མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ།

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མི་རིགས་བཅའ་སྡོད་སློབ་འབྲིང་ཞིག་ཡིན་ལ། རང་ཁུལ་གྱི་གཞི་རྒྱ་ཆེས་ཆེ་བའི་མི་རིགས་མཐོ་རིམ་སློབ་འབྲིང་ཞིག་ཡིན། སློབ་གྲྭ་འདི་ནི་སྔར་གྱི་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ(སྤྱི་ལོ1956ལོའི་ཟླ11པར་བཙུགས)བྱ་བ་དེ་ཡིན་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་བཙུགས་པ་ཆེས་སྔ་བའི་མི་རིགས་འབྲིང་རིམ་དགེ་འོས་སློབ་གྲྭ་ཞིག་ཡིན། སྤྱི་ལོ2004ལོའི་ཟླ4པར། རང་ཁུལ་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས། སློབ་གྲྭ་འདི་ག་དང་སྔར་གྱི་མཚོ་ལྷོ་ཁུལ་བོད་ཡིག་སློབ་འབྲིང་གཉིས་མཉམ་དུ་བསྡུས་ཏེ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མི་རིགས་བཅའ་སྡོད་མཐོ་རིམ་སློབ་འབྲིང་དུ་བསྒྱུར།

རིགས་དབྱེ།  

གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོ།

རྨ་ལྷོ་ཁུལ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ནི་རྨ་ཆུ་འགྲམ་རྒྱུད་ཀྱི་མར་ཁུ་ཐང་གྲོང་རྡལ་དུ་ཆགས་ཤིང་། རང་ཞིང་གི་སློབ་འབྲིང་ཁྲོད་དུ་གཞི་ཁྱོན་ཅུང་ཆེ་བའི་བོད་ཡིག་གཙོ་གཉེར་གྱི་བཅའ་སྡོད་སློབ་གྲྭ་ཞིག་ཡིན། སློབ་གྲྭ་འདི་ནི་སྤྱི་ལོ1979ལོར་གསར་དུ་བཙུགས་པ་ཡིན་ཞིང་ས་ངོས་གཞི་ཁྱོན་ལ་མུའུ74ཡོད། དེ་ལས་བཟོ་སྐྲུན་རྒྱ་ཁྱོན་གྱིས་སྨི་ངོས་སྙོམས་གྲུ་བཞི་མ14200ལྷག་ཟིན་ཡོད།

རིགས་དབྱེ།  

གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ།

གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་དུ་ཆགས་ཡོད་ལ། སློབ་གྲྭ་དེ་ནི་སྤྱི་ལོ1999ལོར་བཙུགས་པའི་མི་རིགས་སློབ་འབྲིང་ཞིག་ཡིན། སློབ་གྲྭའི་ས་ཁྱོན་ལ་མུའུ103ལྷག་ཡོད། ད་ལྟ་འཛིན་གྲྭ27ཡོད་ལ། དེ་ལས་དམའ་འབྲིང་འཛིན་གྲྭ15དང་། མཐོ་འབྲིང་འཛིན་གྲྭ12ཡོད། སློབ་མའི་མལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ38349ཡོད། འཛུགས་སྐྲུན་ཡོངས་ལ་མ་དངུལ་སྒོར་དུང་ཕྱུར11ལྷག་བཏང་ཡོད། ད་ལྟ་སློབ་གྲྭར་སྡོད་པའི་སློབ་མ1693ཡོད། དགེ་བཟོ་བ173ཡོད།

རིགས་དབྱེ།  

ཟི་ལིང་གྲོང་ཁྱེར་སློབ་འབྲིང་དང་པོ།

སློབ་གྲྭ་འདི་ཟི་ལིང་གྲོང་ཁྱེར་ཀོན་མོན་སྲང་ལམ་སྒོ་ཨང1པོར་གནས་ཤིང་། སྤྱི་ལོ1913ལོའི་ཟླ9པར་གསར་དུ་བཙུགས། ད་ལྟ་སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ17911.2ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ18184.06ཡོད། འདི་ནི་ཟི་ལིང་དང་ཐ་ན་མཚོ་སྔོན་གྱི་འཛུགས་སྔ་བའི་སློབ་གྲྭའི་གྲས་ཤིག་ཡིན།

