ཡོངས་འཛིན་རིག་མཛོད། >ལོ་རྒྱུས། >ཚོ་བའི་ལོ་རྒྱུས།

དམེ་གྱ་རུ་སྡེ།

དམེ་གྱ་ནི་སྒྱིས་ཚང་དང་དམེ་ཤུལ་ས་གཉིས་ཀྱི་བར་མཚམས་སུ་གནས་ཤིང་དེང་སང་སྒྱིས་ཚང་ཞང་གི་ཁོངས་སུ་གཏོགས། ཚོ་བ་འདི་ས་ཕྱོགས་གཞན་ནས་འོངས་པའི་མི་ཁྱིམ་ཁ་ཤས་ལས་གྲུབ་པའི་རོང་སྡེ་ཞིག་ཡིན། ཁོངས་གཏོགས། བསང་ཆུ་རྫོང་ཁོངས་ཀྱི་ཚོ་བ་ཤོག་པ། གནས་ཡུལ། སྒྱིས་ཚང་དང་དམེ་ཤུལ་ས་གཉིས་ཀྱི་བར་མཚམས་སུ་གནས། ངོ་སྤྲོད། དམེ་གྱ་ནི་སྒྱིས་ཚང་དང་དམེ་ཤུལ་ས་གཉིས་ཀྱི་བར་མཚམས་སུ་གནས་ཤིང་དེང་སང་སྒྱིས་ཚང་ཞང་གི་ཁོངས་སུ་གཏོགས།  ཚོ་བ་འདི་ས་ཕྱོགས་གཞན་ནས་འོངས་པའི་མི་ཁྱིམ་ཁ་ཤས་ལས་གྲུབ་པའི་རོང་སྡེ་ཞིག་ཡིན།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

རོང་ངར་ཚོ་བ།

རོང་ངར་ཚོ་བ་ནི་ཐང་དཀར་ཤོག་པའི་ནུབ་བྱང་དུ་གནས་ཤིང་ཤར་ལྷོར་གནམ་ལྷ་དང་། ནུབ་བྱང་དུ་ཙ་ཡུས་དང་ས་མཚམས་འདྲེས། ཁོངས་གཏོགས། བསང་ཆུ་རྫོང་ཁོངས་ཀྱི་ཚོ་བ་ཤོག་པ། གནས་ཡུལ། ཐང་དཀར་ཤོག་པའི་ནུབ་བྱང་དུ་གནས། ངོ་སྤྲོད། རོང་ངར་ཚོ་བ་ནི་ཐང་དཀར་ཤོག་པའི་ནུབ་བྱང་དུ་གནས་ཤིང་ཤར་ལྷོར་གནམ་ལྷ་དང་།  ནུབ་བྱང་དུ་ཙ་ཡུས་དང་ས་མཚམས་འདྲེས།  རོང་ངར་ཞེས་པ་དམག་རུ་ཤིན་ཏུ་བཙན་པའམ་ཤུགས་ཆེ་བའི་དོན་ཡིན་པར་བཤད།  དེའི་མི་རྒྱུད་ཀྱི་ཐོག་མ་པདྨ་ཆོས་འཕེལ་སྤུན་མཆེད་གསུམ་ཡིན། 

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

སྒྱིས་ཚང་ཚོ་གཉིས།

སྒྱིས་ཚང་ཚོ་གཉིས་ནི་དམེ་ཤུལ་ས་ཆུ་བོའི་སྨད་རྒྱུད་དེ་དེང་སང་གི་བསང་ཆུ་རྫོང་རྨེད་ཤིས་ཞང་ཁོངས་སུ་གནས། དེའི་ལོ་རྒྱུས་བཤད་པ་ལ《མདོ་སྨད་ཆོས་འབྱུང》དུ། ཚྭ་ཆུའི་རྫིང་བུ་དང་དེའི་གོང་ན་ནགས་ཚལ་ཡོད་པས་རྫིང་ཚལ། རྫིང་ཁར་གྲོང་བ་ཡོད་པས་རྫིང་ཚང་ཡང་ཟེར། ཞེས་གསུངས་པ་དང་། རིམ་གྱིས་སྒྲ་ཟུར་ཆག་སྟེ་སྒྱིས་ཚང་དུ་གྱུར། ཁོངས་གཏོགས། བསང་ཆུ་རྫོང་ཁོངས་ཀྱི་ཚོ་བ་ཤོག་པ། གནས་ཡུལ། དམེ་ཤུལ་ས་ཆུ་བོའི་སྨད་རྒྱུད་དེ་དེང་སང་གི་བསང་ཆུ་རྫོང་རྨེད་ཤིས་ཞང་ཁོངས་སུ་གནས། དབྱེ་བ། རིན་ཆེན་ཚོ་བ།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

གཙོས་ཤོག་པ་བཞི།

གཙོས་ཤོག་པ་ནི་བསང་ཆུ་རྫོང་གི་ཤར་རྒྱུད་གཙོས་གྲོང་ཁྱེར་དང་སྣ་བུག་ཞང་ཁག་གི་ཁོངས་སུ་གནས་ཤིང་། ཤར་མཛོད་དགེ་ཤོག་པ་ལྔ་དང་། ཤར་ལྷོ་ཅོ་ནེ་དང་རྡོ་དཀར། ལྷོ་ནུབ་འབོ་ར་དང་ཙ་ཡུས། བྱང་དུ་ཁ་གྱ་བཅས་དང་ས་མཚམས་འདྲེས། ཁོངས་གཏོགས། བསང་ཆུ་རྫོང་ཁོངས་ཀྱི་ཚོ་བ་ཤོག་པ། གནས་ཡུལ། བསང་ཆུ་རྫོང་གི་ཤར་རྒྱུད་གཙོས་གྲོང་ཁྱེར་དང་སྣ་བུག་ཞང་ཁག་གི་ཁོངས་སུ་གནས། ངོ་སྤྲོད། གཙོས་ཤོག་པ་ནི་བསང་ཆུ་རྫོང་གི་ཤར་རྒྱུད་གཙོས་གྲོང་ཁྱེར་དང་སྣ་བུག་ཞང་ཁག་གི་ཁོངས་སུ་གནས་ཤིང་།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

