རྨ་ལྷོ་སོག་རྫོང་མདོ་སུམ་ཡུལ་ཚོ་དཀྱིལ་སྙིང་བཅའ་སྡོད་ཆ་ཚང་སློབ་ཆུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྨ་ལྷོ་སོག་མདོ་སུམ་ཡུལ་ཚོའི་དཀྱིལ་སྙིང་བཅའ་སྡོད་ཆ་ཚང་སློབ་ཆུང་ནི་སྤྱི་ལོ1984ལོར་བཙུགས་ལ། ད་ལྟའི་བར་དུ་ལོ་ངོ32ལྷག་གི་ལོ་རྒྱུས་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河南蒙古自治县多松乡中心完小
ལ་ཏིང་གི་མིང་།
mdo sum zhang dkyil snying bca sdod cha tsng slob chung
བཙུགས་ལོ།
སྤྱི་ལོ1984ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆུང་།
གཙོ་གཉེར་སྡེ་ཁག
རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་སློབ་གསོ་ཅུའུ།
གནས་ཡུལ།
རྨ་ལྷོ་ཁུལ་རྨ་ལྷོ་སོག་མདོ་སུམ་ཡུལ་ཚོ།
1 ངོ་སྤྲོད།

རྨ་ལྷོ་སོག་མདོ་སུམ་ཡུལ་ཚོའི་དཀྱིལ་སྙིང་བཅའ་སྡོད་ཆ་ཚང་སློབ་ཆུང་ནི་སྤྱི་ལོ1984ལོར་བཙུགས་ལ། ད་ལྟའི་བར་དུ་ལོ་ངོ32ལྷག་གི་ལོ་རྒྱུས་ལྡན། སློབ་གྲྭ་ནི་སློབ་ཆུང་དང་བྱིས་གཉོར་ཁང་གཉིས་ཀྱིས་གྲུབ་ཅིང་། 2016ལོར་སློབ་གྲྭ་འདིར་སློབ་རིམ6འཛིན་གྲྭ6དང་སློབ་མ150། དགེ་བཟོ་བ31བཅས་ཡོད། སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ1383ཡོད་པ་དང་། དེའི་ཁྲོད་སློབ་ཁང་དང་མལ་ཁང་སོགས་འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ220ཡོད། སློབ་གྲྭ་འདི་ལ་སྨྱན་མང་གཟུགས་ཀྱི་སློབ་ཁང1དང་རྩིས་འཁོར་ཁང1། དཔེ་ཀློག་ཁང1སོགས་ཡོད།

སློབ་གྲྭའི་སློབ་མའི་བདེ་འཇགས་གཙོར་བཟུང་ནས་བཀག་སྡོམ་བདག་གཉེར་གྱི་དོ་དམ་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད། ལོ་ངོ་སུམ་ཅུའི་འབད་བརྩོན་དང་འཕེལ་རྒྱས་ཁྲོད་སློབ་གྲྭ་འདི་ཁྱོན་ཡོངས་ནས་ཆ་ཚང་དང་ཚད་ལྡན་དུ་འགྱུར་བཞིན་ཡོད་ལ། ཉེ་བའི་ལོ་ངོ་དུ་མར་སློབ་གྲྭའི་སློབ་གསོ་བྱ་བའི་གྲུབ་འབྲས་ཀྱང་རྫོང་ཡོངས་ཀྱི་སློབ་གྲྭ་ལེགས་ཤོས་ཀྱི་གྲས་སུ་ཡོད། གྲུབ་འབྲས་འདི་དག་བླངས་བ་ནི། མི་རིགས་སློབ་གསོའི་ལས་དོན་ལ་བློ་དཀར་བའི་དགེ་བཟོ་བའི་དཀའ་སྤྱད་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་རིམ་པ་ཅན་གྱི་དོ་དམ་ལམ་ལུགས་གཞིར་བྱས། སློབ་གསོའི་གསར་བསྐྲུན་གྱི་ཁོར་ཡུག་ཁྲོད་སློབ་མར་གཞི་རྩར་འཛིན་པའི་སློབ་ཁྲིད་དང་སྤུས་ཚད་དམིགས་འབེན་ཡིན་པའི་སློབ་སྒྲུབ་བྱ་བ་ལག་ལེན་བྱས་པའི་གྲུབ་འབྲས་ཡིན། སློབ་གྲྭས་མུ་མཐུད་དུ་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་ལྷག་པར་ཏུ་ཞག་སྡོད་སློབ་མའི་འཚོ་བ་དང་དགོས་མཁོར་དམིགས་ནས་གནས་པའི་གནད་དོན་དང་དཀའ་ཁག་ཡོད་ཚད་ཐུན་མོང་གིས་གྲོས་མོལ་བྱས་ཏེ་ཐག་གཅོད་བྱེད་རྒྱུ་དང་དགེ་སློབ་ཡོངས་ཀྱིས་བློ་སྤོབས་ཆེན་པོས“སློབ་སྦྱོང་རང་བདག་དང་བདེ་ཐང་ལྷུར་ལེན། རིམ་གྱིས་མཐོར་འདེགས། སློབ་སྒྲུབ་ཁྱད་ལྡན། ཕྱོགས་འཕེས་རྒྱས”ཀྱི་ཐད་ལ་སྟོབས་ཤུགས་གཅིག་སྒྲིལ་གྱིས་འབད་དེ། བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་ཅན་དང་། ཀུན་སྤྱོད་དང་རང་གཤིས་བརྟན་པའི་སློབ་མ་ཁྱད་ཆོས་ཅན་གྱི་སློབ་གྲྭ་ཞིག་ཁྱོན་ཡོངས་ནས་ཆགས་པར་རྨང་གཞི་འདིང་གིན་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-03

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།