རིགས་དབྱེ།  

ཟི་ལིང་གྲོང་ཁྱེར་སྒེར་བཙུགས་མཐོ་རིམ་སློབ་འབྲིང་དང་པོ།

ཟི་ལིང་གྲོང་ཁྱེར་གྱི་སྒེར་བཙུགས་བཅའ་སྡོད་མཐོ་རིམ་སློབ་འབྲིང་གཅིག་པུ་དེ་ཡིན།

རིགས་དབྱེ།  

ཟི་ལིང་གྲོང་ཁྱེར་སྤྱི་ཤོག་སློབ་འབྲིང་།

ཟི་ལིང་གྲོང་ཁྱེར་སྤྱི་ཤོག་སློབ་འབྲིང་ནི་མཛེས་སྡུག་ལྡན་པའི་ནན་ཁྲོན་གཙང་པོའི་ངོགས་སུ་གནས་པ་དང་། སྤྱི་ལོ1958ལོར་གསར་དུ་བཙུགས། དེས་ལོ50ཙམ་གྱི་དཀའ་སྡུག་གི་ལོ་རྒྱུས་བརྒྱུད་ཟིན་ཞིང་། ཟི་ལིང་གྲོང་ཁྱེར་ཅུས་ཀྱི་ཁོངས་སུ་གཏོགས་པའི་བཅའ་སྡོད་ལམ་ལུགས་ཀྱི་ཆ་ཚང་སློབ་འབྲིང་དང་ཞིང་ཆེན་རིམ་པའི་ཚད་ལྡན་ཅན་གྱི་སློབ་གྲྭ་ཞིག་རེད། སློབ་ཁྲིད་ཀྱི་སྒྲིག་བཀོད་ཆ་ཚང་བ་དང་སློབ་གསོའི་ཁྱད་ཆོས་མངོན་གསལ་ལྡན་པའི་སློབ་གྲྭ་ཞིག་ཡིན།

རིགས་དབྱེ།  

ཀོས་ནན་རྫོང་མི་རིགས་སློབ་འབྲིང་།

ཀོས་ནན་རྫོང་མི་རིགས་སློབ་འབྲིང་ནི་སྤྱི་ལོ1976ལོའི་ཟླ12པར་བཙུགས་པ་དང་ཀོས་ནན་རྫོང་མཁར་དུ་གནས་ཤིང་། རི་ཆུ་གཉིས་ལ་ཉེ་བར་འབྲེལ་ཡོད། བཅའ་སྡོད་ལམ་ལུགས་ཀྱི་དམའ་རིམ་མི་རིགས་སློབ་འབྲིང་ཡིན། སློབ་གྲྭ་ཐོག་མར་འཛུགས་དུས་སུ་དགེ་རྒན7དང་སློབ་མ40ལས་མེད། སྤྱི་ལོ2000ལོའི་ཟླ9པར་མཐོ་རིམ་སློབ་འབྲིང་གསར་འཛུགས་བྱས།

རིགས་དབྱེ།  

ཀོས་ནན་རྫོང་སློབ་འབྲིང་།

ཀོས་ནན་རྫོང་སློབ་འབྲིང་ནི་སྤྱི་ལོ1958ལོའི་ཟླ3པའི་ཚེས16ཉིན་བཙུགས་པ་དང་། སྐབས་དེར་ཀླུ་ཚང་དགོན་པའི་སྡོད་ཁང་གཡར་ནས་སློབ་ཁང་བྱས་པ་དང་། སློབ་གྲྭ་བཙུགས་མ་ཐག་སློབ་མ16དང་དགེ་རྒན5ཡོད།

རིགས་དབྱེ།  

གུང་ཧོ་རྫོང་མི་རིགས་སློབ་འབྲིང་།

གུང་ཧོ་རྫོང་མི་རིགས་སློབ་འབྲིང་ནི་སྤྱི་ལོ1979ལོར་བཙུགས་ཤིང་། དེ་ནི་བོད་རིགས་སློབ་མ་གཙོ་བོ་ཡིན་པའི་བཅའ་སྡོད་ལམ་ལུགས་ཀྱི་མི་རིགས་སློབ་འབྲིང་ཞིག་ཡིན། ད་ལྟ་དགེ་བཟོ་བ88ཡོད་པའི་ནང་ཆེད་བསྐོས་དགེ་རྒན74ཡོད་པ་དང་སྦྱངས་རབས་ཚད་ལོན་ཚད་ནི98.6%ཡིན་པ་དང་། ཆེད་ལས་ལག་རྩལ་གྱི་མཐོ་རིམ་གོ་མིང་ཅན25དང་། འབྲིང་རིམ་ཅན36། དམའ་རིམ་ཅན13བཅས་ཡོད། ད་ལྟ་སློབ་གྲྭར་སློབ་ཁྲིད་འཛིན་གྲྭ25ཡོད་པ་དང་སློབ་མ1380ཡོད།