ཨ་རིག་སྟོད་མ་སྟེ་སྟོང་རུ་མ་དང་དབྱིག་རུ་མ།

ཨ་རིག་སྟོད་མ་ལས་སྟོང་རུ་མ་དང་དབྱིག་རུ་མ་ནི་དུས་རབས་བཅུ་བཞི་བའི་དུས་དཀྱིལ་གྱི་ལྡོང་འབྲུའི་ཟིང་ཆའི་སྐབས་སུ། ད་ལྟའི་ཡུལ་ཤུལ་ཁུལ་གྱི་ཁྲི་འདུ་རྫོང་དང་ཆུ་དམར་ལེབ་རྫོང་གི་ཉ་མཚོ་ས་ཁུལ་དུ་རུ་སྤར་ནས་ས་དེའི་ཉ་མཚོ་ཚོ་བ་དང་ཁྱིམ་མཚེས་སུ་གཞིས་ཆགས་ནས་བསྡད། ཚོ་བ་འདི་གཉིས་སྔོན་གྱི་འཚོ་སྡོད་བྱས་སའི་རྨ་ཆེན་གངས་རིའི་རྒྱབ་ལོགས་སུ་ད་ལྟའི་ཆར་ཡང་སྟོང་གཞུང་དང་དབྱིག་གཞུང་ཞེས་མིང་གི་འབོད་སྲོལ་མ་ཉམས་པར་གནས་ཡོད། རྒྱ་ཡིག་གི་མིང་། 冬日玛,玉日玛 གནས་ཡུལ། ཡུལ་ཤུལ་ཁུལ་གྱི་ཁྲི་འདུ་རྫོང་དང་ཆུ་དམར་ལེབ་རྫོང་།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

རྫོང་ཆེན་བཅོ་བརྒྱད།

གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས་རྫོང་ཁག་མི་འདྲ་བཅོ་བརྒྱད་ནས་གཏེར་ཆེན་མི་འདྲ་བ་བཅོ་བརྒྱད་ཕབ་པའི་ལོ་རྒྱུས་སོ། ། རྒྱ་ཡིག་གི་མིང་། 十八大宗 ངོ་སྤྲོད། 《སྟག་གཟིག་ནོར་རྫོང》《ལྕི་རོང་ལུག་རྫོང》《སོག་པོ་རྟ་རྫོང》《སྨུག་གུ་དྲེལ་རྫོང》《སུམ་པའི་མཛོ་རྫོང》《བྷེ་ར་ར་རྫོང》《ཨ་གྲགས་གཟི་རྫོང》《བྱེ་རི་བྱུར་རྫོང》《ཁ་ཆེ་གཡུ་རྫོང》《ཞང་ཞུང་མུ་ཏིག་རྫོང》《རྨི་ལིའི་གསེར་རྫོང》《གངས་རི་ཤེལ་རྫོང》《མི་ནུབ་དར་རྫོང》《གྲུ་གུ་གོ་རྫོང》《ཕྱི་གླིང་ལྕགས་རྫོང》《རྒྱ་ནག་ཇ་རྫོང》《ཇ་རོང་འབྲུ་རྫོང》《ལི་མ་སྨན་རྫོང》བཅས་སོ། ། 

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

ཟུང་ཆུའི་འགོ་ཁག་བདུན།

ཟུང་ཀྲའོ་ཞེས་པ་ནི་ཟུང་ཆུ་རྒྱུགས་ཁུལ་དུ་གོ་ཞིང་། བོད་ཀྱི་ལོ་རྒྱུས་ཡིག་ཆར་ཟུང་ཆུ་ཞེས་འཁོད། རྒྱ་ཡིག་གི་མིང་། 松州七大头人 ངོ་སྤྲོད། ཟུང་ཀྲའོ་ཞེས་པ་ནི་ཟུང་ཆུ་རྒྱུགས་ཁུལ་དུ་གོ་ཞིང་། བོད་ཀྱི་ལོ་རྒྱུས་ཡིག་ཆར་ཟུང་ཆུ་ཞེས་འཁོད། དེ་ཡང་ཟུང་ཆུ་འགོ་པ་ཆེ་ཁག་བདུན་ནི། གཅིག ཟུང་ཆུ་སྟོད་ཀྱི་ཁྲི་སྐྱོང་ཁག་གསུམ། 1.ཧ་འཕེན་འགོ་པ། 2.ཁྲི་མེ་འགོ་པ། 3.རྐྱང་ཚང་འགོ་པ། གཉིས། ཟུང་ཆུ་སྨད་ཀྱི་ཡིན་ཐོས་གསུམ། 4.ཨ་སྟོང་འགོ་པ། 5.རྟག་བརྟན་འགོ་པ། 6.ཁྲི་སྨད་འགོ་པ།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

མགོ་ལོག་ཁག་གསུམ།

ཡོངས་གྲགས་སུ་ཨ་འབུམ་རྒྱལ་ཟེར་བ་གླིང་རྗེ་དང་མ་མཐུན་པར། བྲན་མི་ཁྱིམ་ལྔ་བཅུ་སྐོར་དང་བཅས་གླིང་ནས་ཡུལ་བུད་ནས་མགོ་ལོག་ཁུལ་དུ་སྲིད་བཟུང་སྟེ་མཁར་གོང་ལ་རྒྱལ་ས་བྱས། དེའི་རིགས་ལས་མཆེད་པ་ཨ་སྐྱོང་དང་། དབང་ཆེན་འབུམ། པདྨ་འབུམ་དེ་གསུམ་ལ་མགོ་ལོག་ཁག་གསུམ་ཞེས་གྲགས། རྒྱ་ཡིག་གི་མིང་། 果洛三部落 ངོ་སྤྲོད་མདོར་བསྡུས། ཡོངས་གྲགས་སུ་ཨ་འབུམ་རྒྱལ་ཟེར་བ་གླིང་རྗེ་དང་མ་མཐུན་པར། བྲན་མི་ཁྱིམ་ལྔ་བཅུ་སྐོར་དང་བཅས་གླིང་ནས་ཡུལ་བུད་ནས་མགོ་ལོག་ཁུལ་དུ་སྲིད་བཟུང་སྟེ་མཁར་གོང་ལ་རྒྱལ་ས་བྱས།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

