རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་བཅའ་སྡོད་སློབ་ཆུང་གཉིས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་བཅའ་སྡོད་སློབ་ཆུང་གཉིས་པ་ནི་རྨ་ཆུ་དང་རྩེ་ཆུ་གཉིས་ཀྱི་འདྲིས་མདོར་ཆགས་ཡོད་ཅིང་། སྤྱི་ལོ2002ལོའི་ཟླ9བར་བཙུགས་ལ། སྤྱི་ལོ2005ལོའི་ཟླ8པར་བཅའ་སྡོད་སློབ་ཆུང་དུ་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河南蒙古自治县宁木特乡第二寄校
ལ་ཏིང་གི་མིང་།
rm lho sog rdzong nyin mthav bcav sdod slob chung gnyi pa
བཙུགས་ལོ།
སྤྱི་ལོ2002ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆུང་།
གཙོ་གཉེར་སྡེ་ཁག
རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་སློབ་གསོ་ཅུའུ།
གནས་ཡུལ།
རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ།
1 ​ངོ་སྤྲོད།

རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་བཅའ་སྡོད་སློབ་ཆུང་གཉིས་པ་ནི་རྨ་ཆུ་དང་རྩེ་ཆུ་གཉིས་ཀྱི་འདྲིས་མདོར་ཆགས་ཡོད་ཅིང་། སྤྱི་ལོ2002ལོའི་ཟླ9བར་བཙུགས་ལ། སྤྱི་ལོ2005ལོའི་ཟླ8པར་བཅའ་སྡོད་སློབ་ཆུང་དུ་བསྒྱུར། ད་ལྟ་སློབ་གྲྭ་འདིར་འཛིན་གྲྭ7དང་སློབ་མ178། དགེ་བཟོ་བ28བཅས་ཡོད། སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ21950ཡོད་པ་དང་། དེའི་ཁྲོད་སློབ་ཁང་དང་མལ་ཁང་སོགས་འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ4533ཡོད།

སློབ་གྲྭ་འདི་ནི་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་གྱི་ལྦོབ་ཐོང་དང་སྐལ་ཁྱུང་། གསེར་གཞུང་། འབྲུག་ལུང་བཅས་སྡེ་བ་བཞིའི་དཀྱིལ་དབུས་སུ་ཆགས་ཡོད་པ་དང་། བོད་རྒྱ་དབྱིན་གསུམ་དང་གྲངས་རིག་བཅས་གཙོར་བྱས་རྩིས་འཁོར་དང་ཚན་རིག གླུ་དབྱངས། མཛེས་རྩལ་སོགས་ཀྱང་སློབ་ཁྲིད་བྱེད་བཞིན་ཡོད་པ་མ་ཟད།  དེང་རབས་ཅན་དང་ཚན་རིག་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་སྨྱན་མང་གཟུགས་དང་ཚན་རིག་ཚོད་ལྟ་ཁང་། རྩིས་འཁོར་ཁང་། མཛེས་རྩལ་ཁང་སོགས་དེང་རབས་ཀྱི་སློབ་ཁྲིད་སྒྲིག་ཆས་བཀོལ་ཏེ། སློབ་གསོ་འཛམ་གླིང་ལ་ཁ་ཕྱོགས་པ་དང་མ་འོངས་བར་ཁ་ཕྱོགས་པར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-03

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།