རིགས་དབྱེ།  

མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པ།

མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པའམ་ཁྲི་ཀ་སློབ་འབྲིང་ནི་སྤྱི་ལོ1942ལོར་བཙུགས་པ་དང་། སྤྱི་ལོ1951ལོར་དངོས་སུ་སློབ་གྲྭ་སླར་གསོ་བྱས་ནས་དམའ་རིམ་སློབ་འབྲིང་འཛིན་གྲྭ1བསྡུས་པ་དང་། སྤྱི་ལོ1958ལོར་མཐོ་རིམ་སློབ་འབྲིང་འཛིན་གྲྭ་གསར་དུ་བསྣན་ནས་ཆ་ཚང་སློབ་འབྲིང་ཞིག་ཏུ་གྱུར། སྤྱི་ལོ2004ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་སྒོ་བྱང་བཀལ་ནས་ཞིང་ཆེན་རིམ་པའི་ཚད་ལྡན་ཅན་གྱི་སློབ་གྲྭར་གྱུར།

རིགས་དབྱེ།  

ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་།

ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་ནི་སྤྱི་ལོ1976ལོར་བཙུགས་པ་དང་། བོད་རྒྱ་དབྱིན་གསུམ་སྟེ་སྐད་གསུམ་སློབ་ཁྲིད་བྱེད་བཞིན་པ་དང་བོད་སྐད་ཡིག་གཙོ་བོར་བྱེད་ཀྱིན་པའི་བཅའ་སྡོད་ལམ་ལུགས་ཀྱི་ཆ་ཚང་མི་རིགས་སློབ་འབྲིང་ཞིག་རེད།

རིགས་དབྱེ།  

མཚོ་སྔོན་ཁུ་ནུ་སློབ་འབྲིང་།

མཚོ་སྔོན་ཁུ་ནུ་སློབ་འབྲིང་ནི་ཟི་ལིང་གྲོང་ཤར་གྱི་གུང་ཧོ་ལྷོ་ལམ་ཨང9པར་གནས་ཡོད། སློབ་གྲྭ་འདི་སྤྱི་ལོ1932ལོར་བཙུགས་པ་དང་། སློབ་གྲྭ་བཙུགས་ཚུན་ནས་སློབ་གྲྭས་དམངས་ཀྱི་བློ་གྲོས་འཕེལ་བ་དང་ཕུལ་བྱུང་གི་ཚན་རིག་རིག་གནས་ཤེས་བྱ་བརྒྱུད་སྤེལ་བྱས་ནས། མཚོ་སྔོན་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས་བཅས་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། སློབ་གྲྭས་གསོ་སྐྱོང་བྱས་པའི་སློབ་མ་རྒྱལ་ཁབ་ཕྱི་ནང་དུ་ཁྱབ་ནས་མི་རིགས་ཀྱི་དཔལ་འབྱོར་དར་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་དཔལ་ཡོན་དར་སྤེལ་གཏོང་བའི་བར་གྱི་སྟོབས་ཤུགས་སུ་གྱུར་ཡོད།