མི་ཉག་རྒྱལ་རབས།

རྒྱལ་རབས་འདི་ནི་ཆེས་ཐོག་མ་བཙན་པོའི་མངའ་ཞབས་སུ་གཏོགས་ཤིང་། སྤུར་རྒྱལ་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་རྗེས་མི་ཉག་རྗེས་རྒྱའི་ཐང་གོང་མར་མགོ་བཏགས་ཏེ་རུས་མིང་ལི་ཞེས་བསྩལ་བར་གསུངས། རྒྱ་ཡིག་གི་མིང་། 西夏王朝 ཕྱི་ཡིག་གི་མིང་། Kingdom Of Xia སྲིད་བསྐྱངས་དུས་ཡུན། སྤྱི་ལོ(1038-1227) མི་འབོར། ས་ཡ་གསུམ། རྒྱལ་རབས་འཛུགས་མཁན། ལི་ཡོན་ཧོ། ངོ་སྤྲོད། རྒྱལ་རབས་འདི་ནི་ཆེས་ཐོག་མ་བཙན་པོའི་མངའ་ཞབས་སུ་གཏོགས་ཤིང་། སྤུར་རྒྱལ་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་རྗེས་མི་ཉག་རྗེས་རྒྱའི་ཐང་གོང་མར་མགོ་བཏགས་ཏེ་རུས་མིང་ལི་ཞེས་བསྩལ་བར་གསུངས།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

ས་ངྷ་ནི་ཥ་བྷ་རའི་ཡུལ།

མ་ཐུ་རའི་ཡུལ་དེ་ནས་བྱང་ཤར་མཚམས་སུ་རྒྱང་གྲགས་ལྔ་བརྒྱ་ཙམ་སོང་བ་ན་ས་ངྷ་ནི་ཥ་བྷ་རའི་ཡུལ་མཐའ་སྐོར་ལེ་དབར་བདུན་སྟོང་ཙམ་ལ། དབུས་ཀྱི་མཁར་གྲོང་གི་ཁོར་ཡུག་ཏུ་ལེ་དབར་ཉི་ཤུ་ལྷག་པར་ས་གཤིན་ཞིང་གནམ་གཤིས་དྲོ་ཤས་ཆེ་བ། ཕྱུག་པོ་མང་ཞིང་མིའི་རང་བཞིན་ཡང་ལ་དྲེགས་འགན་ཆེ་བ། སྒྱུ་མ་མཁན་སོགས་ཡ་མཚན་པའི་རིགས་ལ་མཆོག་ཏུ་བརྩི། གཙུག་ལག་ཁང་གསུམ་ལ་དགེ་འདུན་བདུན་བརྒྱ་ལྷག་ཡོད་པ་དང་།ཐེག་ཆུང་ཁོ་ན་ལ་སྦྱང་བ་ཕྱི་རོལ་པའི་ལྷ་ཁང་བརྒྱ་ལྷག་པར་མུ་སྟེགས་པ་ཤིན་ཏུ་མང་པོ་གནས་སོ།། ཕྱོགས་སྣ་ཚོགས་ནས་ཡོང་བའི་ཀ་ཅ་འཚར་བར་འཚོང་བའི་ཕྱིར་འདུའོ།།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

གུ་ཚེའི་ཡུལ།

གུ་ཚེའི་ཡུལ་ཞེས་པ་འདི་ནི་ད་ལྟའི་ཞིན་ཅང་གི་ཁུའུ་ཁྲེ་ས་ཁུལ་ཞེས་པ་དེ་ཡིན། ཡུལ་དེའི་ཤར་ནུབ་ཏུ་ལེ་དབར་སྟོང་ལྷག་ལྷོ་བྱང་དུ་ལེ་དབར་དྲུག་བརྒྱ་ལྷག་ཙམ། དབུས་ཀྱི་མཁར་ཁོར་ཡུག་ཏུ་ལེ་དབར་བཅུ་ཕྲག་གཅིག་དང་བདུན་བརྒྱད་ལྷག་ཙམ་ཡོད། རྒྱ་ཡིག་གི་མིང་། 屈支国 ཁོངས་གཏོགས་རྒྱལ་ཁབ། ཀྲུང་གོ རིགས་དབྱེ། ས་མིང་། གནས་ཡུལ། ཞིན་ཅང་ཁུའུ་ཁྲེ་ས་ཁུལ། ངོ་སྤྲོད། གུ་ཚེའི་ཡུལ་ཞེས་པ་འདི་ནི་ད་ལྟའི་ཞིན་ཅང་གི་ཁུའུ་ཁྲེ་ས་ཁུལ་ཞེས་པ་དེ་ཡིན། ཡུལ་དེའི་ཤར་ནུབ་ཏུ་ལེ་དབར་སྟོང་ལྷག་ལྷོ་བྱང་དུ་ལེ་དབར་དྲུག་བརྒྱ་ལྷག་ཙམ། དབུས་ཀྱི་མཁར་ཁོར་ཡུག་ཏུ་ལེ་དབར་བཅུ་ཕྲག་གཅིག་དང་བདུན་བརྒྱད་ལྷག་ཙམ་ཡོད།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

