རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་བཅའ་སྡོད་སློབ་ཆུང་གསུམ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་བཅའ་སྡོད་སློབ་ཆུང་གསུམ་པ་ནི་ཤ་ལ་རུ་ཆུང་གསུམ་པའི་སྡེ་དཀྱིལ་དུ་སྤྱི་ལོ1997ལོའི་ཟླ1པར་བཙུགས་ལ། ད་ལྟའི་བར་དུ་ལོ་ངོ19ལྷག་གི་ལོ་རྒྱུས་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河南蒙古自治县宁木特乡第三寄校
ལ་ཏིང་གི་མིང་།
rm lho sog rdzong nyin mthav gmong rdl bcav slob slob chung gsum pa
བཙུགས་ལོ།
སྤྱི་ལོ1997ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆུང་།
གཙོ་གཉེར་སྡེ་ཁག
རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་སློབ་གསོ་ཅུའུ།
གནས་ཡུལ།
རྨ་ལྷོ་ཁུལ་ རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ།
1 ​ངོ་སྤྲོད།

རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་བཅའ་སྡོད་སློབ་ཆུང་གསུམ་པ་ནི་ཤ་ལ་རུ་ཆུང་གསུམ་པའི་སྡེ་དཀྱིལ་དུ་སྤྱི་ལོ1997ལོའི་ཟླ1པར་བཙུགས་ལ། ད་ལྟའི་བར་དུ་ལོ་ངོ19ལྷག་གི་ལོ་རྒྱུས་ལྡན། སློབ་གྲྭ་ནི་སློབ་ཆུང་དང་བྱིས་གཉོར་ཁང་གཉིས་ཀྱིས་གྲུབ་ཅིང་། 2016ལོར་སློབ་གྲྭ་འདིར་འཛིན་གྲྭ7དང་སློབ་མ116། དགེ་བཟོ་བ29བཅས་ཡོད། སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ13000ཡོད་པ་དང་། དེའི་ཁྲོད་སློབ་ཁང་དང་མལ་ཁང་སོགས་འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ2588.54ཡོད། སློབ་གྲྭ་འདི་ལ་སྨྱན་མང་གཟུགས་ཀྱི་སློབ་ཁང1དང་རྩིས་འཁོར་ཁང1། དཔེ་མཛོད་ཁང1། རོལ་དབྱངས་ཁང1། རྩལ་སྦྱོང་ཁང1། རི་མོའི་སློབ་ཁང1། ཚན་རིག་སློབ་ཁང1བཅས་ཡོད།

སློབ་གྲྭ་འདིའི་ཞབས་འདེགས་ཞུ་ཡུལ་ནི་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་གྱི་ཤ་ལ་དང་སོའུ་ཆེན། ཉིན་མཐའ། བས་ལ། འབྲུག་ལུང་། མཛོ་མོ་བཅས་སྡེ་བ་དྲུག་ཡིན། སློབ་སྒྲུབ་ཀྱི་ཁ་ཕྱོགས་ནི་ཏང་དང་རྒྱལ་ཁབ་ཀྱི་སློབ་གསོའི་སྲིད་ཇུས་ཀྱི་མཛུབ་སྟོན་འོག ཀྲུང་ཧྭ་མི་རིགས་ཀྱི་ཡ་རབས་སྤྱོད་བཟང་གི་ཀུན་སྤྱོད་ཡག་པོ་དར་སྤེལ་དང་། དཔེ་ཁྲིད་མི་སྐྱོང་གི་རླབས་ཆེན་བྱ་གཞག་གཞི་རྩར་བཟུང་སྟེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས་ཀྱི་བྱ་བར་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་རྒྱག་པ་དང་།  སློབ་གྲྭའི་བདག་གཉེར་དོ་དམ་དང་སྒྲིག་ལམ། བསླབ་ཚན་སྣ་ཚོགས་ཀྱི་སྒྲིག་གཞི་ཚད་ལྡན་དུ་བསྒྱུར་བཞིན་ཡོད་ལ། སློབ་གྲྭའི་འཕེལ་རྒྱས་དང་བསྟུན་ནས་དགེ་རྒན་གྱི་དཔུང་སྡེ་དང་སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས། སློབ་མའི་ཀུན་སྤྱོད་ཡར་རྒྱས། སློབ་གྲྭ་གོང་འཕེལ་སོགས་ཀྱི་རྩ་དོན་གཞིར་བཟུང་ནས་ཤེས་ལྡན་མི་སྣ་གང་མང་ཞིག་བསྐྱེད་བསྲིང་བྱེད་པར་འབད་པ་བྱས་ཏེ་ཕྱོགས་ཡོངས་ནས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བཞིན་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-03

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།