རིགས་དབྱེ།  

ཧྲང་ཧའེ་གྲོང་ཁྱེར་ཁྲུང་མིང་ཆུས་དམངས་རྩའི་སློབ་འབྲིང་།

སློབ་འབྲིང་དེ་ནི་ཧྲང་ཧའེ་གྲོང་ཁྱེར་ཁྲུང་མིང་ཆུས་ཀྱི་གཙོ་གནད་མཐོ་རིམ་སློབ་འབྲིང་ཞིག་ཡིན་ཞིང་། སྤྱི་ལོ1925ལོར་བཙུགས། ད་ལྟ་སློབ་གྲྭས་མུའུ70བཟུང་ཡོད། སློབ་གྲྭ་དེར་སློབ་གསོ་ཁུལ་དང་འཚོ་བའི་ཁུལ། ལུས་རྩལ་ཁུལ་སོགས་ས་ཁོངས་ཆེན་པོ་གསུམ་ལས་གྲུབ་པ་དང་། ཁོར་ཡུག་ལ་ལྷིང་འཇགས་ལྡན་ཞིང་ལྗོན་ཤིང་གིས་བརྒྱན་པར་སྤྲས་ཡོད། སློབ་གསོའི་སྒྲིག་བཀོད་ཆ་ཚང་ཞིང་སྒྲིག་ཆས་རྩེ་གྲ་ཡིན། སློབ་གྲྭར་སྐད་བརྡའི་ཁང་དང་ཚོད་ལྟ་ཁང་། དཔེ་གཟིགས་ཁང་། གློག་ཀླད་ཁང་། ཞབས་བྲོའི་ཆེད་སྤྱོད་སློབ་ཁང་། མཛེས་རྩལ་ཆེད་སྤྱོད་སློབ་ཁང་། སྨྱན་མང་གཟུགས་སློབ་ཁང་། ནུས་མང་ཚོགས་འདུའི་ཚོམས་ཆེན་སོགས་ཡོད།

རིགས་དབྱེ།  

རྨ་ལྷོ་སོག་རྫོང་མི་རིགས་སློབ་འབྲིང་།

རྨ་ལྷོ་སོག་རྫོང་མི་རིགས་སློབ་འབྲིང་ནི་བཅའ་སྡོད་ལམ་ལུགས་ལག་བསྟར་བྱེད་པའི་མི་རིགས་སློབ་འབྲིང་ཞིག་ཡིན།

རིགས་དབྱེ།  

རྨ་ལྷོ་སོག་རྫོང་བཅའ་སྡོད་སློབ་འབྲིང་།

རྨ་ལྷོ་སོག་རྫོང་མི་རིགས་སློབ་འབྲིང་ནི་སྤྱི་ལོ1958ལོར་བཙུགས་པ་དང་། ད་ལྟ་སློབ་གྲྭ་འདིར་འཛིན་གྲྭ17དང་སློབ་མ673། དགེ་བཟོ་བ53བཅས་ཡོད། སློབ་གྲྭའི་འཛུགས་སྐྲུན་རྒྱ་ཁྱོན་ལ་རྒྱ་དཔངས་གྲུ་བཞི་མ9170ཡོད།

རིགས་དབྱེ།  

རྔ་བ་རྫོང་བོད་ཡིག་སློབ་འབྲིང་།

​སི་ཁྲོན་རྔ་བ་རྫོང་བོད་ཡིག་སློབ་འབྲིང་ནི་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་གསུམ་གྱི་འདྲེས་མཚམས་སུ་ཡོད་ཅིང་། སྤྱི་ལོ1983ལོར་མཚན་ཉིད་ཡུལ་ཚོས་བསྐྲུན་པ་ཡིན་པས། མཚན་ཉིད་བོད་ཡིག་སློབ་གྲྭ་ཞེས་ཀྱང་ཟེར།