ཤ་ར་ཝ་སྟེའི་ཡུལ།

བི་སུ་ཀཝའི་ཡུལ་ནས་བྱང་ཤར་མཚམས་སུ་རྒྱང་གྲགས་ལྔ་བརྒྱ་ལྷག་ཕྱིན་པ་ན་ཤ་ར་ཝ་སྟེའི་ཡུལ་ཏེ་མཉན་དུ་ཡོད་པ་ཞེས་པ་ཁོར་ཡུག་ཏུ་རྒྱང་གྲགས་དྲུག་སྟོང་ལྷག་ཡོད་པ་དང་། ལྟེ་བའི་མཁར་ཆེན་པོའི་ཁོར་ཡུག་ཏུ་རྒྱང་གྲགས་ཉི་ཤུ་ཡོད་པ་ཞིག་རལ་ཆེ་ཞིང་། ས་གཞི་གཤེར་ཆེ་བའི་འབྲུ་སོགས་འདེབས་པ། མིའི་རང་བཞིན་དུལ་བ་དང་སློབ་གཉེར་ལ་དགའ་བ། གཙུག་ལག་ཁང་བརྒྱ་ཕྲག་དུ་མ་ཡོད་ཀྱང་དགེ་འདུན་ཉུང་ཙམ་ལས་བཞུགས་མེད། ཕྱི་རོལ་པའི་ལྷ་ཁང་བརྒྱ་ཕྲག་ཅིག་ལ་མུ་སྟེགས་པ་མང་པོ་གནས་སོ།། རྒྱ་ཡིག་གི་མིང་།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

ཀུ་ཤའི་ཡུལ།

རམ་པའི་ཡུལ་དེའི་བྱང་ཤར་མཚམས་ནས་ནགས་ཚལ་ཆེན་པོ་དེ་བརྒྱུད་པ་ན་ཀུ་ཤའི་ཡུལ་རྩ་མཆོག་གྲོང་ཡིན་ནོ།། རྒྱ་ཡིག་གི་མིང་། 阿踰陁国 ཁོངས་གཏོགས་རྒྱལ་ཁབ། རྒྱ་གར། རིགས་དབྱེ། གནའ་བོའི་རྒྱལ་ཁབ། ངོ་སྤྲོད། རམ་པའི་ཡུལ་དེའི་བྱང་ཤར་མཚམས་ན་ནགས་ཚལ་ཆེན་པོ་ཤིན་ཏུ་སྟུག་པར་ལམ་བགྲོད་དཀའ་བ་གླང་རྒོད་འབྲོང་སྟག་གཟིག་བཅས་གཅན་གཟན་དང་ཇག་རྐུན་སོགས་མིའི་གནོད་པ་ཆེ་བས་རྒྱུ་འགྲུལ་ཆད་ལ་ཁད་པའི་ནགས་འདས་པ་ན་ཀུ་ཤའི་ཡུལ་རྩ་མཆོག་གྲོང་ཡིན་ནོ།། ཁང་རྙིང་གི་ཤུལ། འདི་ནི་གྲོང་ཁྱེར་རྙིང་པ་གོག་པོ་ཞིག་སྟེ་མཐའ་སྐོར་དུ་རྒྱང་གྲགས་བཅུ་ཙམ་གྱི་ནང་བྱང་ཤར་མཚམས་ན་རྒྱལ་པོ་ཨ་ཤོ་ཀས་བཞེངས་པའི་མཆོད་རྟེན་ཞིག་དང་། དགྲ་བཅོམ་པ་ཙུནྔྷའི་ཁང་རྙིང་གི་ཤུལ་ཡོད་དོ།། དེར་ཁྲོན་པ་ཞིག་ཡོད་པ་སྟོན་པ་ལ་ཞལ་ཟས་གསོལ་ཟིན་ནས་བྲུས་པ་ལ་བྱུང་ཟེར་ཏེ་ལོ་ཟླ་མང་པོ་འགོར་ཡང་ཆུ་ནི་དྲངས་ཤིང་བསིལ་ལ་མངར་རོ།། གྲོང་བརྡལ་ཆེན་པོ།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

ཙི་ན་བུ་ཏྲའི་ཡུལ།

ཀྱེ་ཀའི་ཡུལ་དེ་ནས་ཤར་ཕྱོགས་སུ་རྒྱང་གྲགས་ལྔ་བརྒྱ་ལྷག་ཕྱིན་པ་ན་ཙི་ན་བུ་ཏྲ་སྟེ་རྒྱ་ནག་གི་བུའི་ཡུལ་དེའི་མཐའ་སྐོར་ལེ་དབར་ཉིས་སྟོང་ལྷག་པའི་གཞུང་མཁར་ཁོར་ཡུག་ཏུ་ལེ་དབར་བཅུ་བཞི་ལྷག་ཡོད་པ། ས་གཞི་གཤིན་པས་འབྲུ་དང་ཤིང་ཏོག་གི་རིགས་མང་པ། གནམ་གཤིས་བསིལ་བ་དང་དྲོད་གྲང་སྙོམས་པ། མིའི་རང་བཞིན་འཇམ་པ་དང་། ཕྱི་ནང་གི་ཆོས་འདྲེས་མར་གནས་པ། གཙུག་ལག་ཁང་བཅུ་དང་ཕྱི་རོལ་པའི་ལྷ་ཁང་བརྒྱད་ཡོད། རྒྱ་ཡིག་གི་མིང་། 至那仆底国 ཁོངས་གཏོགས་རྒྱལ་ཁབ།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

