རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་བཅའ་སྡོད་སློབ་ཆུང་དང་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་བཅའ་སྡོད་སློབ་ཆུང་དང་པོ་ནི་རྨ་ལྷོ་སོག་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ31ཆོད་པའི་ཉིན་མཐའ་གྲོང་རྡལ་དུ་ཆགས་ཤིང་། སྤྱི་ལོ1963ལོར་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河南蒙古自治县宁木特乡第一寄校
ལ་ཏིང་གི་མིང་།
rm lho sog rdzong nyin mthav gmong rdl bcav slob slob chung dang po
བཙུགས་ལོ།
སྤྱི་ལོ1963ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆུང་།
གཙོ་གཉེར་སྡེ་ཁག
རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་སློབ་གསོ་ཅུའུ།
གནས་ཡུལ།
རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ།
1 ​ངོ་སྤྲོད།

རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་བཅའ་སྡོད་སློབ་ཆུང་དང་པོ་ནི་རྨ་ལྷོ་སོག་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ31ཆོད་པའི་ཉིན་མཐའ་གྲོང་རྡལ་དུ་ཆགས་ཤིང་། སྤྱི་ལོ1963ལོར་བཙུགས་ལ། སྐབས་དེར་སློབ་གྲྭ་ཡོངས་ལ་དགེ་རྒན3དང་ལས་བཟོ་བ2། སློབ་མ23ལྷག་ལས་མེད། ལོ་ངོ52རིང་གི་འཕེལ་རྒྱས་བརྒྱུད། 2016ལོར་སློབ་གྲྭ་འདིར་སློབ་རིམ6འཛིན་གྲྭ11དང་སློབ་མ386། དགེ་བཟོ་བ40བཅས་ཡོད། སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ24420ཡོད་པ་དང་། དེའི་ཁྲོད་སློབ་ཁང་དང་མལ་ཁང་སོགས་འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ7547ཡོད། ད་ཡོད་དཔེ་མཛོད་ཁང་ལ་དཔེ་དེབ12568ཡོད་དེ་སློབ་མ་རེ་ཆ་སྙོམས་ཀྱིས་དཔེ་དེབ32.55འདང་།

སློབ་གྲྭ་འདི་བོད་རྒྱ་དབྱིན་གསུམ་དང་གྲངས་རིག་བཅས་གཙོར་བྱས་རྩིས་འཁོར་དང་ཚན་རིག གླུ་དབྱངས། མཛེས་རྩལ་སོགས་ཀྱི་སློབ་ཁྲིད་བྱེད་བཞིན་ཡོད་པ་མ་ཟད།  དེང་རབས་ཅན་གྱི་སྨྱན་མང་གཟུགས་དང་ཚན་རིག་ཚོད་ལྟ་ཁང་། རྩིས་འཁོར་ཁང་། མཛེས་རྩལ་ཁང་སོགས་སྤྱད་དེ་སློབ་གསོ་མྱོང་བཞིན་ཡོད་ཅིང་། སློབ་ཁྲིད་བྱེད་སྟངས་ནི་སློབ་གྲྭས་བསླབ་དེབ་གསར་བའི་ཚད་གཞི་གཞིར་བཟུང་ནས་སློབ་ཁྲིད་བཀོད་སྒྲིག་དང་། སློབ་ཁྲིད་ཀྱི་བྱ་འགུལ་མང་དུ་སྤེལ་ལ། ཟླ་བ་རེ་རེ་སློབ་ཁྲིད་གྲྭ་སྒྲིག་དང་ལས་བྱ། བསྐྱར་སྦྱོང་། ཚོད་རྒྱུགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། སློབ་ཁྲིད་ཀྱི་རྨང་གཞིའི་དོ་དམ་ལམ་ལུགས་དང་སློབ་གྲྭའི་ཡིག་ཚགས་དོ་དམ་ལམ་ལུགས་སོགས་ཆ་ཚང་དུ་བཏང་ལ། སློབ་གསོའི་དོ་དམ་ཆུ་ཚད་ཇེ་མཐོར་བཏང་ནས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། ཟླ་རེར་ཟླ་རྒྱུགས་ལེན་པའི་ལམ་ལུགས་བཙུགས་ཏེ་སློབ་ཁྲིད་རྒྱུ་སྤུས་ཇེ་མཐོར་བཏང་ཞིང་། སློབ་ཁྲིད་ཀྱི་རྨང་གཞི་བརྟན་པོར་བསྐྲུན། དེ་ལས་གཞན། སློབ་གྲྭའི་རྨང་གཉིས་བྱ་བ་དང་བདེ་འཇགས་བྱ་བ་སོགས་ལ་གདེངས་འཇོག་ཚད་མཐོན་པོ་བྱས་ཏེ་སྲ་བརྟན་དུ་བཏང་བ་ཡིན། མིག་སྔར་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་སྔར་ལས་སྤོབས་པ་ཆེར་བསྐྱེད་དང་སྔར་ལས་དཔའ་ངར་ཞུམ་མེད་ཀྱིས་སློབ་གསོའི་ལས་དོན་ལ་མཐའ་གཅིག་ཏུ་གཞོལ་ཞིང་། སློབ་གསོ་འཛམ་གླིང་ལ་ཁ་ཕྱོགས་པ་དང་མ་འོངས་བར་ཁ་ཕྱོགས་ནས་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-03

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།