རིགས་དབྱེ།  

ཞིན་ཧེ་རོལ་དབྱངས་སློབ་གླིང་།

ཞིན་ཧེ་རོལ་དབྱངས་སློབ་གླིང(Xinghai Conservatory of Music)ནི་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་གནས་ཤིང་། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞིར་བདམས་ཡོད། ཞིན་ཧེ་རོལ་དབྱངས་སློབ་གླིང་ནི་སྔོན་ཆད་སྤྱི་ལོ1957ལོར་བཙུགས་པའི་ཀོང་ཀྲོའུ་རོལ་དབྱངས་སློབ་གྲྭ་དེ་ཡིན་ལ། སྤྱི་ལོ1958ལོར་ཀོང་ཀྲོའུ་རོལ་དབྱངས་ཆེད་སྦྱོང་སློབ་གྲྭར་བྱས། སྤྱི་ལོ1965ལོའི་ལོ་འགོར་ཀོང་ཏུང་ཞབས་བྲོའི་སློབ་གྲྭ་དང་ཟླ་སྒྲིལ་བཏང་ནས་ཀོང་ཏུང་སྒྱུ་རྩལ་ཆེད་སྦྱོང་སློབ་གྲྭར་བསྒྱུར། སྤྱི་ལོ1969ལོར་ཀོང་ཀྲོའུ་མཛེས་རྩལ་སློབ་གླིང་དང་ཟླ་སྒྲིལ་བཏང་ནས་ཀོང་ཏུང་མི་དམངས་སྒྱུ་རྩལ་སློབ་གླིང་དུ་བསྒྱུར། སྤྱི་ལོ1978ལོའི་ཟླ3པར་ཀོང་ཀྲོའུ་རོལ་དབྱངས་ཆེད་སྦྱོང་སློབ་གྲྭ་ཞེས་མིང་བཏགས། སྤྱི་ལོ 1981ལོའི་ཟླ6པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀོང་ཀྲོའུ་རོལ་དབྱངས་སློབ་གླིང་དུ་འཛུགས་རྒྱུའི་ཆོག་མཆན་གནང་བ་དང་། སྤྱི་ལོ1985ལོའི་ཟླ12པར། ཀོང་ཏུང་ནས་ཡིན་པའི་མི་དམངས་རོལ་མོ་བ་ཞན་ཞིན་ཧའེ་ལ་དྲན་གསོ་ཞུ་ཆེད་ཞིན་ཧའེ་རོལ་དབྱངས་སློབ་གླིང་ཞེས་པར་མིང་བསྒྱུར། སྤྱི་ལོ 2020ལོའི་ཟླ7པའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་ཀོང་ཀྲོའུ་སློབ་ཆེན་གྱི་སློབ་ཁུལ་དང་ཧྲ་ཧོ་སློབ་ཁུལ་གཉིས་ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི21ཟིན། དངོས་གཞིའི་ཆེད་ལས18ཡོད། དགེ་རྒན་དང་ལས་བཟོ་པ738ཡོད།

རིགས་དབྱེ།  

རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་དང་པོ།

རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་དང་པོ་ནི་སྤྱི་ལོ1990ལོར་བཙུགས་ཤིང་། དེ་ནི་བཅའ་སྡོད་ལམ་ལུགས་ཀྱི་མི་རིགས་མཐོ་རིམ་སློབ་འབྲིང་ཞིག་ཡིན།

རིགས་དབྱེ།  

རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པ།

རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནི་སྤྱི་ལོ1957ལོའི་ཟླ9པར་བཙུགས་པ་དང་། ད་ལྟའི་བར་ལོ་ངོ50ལྷག་གི་ལོ་རྒྱུས་ལྡན། སྤྱི་ལོ1994ལོར་དགེ་རྒན་གྱི་གསོ་སྦྱོང་རྟེན་གཞི་བཙུགས་ནས་སློབ་ཆུང་གི་སློབ་གཙོ་དང་རྐང་འཛིན་དགེ་རྒན་བསྐྱེད་སྲིང་བྱས་པ་རེད། སྤྱི་ལོ2003ལོར་ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་དགེ་ཐོན་སློབ་གྲྭས་དགེ་ཐོན་སློབ་མ་བསྡུ་མཚམས་བཞག་ནས་རྨ་ལྷོ་ཁུལ་གྱིས་ཁུལ་ཐད་གཏོགས་སློབ་གྲྭའི་མི་དོན་བཀོད་སྒྲིག་ལམ་ལུགས་བཅོས་སྒྱུར་བྱས་པ་དང་། རང་སློབ་གྲྭས་སྔར་ཡོད་ཀྱི་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་རྨང་གཞིའི་སྟེང་ཁུལ་མི་རིགས་སློབ་འབྲིང་གཉིས་པ་གསར་དུ་བཙུགས་ལ། དགེ་རྒན་གསོ་སྦྱོང་དང་མཐོ་འབྲིང་སློབ་གསོ་གཉིས་གཞི་གཅིག་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་གྲྭ་བཙུགས་པ་རེད།