ཀསྨི་ར་བའི་ཡུལ།

ཨུ་ར་ཙིའི་ཡུལ་དེ་ནས་ཤར་ལྷོའི་མཚམས་སུ་རི་བོ་བརྒལ་ཏེ་ལུང་གཞུང་ཞིག་ནས་ལྕགས་ཐག་ལ་འཇུས་པ་སོགས་ཀྱི་རྒྱང་གྲགས་སྟོང་ལྷག་ཕྱིན་པ་ན་ཀསྨི་ར་སྟེ་སྒྲ་ཐད་བསྒྱུར་བྱས་ན་རིག་ངན་ཏེ་ཁ་ཆེའི་ཡུལ་དེའི་མཐའ་སྐོར་དུ་ལེ་དབར་བདུན་སྟོང་ལྷག་ཡོད་པ་དང་། ཕྱོགས་བཞིར་ལམ་འཕྲང་ཧ་ཅང་དོགས་པས་བགྲོད་དཀའ་བ་སྔོན་ནས་ད་བར་ཕ་རོལ་གྱི་དགྲ་འཇུག་བྱས་མ་མྱོང་ཟེར་རོ།། དཀྱིལ་མཁར་གྱི་ནུབ་ཕྱོགས་སུ་ཆུ་ཀླུང་ཆེན་པོ་ཐུར་དུ་གཞོལ་བ། ལྷོ་བྱང་རྒྱང་གྲགས་སུམ་ཅུ་ལྷག་དང་ཤར་ནུབ་རྒྱང་གྲགས་བཞི་ལྔ་ཙམ་པ།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

ཀ་མ་རུ་པའི་ཡུལ།

བེ་ན་བྷ་ཐནཱའི་ཡུལ་དེ་ནས་ཤར་ཕྱོགས་སུ་རྒྱང་གྲགས་དགུ་བརྒྱ་བགྲོད་ནས་ཆུ་ཀླུང་ཆེན་པོ་ཞིག་བརྒལ་བ་ན། ཀ་མ་རུ་པའི་ཡུལ་དེའི་ཐ་གྲུ་རྒྱང་གྲགས་ཁྲི་ཚོ་གཅིག་ཡོད་དོ།། གཞུང་མཁར་ཁོར་ཡུག་ཏུ་རྒྱང་གྲགས་སུམ་ཅུ་ལྷག་ཡོད་པ། ས་གཞི་དྲོ་ལ་གཤེར་བའི་འབྲུ་གང་ཡང་འདེབས་ཤིང་། ལྷག་པར་ཤིང་ཏོག་སྲ་ན་ས་དང་ན་ར་ཀི་ར་མོད་པ་དང་ཤིང་ཏོག་དེ་དག་གི་རིན་ཆེའོ།། མིའི་རང་བཞིན་སྡུར་མ་ལུས་བོངས་ཆུང་བ་གདོང་ནག་པ། ཆུ་ཀླུང་རིགས་དང་མཚོ་རྫིང་འདྲེས་མར་གནས་པ། གྲོང་དང་ལྗོངས་ཀྱང་ཆལ་མར་གདལ་བ།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

ཛམྦྷུའི་ཡུལ།

ཨི་ར་ན་བྷ་ཏའི་ཡུལ་དེ་ནས་གངྒཱའི་ཀླུང་གི་འབབས་ཕྱོགས་སུ་བརྒྱུད་དེ་ཤར་དུ་རྒྱང་གྲགས་སུམ་བརྒྱ་ལྷག་ཕྱིན་པ་ན་ཛམྦྷུའི་ཞེས་བྱ་བའི་ཡུལ་ཐ་གྲུར་རྒྱང་གྲགས་བཞི་སྟོང་ཙམ་དང་དབུས་ཀྱི་མཁར་ཆེན་གྱི་ཁོར་ཡུག་ཏུ་རྒྱང་གྲགས་བཞི་བཅུ་ཙམ་ཡོད་པ་དང་། གནམ་གཤིས་དྲོ་ཞིང་བརླན་གཤེར་ཆེ་བས་འབྲུ་སྣ་ཚོགས་འདེབས་པ། མིའི་རང་བཞིན་གཡུང་ཞིང་བརྟན་པ། གཙུག་ལག་ཁང་བཅུ་ཕྲག་དུ་མ་ཡོད་ཀྱང་ཕལ་ཆེར་གོག་པོར་གྱུར་པ་མང་ངོ་།། དགེ་འདུན་ཉིས་བརྒྱ་ལྷག་ཡོད་པ་ཀུན་ཐེག་དམན་པའོ།།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

བྷུ་རི་ཤིའི་ཡུལ།

བེེ་ཤཱ་ལཱིའི་ཡུལ་དེ་ནས་བྱང་ཤར་མཚམས་སུ་རྒྱང་གྲགས་ལྔ་བརྒྱ་ལྷག་ཙམ་ཕྱིན་པ་ན་བྷུ་རི་ཤིའི་ཡུལ་ལོ།། དེའི་ཐ་གྲུར་རྒྱང་གྲགས་བཞི་སྟོང་ལྷག་དང་། ས་གཞི་བསིལ་དྲོད་སྙོམས་ལ་བསིལ་ཤས་ཆེ་བ། གཤིན་པ་མེ་ཏོག་དང་ཤིང་ཏོག་གི་རིགས་ཡོད་པ། འབྲུ་སྣ་ཚོགས་ཅི་ཡང་རྨོད་རུང་བ།དབུས་ཀྱི་མཁར་ཆེན་གྱི་མིང་ལ་ཊན་ཥུ་ན་ཐ་ཟེརབ་དང་མི་ཁྱིམ་སུམ་སྟོང་ལྷག་ཡོད་པ་གྲོང་མ་ལྗོངས་ཤིག་གོ། ཆུ་ཀླུང་ཆེན་པོའི་བྱང་ཤར་མཚམས་སུ་གཙུག་ལག་ཁང་ཞིག་ལ་དགེ་འདུན་ཉུང་ཙམ་བཞུགས་ཀྱང་སྤྱོད་ལམ་གཙང་ཞིང་འདུལ་ཁྲིམས་གཙང་མ་ཡིན།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

