེ་སྔའི་ཐའེ་ཡོན་གློག་ཤུགས་སློབ་གྲྭའི་རྨང་གཞིའི་ཐོག་སྤྱི་ལོ2004ལོའི་ཟླ5པར་ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་དེ་བཙུགས་པའི་གློག་ཤུགས་མཐོ་རིམ་ཆེད་སྦྱོང་ཚན་ཁག་རིམ་པའི་ལས་རིགས་སློབ་གླིང་གསར་པ་ཞིག་ཡིན །

རིགས་དབྱེ།  

ཨེར་ཏུའོ་སིའི་སྐྱེ་ཁམས་ཁོར་ཡུག་ལས་རིགས་སློབ་གླིང་།

ཨེར་ཏུའོ་སིའི་སྐྱེ་ཁམས་ཁོར་ཡུག་ལས་རིགས་སློབ་གླིང་ནི་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་བཙུགས་པ་དང་། ཨེར་ཏུའོ་སི་གྲོང་ཁྱེར་སྲིད་གཞུང་གིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས། ཨེར་ཏུའོ་སི་གྲོང་ཁྱེར་གྱི་ཞིང་ཕྱུགས་སློབ་གྲྭའི་རྨང་གཞིའི་ཐོག་བཙུགས་པའི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། སློབ་གླིང་གིས་སྐྱེ་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་རིགས་ཀྱི་ཉེར་སྤྱོད་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཆེད་ལས་བཀོད་སྒྲིག་བྱས། ས་གནས་དེ་གར་གཞི་ཚུགས་པ་དང་། ནུབ་རྒྱུད་ལ་ཁ་ཕྱོགས་པ། ལྗོངས་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་མཐོ་རིམ་ལས་རིགས་སློབ་གསོ་གཙོ་བོར་བྱེད་པ་དང་། འབྲིང་རིམ་ལས་རིགས་སློབ་གསོ་རམ་འདེགས་སུ་བྱེད་པ། དར་མའི་ཡིག་སྤྲིངས་སློབ་ཁྲིད་དང་གསོ་སྦྱོང་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་སྣ་མང་སློབ་གཉེར་མ་ལག་ཅིག་ཡིན། ཨེར་ཏུའོ་སིའི་སྐྱེ་ཁམས་ཁོར་ཡུག་ལས་རིགས་སློབ་གླིང་ནི་སྔོན་ཆད་སྤྱི་ལོ1978ལོར་ཏ་ལ་ཐེ་ཆི་རུ་བཙུགས་པའི་ཨེར་ཏུའོ་སིའི་ཞིང་ཕྱུགས་སློབ་གྲྭ་ཡིན། སྤྱི་ལོ2011ལོར་ཨེར་ཏུའོ་སིའི་སྐྱེ་ཁམས་ཁོར་ཡུག་ལས་རིགས་སློབ་གླིང་དུ་གྱུར་ཡོད།

རིགས་དབྱེ།  

ཀྲ་ལན་ཐུན་ལས་རིགས་སློབ་གླིང་།

ཀྲ་ལན་ཐུན་ལས་རིགས་སློབ་གླིང་ནི་ཀྲ་ལན་ཐུན་གྲོང་ཁྱེར་དུ་གནས་ཡོད། ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་ཞུ་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། སློབ་གླིང་ནི་ཀྲ་ལན་ཐུན་ནགས་ལས་སློབ་གྲྭ་དང་། ཀྲ་ལན་ཐུན་ཞིང་ཕྱུགས་སློབ་གྲྭ ཀྲ་ལན་ཐུན་བྱིས་པའི་དགེ་ཐོན་སློབ་གྲྭ ཧུའུ་ལུན་པེར་འཕྲོད་བསྟེན་སློབ་གྲྭ་བཅས་ལས་གྲུབ་པ་ཞིག་རེད།

རིགས་དབྱེ།  

ཁྲི་ཧྥུན་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་།

ཁྲི་ཧྥུན་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་ནི་ནང་སོག་ཁྲི་ཧྥུན་གྲོང་ཁྱེར་དུ་གནས་ཡོད། སྤྱི་ལོ2020ལོའི་ཟླ5པར་སློབ་གསོ་པུའུ་ཡི་ཐོ་འགོད་སྙན་ཞུ་བརྒྱུད་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་པའི་ཆེད་སྦྱོང་རིམ་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན་པ་རེད།

