ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ།

ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ནི་སྤྱི་ལོ༡༩༥༧ལོའི་ཟླ༡༠ཚེས༨ཉིན་བཙུགས་ཤིང་། སློབ་གྲྭ་ཐོག་མར་འཛུགས་སྐབས་ཡུལ་ཤུལ་ཁུལ་མི་རིགས་དམའ་རིམ་དགེ་འོས་སློབ་གྲྭ་ཟེར། 1962ལོར་སློབ་གྲྭའི་མིང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ལ་བསྒྱུར། 1991ལོར་མི་རིགས་དགེ་འོས་སློབ་གྲྭར་འཁོར་སྐར་སློབ་གསོ་བརྙན་འཕྲིན་བརྒྱུད་གཏོང་ས་ཚིགས་བཙུགས་པ་དང་། སྤྱི་ལོ1985ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་ཡུལ་ཤུལ་བོད་ཡིག་ཆེད་སྦྱོང་སྡེ་ཁག་བཙུགས། ཡུལ་ཤུལ་ས་ཡོམ་བྱུང་རྗེས་ཀྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་ཕྱིར་མ་དངུལ་སྒོར་དུང་ཕྱུར4.5བཏང་སྟེ་བསྐྱར་འཛུགས་ལེགས་འགྲུབ་བྱུང་ཞིང་། མིག་སྔར་སློབ་གྲྭ་འདིར་ནང་གསེས་ཚན་ཁག་ནི། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་ཡུལ་ཤུལ་ཆེད་སྦྱོང་སྡེ་ཁག་དང་། ཡུལ་ཤུལ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་སློབ་གྲྭ་ཆེན་མོ། ཡུལ་ཤུལ་ཁུལ་ལས་རིགས་རྩལ་ནུས་ཚད་འཇོག་ལྟེ་གནས། ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གསོའི་ལྟེ་གནས་བཅས་ཡོད་ཅིང་། སློབ་གྲྭའི་ས་ཁྱོན་ལ་མུའུ203.2ཡོད་པ་དང་། འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྨི6.8ཟིན་ཞིང་དགེ་བཟོ་བ250ཙམ་ཞིག་ཡོད།

རིགས་དབྱེ།  

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ་ནི། སྐྱེ་རྒུ་གྲོང་རྡལ་བྱ་ཤུལ་ཁོག་ཏུ་ཆགས་ཡོད། སྤྱི་ལོ༢༠༡༠ལོའི་ཡུལ་ཤུལ་ས་ཡོམ་རྗེས་སུ། ཀྲུང་གོའི་རྒྱ་གྲམ་དམར་པོས་སྔ་ཕྱིར་སྤྱི་ཚོགས་ལས་རིགས་ཁག་གི་བྱམས་ལྡན་མི་སྣ་རྣམས་ལས་རོགས་སྐྱོར་མ་དངུལ་སྒོར་ཁྲི༡༣༣༨༥བསྡུས་ཏེ། ཁུལ་ཡོངས་ཀྱི་སློབ་གསོའི་འཆར་གཞི་ནང་བཞིན་གསར་དུ་བཙུགས་པའི་བཅའ་སྡོད་ལམ་ལུགས་ཀྱི་མི་རིགས་མཐོ་རིམ་སློབ་འབྲིང་ཞིག་ཡིན།

རིགས་དབྱེ།  

མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ།

མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ནི་སྤྱི་ལོ2004ལོའི་ཟླ9པར། དེ་སྔའི་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ(སྤྱི་ལོ1976ལོར་བཙུགས)དང་དེ་སྔའི་མཚོ་ལྷོ་ཁུལ་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གཉིས(1989ལོར་བཙུགས)ཟླ་སྒྲིལ་བཏང་ནས་བཙུགས་པ་ཞིག་ཡིན་ཞིང་། དེ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མིག་སྔའི་ཕྱོགས་བསྡུས་རང་བཞིན་གྱི་གཞུང་བཙུགས་འབྲིང་རིམ་ལས་རིགས་སློབ་གྲྭ་འབའ་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་ལས་རིགས་ལག་རྩལ་སློབ་གསོ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ལས་འགན་འཁུར་གྱིན་ཡོད།

རིགས་དབྱེ།  

ཡན་ཁྲེང་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།

ཡན་ཁྲེང་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་གནང་ནས་བཙུགས་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སློབ་གྲྭ་ནི་ཡན་ཁྲེང་མཐོ་རིམ་ལས་རིགས་གླིང་ཁུལ་དུ་གནས་ཡོད་ལ། ལྷོ་བྱང་སློབ་ཁུལ་གཉིས་སུ་བགོས་ནས་མུའུ1103ཟིན་ཡོད། སློབ་གྲྭའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི20ལྷག་ཙམ་ཟིན་ནས་མི་གསོ་སྐྱོང་གི་དགེ་རྒན་རྩེ་གྲས་དང་། སྔོན་ཐོན་གྱི་སློབ་ཁྲིད་སྒྲིག་ཆས། འཐུས་སྒོ་ཚང་བའི་འཚོ་བའི་སྒྲིག་བཀོད་བཅས་ཡོད། “ལོ་ལྔའི་འཆར་འགོད་བཅུ་གཉིས་པ”ནས་བཟུང་། སློབ་གྲྭས་ཞིང་ཆེན་དགེ་འོས་སློབ་མའི་གཞི་རྩའི་རྩལ་ནུས་འགྲན་བསྡུར་ཆེན་མོ་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོའི་ཁྲོད་གྲུབ་འབྲས་བཟང་པོ་ཡང་ཡང་ཐོབ་ནས་ཞིང་ཆེན་སློབ་གསོ་ཐིང་གིས་སྤྲད་པའི“རྩལ་ནུས་མཐོ་བའི་ཤེས་ལྡན་པའི་འབྱུང་གནས་ཀྱི་བྱ་དགའ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ། སྤྱི་ལོ2013ལོ་ནས་བཟུང་ཡན་ཁྲེང་སློབ་གྲྭར་སློབ་ཡོན་མི་དགོས་པ་དང་བྱིས་པའི་དགེ་རྒན་གསོ་སྐྱོང་ལས་དོན་གྱི་འགན་འཁུར་ནས་སློབ་གྲྭའི“བྱིས་པའི་སློབ་གསོའི་མི་དྲག”གི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁྱད་ཆོས་ལ་སྤྱི་ཚོགས་ལས་རིགས་ཁག་གི་བསྔགས་བརྗོད་ཆེན་པོ་ཐོབ། སྤྱི་ལོ2019ལོའི་ཟླ9བའི་ཚེས20ཉིན་རྒྱལ་ཡོངས་ཀྱི་ལྗང་འགྱུར་དཔེ་བཟང་ཚན་པའི་མཚན་སྙན་ཐོབ།

རིགས་དབྱེ།  

རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ།

རྨ་ལྷོ་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ནི། ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ། ལས་ཞུགས་སློབ་གསོ་སོགས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ལས་རིགས་ལག་རྩལ་སློབ་གྲྭ་ཞིག་ཡིན།

རིགས་དབྱེ།