ཙུ་ཊ་ལི་ནའི་ཡུལ།

ས་ངྷ་ནི་ཥ་བྷ་རའི་ཡུལ་དེ་ནས་བྱང་ཤར་མཚམས་སུ་རྒྱང་གྲགས་བཞི་བརྒྱ་ལྷག་ཙམ་ཕྱིན་པ་ན་ཙུ་ཊ་ལི་ནའི་ཡུལ་ཡིན། དེའི་མཐའ་སྐོར་དུ་རྒྱང་གྲགས་དྲུག་སྟོང་ལྷག་ཡོད་པ་དང་། ཤར་དུ་ཆུ་བོ་གངྒཱ་ལ་ཐུག་པ། རྒྱབ་རི་རྒྱུད་ཆེན་པོ་ལ་བརྟེན་པ། ཆུ་བོ་ཡ་མ་ན་ཡུལ་གྱི་གཞུང་གཤགས་ཏེ་འབབ་པ་དང་། ལྟེ་བའི་མཁར་ཆེན་གྱི་ཁོར་ཡུག་ཏུ་ལེ་དབར་ཉི་ཤུ་ལྷག་ཡོད། ཆུ་བོ་ཡ་མུ་ན་ལ་ཉེ་ཡང་རྨང་ཤིན་ཏུ་བརྟན་པས་ཆུའི་འཇིགས་པ་མེད་དོ།། གནམ་གཤིས་ནི་ས་ཏ་ནི་བཾྷ་རའི་ཡུལ་དང་འདྲ་ཤས་ཆེ་བ།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

ཧེ་ཊཱུངྒི་རིའི་ཡུལ།

ཛམྦྷུའི་ཡུལ་དེ་ནས་ཤར་ཕྱོགས་སུ་རྒྱང་གྲགས་བཞི་བརྒྱ་ལྷག་ཙམ་ཕྱིན་པ་ན་ཧེ་ཊཱུངྒི་རིའི་ཡུལ་ལོ།། དེའི་ཐ་གྲུར་རྒྱང་གྲགས་ཉིས་སྟོང་ལྷག་ཡོད་པ། ས་གཞི་དྲོ་ཞིང་འཇམ་པ་རླན་གཤེར་ཆེ་ཞིང་འབྲུ་སྣ་ཚོགས་འདེབས་པ། མིའི་རང་གཤིས་འཇམ་པ་དང་ཡོན་ཏན་ལ་དགའ་བ། གཙུག་ལག་ཁང་དྲུག་བདུན་ཡོད་པར་དགེ་འདུན་སུམ་བརྒྱ་ལྷག་ཙམ་གནས་སོ།། ཕྱི་པའི་ལྷ་ཁང་བཅུ་ལ་མུ་སྟེགས་པ་རིགས་སྣ་ཚོགས་པ་འདྲེས་གནས་སོ།། རྒྱ་ཡིག་གི་མིང་། 羯朱嗢祗罗国 ཁོངས་གཏོགས་རྒྱལ་ཁབ། རྒྱ་གར། རིགས་དབྱེ། གནའ་བོའི་རྒྱལ་ཁབ།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

དབང་རྒྱ་བུ་རྒྱུད།

འདི་ནི་སྟག་ཚང་ཡུལ་ཚོ་ནས་ལྷོ་ཕྱོགས་སུ་སྤྱི་ལེ20མཚམས་ན་ཡོད། སྡེ་བ་འདིར་ཚོ་དགེ་ཚང་དང་། ཧན་རྒྱ་ཚང་། གྱན་རྒྱ་ཚང་བཅས་ཚོ་བ་ཆེན་པོ་གསུམ་གྱིས་གྲུབ་ཡོད། ད་ལྟ་བོད་པ་རྐྱང་རྐྱང་གི་ཁྱིམ་ཚང46དང་། མི་གྲངས200ལྷག་ཡོད། ཨ་ལགས་འབའ་ཡོག་ཚང་ངམ་ཨ་ཁུ་བསོད་ནམས་བཟང་པོ་དང་། ཨ་ལགས་རྒྱ་མཚོ་ཚང་། ཨ་ལགས་བུན་ཁྲང་ཚང་བཅས་འདི་ནས་འཁྲུངས་ལ། གཞན་ད་དུང་དྷི་ཚ་དགོན་ཆེན་ནས་དགེ་བཤེས་ཀྱི་མིང་བཏགས་ཐོབ་མཁན་ཨ་ཁུ་སྐལ་བཟང་ཡང་སྡེ་འདི་ནས་འཁྲུངས་པ་སོགས་མི་སྣའི་ལོ་རྒྱུས་ཀྱི་བྱུང་བ་གཅིག་པུ་པོ་ཏི་ལོང་བ་ཞིག་ཡོད་ངེས་པའི་བཤད་ཚུལ་ཡོད།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

དབང་པོ་བུ་རྒྱུད།

འདི་ནི་སྟག་ལུང་ཡུལ་ཚོ་ནས་བྱང་ཤར་ཕྱོགས་སུ་སྤྱི་ལེ9ལྷག་གི་མཚམས་སུ་ཆགས་ཡོད། མཚོ་འཕགས་སྨི2700ཡོད་པ་དང་། གོ་ལའི་གཞུང་ཐིག102.1123དང་། འཕྲེད་ཐིག35.58.52སྟེང་དུ་གནས། སྡེ་བ་འདི་ནི་དཔའ་ལུང་བུ་རྒྱུད་བཅོ་བརྒྱད་ཀྱི་གྲས་ཡིན་པས་སྔོན་ཆད་བོད་སྡེ་ཡིན། རྒྱ་ཡིག་གི་མིང་། 黄卜吾具 སྲིད་འཛིན་ཁོངས་གཏོགས། དཔའ་ལུང་རྫོང་། གནས་ཡུལ། སྟག་ལུང་ཡུལ་ཚོ་ནས་བྱང་ཤར་ཕྱོགས་སུ་སྤྱི་ལེ9ལྷག་གི་མཚམས་སུ་ཆགས་ཡོད། ངོ་སྤྲོད། འདི་ནི་སྟག་ལུང་ཡུལ་ཚོ་ནས་བྱང་ཤར་ཕྱོགས་སུ་སྤྱི་ལེ9ལྷག་གི་མཚམས་སུ་ཆགས་ཡོད།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