རིགས་དབྱེ།  

རེབ་གོང་རྫོང་མི་རིགས་སློབ་འབྲིང་།

རེབ་གོང་རྫོང་མི་རིགས་སློབ་འབྲིང་ནི་སྤྱི་ལོ1975ལོར་བཙུགས་ཤིང་། རེབ་གོང་ས་ཁུལ་དུ་ལོ་རྒྱུས་ཆེས་རིང་ཞིང་གཞི་རྒྱ་ཆེས་ཆེ་བའི་བཅའ་སྡོད་ལམ་ལུགས་ཀྱི་མི་རིགས་ཆ་ཚང་སློབ་འབྲིང་ཞིག་ཡིན།

རིགས་དབྱེ།  

རེབ་གོང་རྫོང་དབྱི་ཧྥུ་མི་རིགས་སློབ་འབྲིང་།

རེབ་གོང་རྫོང་དབྱི་ཧྥུ་མི་རིགས་སློབ་འབྲིང་གི་རྨང་གཞི་ནི་རེབ་གོང་རྫོང་སྡེ་བདུན་བོད་རིགས་སློབ་ཆུང་ཡིན་ལ། དེ་ནི་སྤྱི་ལོ1952ལོར་བཙུགས་པ་དང་། སྤྱི་ལོ1955ལོར་ཆ་ཚང་སློབ་ཆུང་ལ་བསྒྱུར་བ་རེད། སློབ་ཆུང་དུ་བོད་རིགས་ཀྱི་དམའ་འབྲིང་འཛིན་གྲྭ་བཙུགས་པ་དང་། སྤྱི་ལོ1963ལོར་བོད་རིགས་ཀྱི་དམའ་འབྲིང་འཛིན་གྲྭ་དེ་རེབ་གོང་རྫོང་སློབ་འབྲིང་གི་ཁོངས་སུ་བསྡུས་ཏེ། སློབ་གྲྭའི་མིང་ལ“སྡེ་བདུན་བོད་རིགས་ཆ་ཚང་སློབ་ཆུང”ཞེས་པར་བསྒྱུར།

རིགས་དབྱེ།  

རེབ་གོང་རྫོང་དགེ་འདུན་ཆོས་འཕེལ་སློབ་འབྲིང་།

རེབ་གོང་རྫོང་དགེ་འདུན་ཆོས་འཕེལ་སློབ་འབྲིང་ནི་སྤྱི་ལོ2002ལོའི་ཟླ10པར་གསར་དུ་བཙུགས་ལ། ལོ་དགུའི་འགན་བབས་སློབ་གསོའི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ཡིན་པ་དང་། ས་དེ་ནས་མཚན་སྙན་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་ཁྱབ་པའི་བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་འཁྲུངས་པ་ཡིན་པས་སློབ་གྲྭའི་མིང་ཡང་དེ་ལྟར་དུ་བཏགས་པ་རེད།

རིགས་དབྱེ།  

རེབ་གོང་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།

རེབ་གོང་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་ནི་སྤྱི་ལོ2001ལོའི་ཟླ9པར་གསར་དུ་བཙུགས་ཤིང་། ད་ལྟ་སློབ་ཞུགས་སློབ་མ1232ལ་སླེབས་ཤིང་། དེའི་ནང་དུ་སློབ་འབྲིང་སློབ་མ690དང་སློབ་ཆུང་སློབ་མ542ཡོད། འཛིན་གྲྭ20ཡོད་པ་དང་། དམའ་འབྲིང་ལ་འཛིན་གྲྭ12དང་སློབ་ཆུང་ལ་འཛིན་གྲྭ8ཡོད། སློབ་གྲྭ་ཡོངས་ལ་དགེ་བཟོ་བ68ཡོད་པ་དང་། ཆེད་གཉེར་དགེ་རྒན62ཡོད།

རིགས་དབྱེ།  

རེབ་གོང་རྫོང་རོང་བོ་བཅའ་སྡོད་སློབ་གྲྭ་གཉིས་པ།

རེབ་གོང་རྫོང་རོང་བོ་བཅའ་སྡོད་སློབ་གྲྭ་གཉིས་པ་ནི་གསར་དུ་བཙུགས་པའི་མི་རིགས་སློབ་འབྲིང་ཞིག་ཡིན་ལ། སློབ་གྲྭ་འདི་ནི་རྫོང་མཁར་ལས་ལེ་དབར་གཉིས་ལྷག་ཙམ་གྱི་ལྷོ་ཕྱོགས་སུ་ཆགས་ཡོད།

རིགས་དབྱེ།