རིགས་དབྱེ།  

ཏ་ལེན་ལས་རིགས་ལག་རྩལ་སློབ་གླིང་།

ཏ་ལེན་ལས་རིགས་ལག་རྩལ་སློབ་གླིང་ནི་ལེའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་དུ་གནས་ཡོད། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དང་རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། སློབ་གྲྭ་དེ་སྔོན་སྤྱི་ལོ1979ལོར་བཙུགས་པའི་ཏ་ལེན་དོ་དམ་ལས་བྱེད་པའི་སློབ་གླིང་ཡིན། སྤྱི་ལོ1999ལོར་ཏ་ལེན་ལས་རིགས་ལག་རྩལ་སློབ་གླིང་དུ་བསྒྱུར།

རིགས་དབྱེ།  

ཁྲང་ཁྲུན་དངུལ་རྩའི་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།

ཁྲང་ཁྲུན་དངུལ་རྩའི་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་དུ་ཡོད། སློབ་གྲྭ་སྤྱི་ལོ19660ལོར་བཙུགས། ཀྲུང་གོའི་མི་དམངས་དངུལ་ཁང་གི་སྤྱི་ཁྱབ་དངུལ་ཁང་གི་ཁོངས་སུ་གཏོགས། སྤྱི་ལོ2000ལོར་ཅི་ལིན་ཞིང་ཆེན་སྲིད་གཞུང་གིས་དོ་དམ་བྱས། ཀྲུང་དབྱང་དང་ས་གནས་ཀྱིས་མཉམ་སྐྲུན་བྱས། ས་གནས་ཀྱིས་དོ་དམ་གཙོ་བོར་བྱེད་པའི་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན། ཅི་ལིན་ཞིང་ཆེན་གྱི་དངུལ་རྩའི་རིགས་ཀྱི་སློབ་གླིང་གཅིག་པུ་དེ་ཡིན། སྤྱི་ལོ2014ལོའི་ཟླ8པའི་བར་སློབ་གྲྭའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི47ཙམ་ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི10ཙམ་ཡོད། “སྡེ་ཁག་བཞི་དང་པུའུ་གསུམ”གྱི་ཆེད་ལས25ཡོད། ཉིན་གང་ལམ་ལུགས་ཀྱི་ཆེད་སྦྱོང་ཚན་ཁག་གི་སློབ་མ5400ལྷག་ཙམ་དང་ཆེད་བསྐོས་དགེ་རྒན171ཡོད།

རིགས་དབྱེ།  

ཁྲང་ཁྲུན་རླངས་འཁོར་བཟོ་ལས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།

ཁྲང་ཁྲུན་རླངས་འཁོར་བཟོ་ལས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི་ཅི་ལིན་ཁྲང་ཁྲུན་དུ་ཡོད། རྒྱལ་ཁབ་ཀྱི་ཁག་དང་པོའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ལས་ཁུངས་དང་ཅི་ལིན་ཞིང་ཆེན་གྱི་ཁག་དང་པོའི་མཐོ་རིམ་ལས་རིགས་སློབ་གྲྭའི“དེང་རབས་ལས་རིགས་སློབ་གསོའི་དཔེ་སྟོན་སློབ་གྲྭའི”འཛུགས་སྐྲུན་ལས་ཁུངས་ཡིན། སྐབས་བཞི་པའི་ཧོང་ཡན་ཕེ་ལས་རིགས་སློབ་གསོའི་བྱ་དགའི་ཕུལ་བྱུང་སློབ་གྲྭ་དང་། རྒྱལ་ཡོངས་ལས་རིགས་སློབ་གླིང་གི་ཡིད་དབང་འཕྲོག་ཤུགས་ཆེ་བའི་སློབ་གྲྭ ཁྲང་ཁྲུན་གྲོང་ཁྱེར་གྱི་མི་དམངས་ཀྱི་བློ་ཡིད་ཚིམ་ཤོས་ཀྱི་ལས་ཁུངས། ཁྲང་ཁྲུན་གྲོང་ཁྱེར་གྱི“དཔལ་ཡོན་ལས་ཁུངས”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ།

རིགས་དབྱེ།