བུ་རྒྱུད་བཅོ་བརྒྱད།

བུ་རྒྱུད་བཅོ་བརྒྱད་ཅེས་པར་བ་ཡན་བུ་རྒྱུད་བཅོ་བརྒྱད་དང་། དཔའ་ལུང་བུ་རྒྱུད་བཅོ་བརྒྱད་ཅེས་བགྲང་ཚུལ་གཉིས་ཡོད་ཀྱང་དེ་ནི་ཀུན་ལ་གྲགས་པའི་དཔའ་བོའི་ལུང་བའམ་དཔའ་བོའི་རྒྱུད་པ་སྟེ། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དམག་མདོ་སྨད་དུ་སོ་མཚམས་སྲུང་བར་མངགས་པའི་དམག་གི་རྒྱུད་པ་དེང་གི་ཡུལ་འདིར་སླེབས་ཤིང་གཞིས་ཆགས། ཡུལ་དེའི་མི་རྣམས་ཀྱིས་ཀྱང་དགའ་བས་བསྟོད་པའམ་བཀུར་བའམ། ཡང་ན་རང་གིས་རང་གི་ངོ་སོ་དང་ཆེ་བ་ངོམས་པ་སོགས་གང་ཞིག་ལ་བརྟེན་ནས་ཡུལ་དེ་དག་ལ་དཔའ་བོའི་རྒྱུད་པ་དང་དཔའ་བོའི་ལུང་བ་ཞེས་བརྗོད་པ་དང་། ཕྱིས་སུ་དེ་དག་གི་རྒྱུད་པ་ཡིན་པས་ན་དཔའ་བོའི་བུ་རྒྱུད་ཟེར་ཞིང་གྲགས།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

མགོན་པོ་བུ་རྒྱུད།

སྡེ་བ་འདི་ནི་གུར་དཀར་རི་བོའི་འདབས་རོལ་དུ་ཆགས་ཤིང་ཙོང་ལ་རིང་མོའི་རི་རྒྱུད་དུ་གཏོགས། འཁྱག་ཆུ་ཡུལ་ཚོ་ནས་སྤྱི་ལེ3ཙམ་དང་། མཚོ་འཕགས་སྨི2928ཡོད། གོ་ལའི་ཤར་གྱི་གཞུང་ཐིག102.26.43བྱང་གི་འཕྲེད་ཐིག36.650 སྟེང་དུ་གནས་ལ། དཔའ་ལུང་བུ་རྒྱུད་བཅོ་བརྒྱད་ཀྱི་གྲས་ཡིན། རྒྱ་ཡིག་གི་མིང་། 公保吾具 སྲིད་འཛིན་ཁོངས་གཏོགས། དཔའ་ལུང་རྫོང་། གནས་ཡུལ། གུར་དཀར་རི་བོའི་འདབས་རོལ་དུ་ཆགས་ཡོད། ངོ་སྤྲོད། སྡེ་བ་འདི་ནི་གུར་དཀར་རི་བོའི་འདབས་རོལ་དུ་ཆགས་ཤིང་ཙོང་ལ་རིང་མོའི་རི་རྒྱུད་དུ་གཏོགས།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

ཚེ་གོ་བུ་རྒྱུད།

སྡེ་བ་འདི་ནི་གུར་དཀར་རི་བོའི་འདབས་རོལ་དང་། ཙོང་ལ་རིང་མོའི་རི་རྒྱུད། དམེ་རྒྱ་སྡེ་བའི་འདབས་ཏེ། ཀ་མདོ་གྲོང་བརྡལ་ནས་སྤྱི་ལེ4ཙམ་དང་། མཚོ་འཕགས་སྨི1950ཡོད། སའི་གོ་ལའི་ཤར་གྱི་གཞུང་ཐིག102.15.53བྱང་གི་འཕྲེད་ཐིག35.53.20སྟེང་དུ་གནས་ཡོད། འདི་ཡང་དཔའ་ལུང་བུ་རྒྱུད་བཅོ་བརྒྱད་ཀྱི་གྲས་ཡིན་ལ། མིང་གི་འབོད་སྟངས་ཐད་ནས་བཤད་རྒྱུན་ཞིག་ཡོད། རྒྱ་ཡིག་གི་མིང་། 才果吾具 སྲིད་འཛིན་ཁོངས་གཏོགས། དཔའ་ལུང་རྫོང་། གནས་ཡུལ། གུར་དཀར་རི་བོའི་འདབས་རོལ་དུ་ཆགས་ཡོད།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

ལྡེ་ཚ་ནང་སོ།

དེ་ནི་དཔའ་ལུང་རྫོང་ནས་སྤྱི་ལེ70ལྷག་གིས་ཆོད་པའི་བྱང་ཕྱོགས་ཀྱི་མཚམས་སུ་ཡོད། དེར་ལྡེ་ཚ་ནང་སོ་དང་། རོང་བོ་ནང་སོ་ཞེས་འབྲི་ཚུལ་འགའ་ཞིག་འདུག རྒྱ་ཡིག་གི་མིང་། 支扎昂索 སྲིད་འཛིན་ཁོངས་གཏོགས། དཔའ་ལུང་རྫོང་། གནས་ཡུལ། དཔའ་ལུང་རྫོང་ནས་སྤྱི་ལེ70ལྷག་གིས་ཆོད་པའི་བྱང་ཕྱོགས་ཀྱི་མཚམས་སུ་ཡོད། ངོ་སྤྲོད། དེ་ནི་དཔའ་ལུང་རྫོང་ནས་སྤྱི་ལེ70ལྷག་གིས་ཆོད་པའི་བྱང་ཕྱོགས་ཀྱི་མཚམས་སུ་ཡོད། དེར་ལྡེ་ཚ་ནང་སོ་དང་། རོང་བོ་ནང་སོ་ཞེས་འབྲི་ཚུལ་འགའ་ཞིག་འདུག 

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

ཨ་རྒྱ་ནང་སོ།

དཔའ་ལུང་རྫོང་ནས་ལྷོ་ནུབ་ཀྱི་ཕྱོགས་སུ་སྤྱི་ལེ30ཙམ་གྱི་མཚམས་སུ་ཡོད། ཨ་རྒྱ་ནང་སོ་དང་ཨ་ཀྱཱ་ནང་སོ་སོགས་འབྲི་ཚུལ་ཁ་ཤས་འདུག རྒྱ་ཡིག་གི་མིང་། 阿嘉昂索 སྲིད་འཛིན་ཁོངས་གཏོགས། དཔའ་ལུང་རྫོང་། གནས་ཡུལ། དཔའ་ལུང་རྫོང་ནས་ལྷོ་ནུབ་ཀྱི་ཕྱོགས་སུ་སྤྱི་ལེ30ཙམ་གྱི་མཚམས་སུ་ཡོད། ངོ་སྤྲོད། དེ་ནི་དཔའ་ལུང་རྫོང་ནས་ལྷོ་ནུབ་ཀྱི་ཕྱོགས་སུ་སྤྱི་ལེ30ཙམ་གྱི་མཚམས་སུ་ཡོད་ལ། ཨ་རྒྱ་ནང་སོ་དང་ཨ་ཀྱཱ་ནང་སོ་སོགས་འབྲི་ཚུལ་ཁ་ཤས་འདུག  སྤྱིར་ནང་སོ་ཞེས་པ་ལ་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རང་རང་གི་ལྟ་བ་སྣ་ཚོགས་བརྗོད་ཡོད་པ་སྟེ། ས་མཚམས་སུ་སོ་ལྟ་མེལ་ཚེ་མཁན་ཞེས་དང་།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

འགག་ཚའི་སྟོང་དཔོན།

ལོ་རྒྱུས་ཐོག་འགག་ཚའི་སྟོང་དཔོན་དང་། འགག་ཚའི་ཚོ་བ། འགག་ཚའི་རུས་རྒྱུད་སོགས་མིང་དུ་མ་ཞིག་བྱུང་བ་དང་། འགག་ཚའི་དམག་དཔོན་ནི་སྤྱི་ལོ741ལོར་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཤར་གྱི་མཐའ་མཚམས་སྲུང་བར་ལས་བགོ་མཛད་པས། དམག་མི་མང་པོ་ཁྲིད་དེ་བྷ་ཏ་ཧོར་གྱི་ཡུལ་བཅོམ་ནས་རྒྱལ་ཁའི་རྟགས་མཚན་གསོལ་ལ་ཉེ་བའི་དུས་དེར། རྒྱལ་པོས་ཡང་བསྐྱར་དམག་དཔོན་དགུ་དང་དམག་མི་མང་པོ་འདེམས་ཏེ་ཤར་བྱང་གི་མཐའ་མཚམས་སྲུང་བའི་བཀའ་བསྒོས་པ་དང་། དཔའ་ལུང་དང་གྲོ་ཚང་མཚམས་ཀྱི་མཐའ་མཚམས་སྲུང་མཁན་ནི་འགག་ཚའི་དམག་དཔོན་ཡིན་ལ།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

འཇང་།

སྤྱིར་བོད་ཀྱི་ཡིག་ཚང་རྣམས་སུ་འཇང་ངམ་ལྗང་ཅེས་པའི་མིང་འདི་བྱུང་བ་སྔ་ལ། གཙོ་བོ་ལོ་རྒྱུས་དེབ་ཐེར་དང་ཏུང་ཧོང་གཏེར་ཡིག་དག་ཏུ་འབྱུང་བའི་འཇང་ཡུལ་བྱ་བ་དང་གླིང་སྒྲུང་གེ་སར་དང་དེང་སང་བོད་མིས་འཇང་རིགས་སུ་འབོད་པའི་འཇང་སྟེ་གོ་དོན་རིགས་གཉིས་སུ་ཡོད། རྒྱ་ཡིག་གི་མིང་། 南诏 འབྲི་ཚུལ་གཞན། ལྗང་། ཡུལ་ཁོངས། དེང་དུས་ཡུན་ནན་ཞིང་ཆེན་གྱི་ཁོངས། མིང་ཐོགས་ཚུལ། དེ་ཡང་སྤྱིར་བོད་ཀྱི་ཡིག་ཚང་རྣམས་སུ་འཇང་ངམ་ལྗང་ཅེས་པའི་མིང་འདི་བྱུང་བ་སྔ་ལ། གཙོ་བོ་ལོ་རྒྱུས་དེབ་ཐེར་དང་ཏུང་ཧོང་གཏེར་ཡིག་དག་ཏུ་འབྱུང་བའི་འཇང་ཡུལ་བྱ་བ་དང་གླིང་སྒྲུང་གེ་སར་དང་དེང་སང་བོད་མིས་འཇང་རིགས་སུ་འབོད་པའི་འཇང་སྟེ་གོ་དོན་རིགས་གཉིས་སུ་ཡོད་པ་ལས། ང་ཚོས་འདིར་གླེང་བའི་འཇང་ནི་བོད་ཀྱི་ལོ་རྒྱུས་རྣམས་སུ་འཁོད་པའི་བཙན་པོ་ཁྲི་འདུས་སྲོང་

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

ཚོ་སྨད་པ།

གླང་ཚོ་དང༌་ཨུ་ཚོ་གཉིས་ཀྱི་སྤྱི་མིང་ལ་ཀྱི་ཚོ་སྨད་པ་ཟེར། རྒྱས་འགྲེལ། བསྟན་པ་ཕྱི་དར་འགོ་ཚུགས་སྐབས་དབུས་གཙང་གི་མཁས་པ་མི་དྲུག་བྱུང་བའི་ནང་གསེས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་སློབ་མ་ཀྱི་ཡེ་ཤེས་དབང་པོས་ཤངས་མཁར་ལུང་དང༌། གྱེ་རེ་གླང་ར། ཉུག་གི་ཨུ་ལུང་བཅས་བཏབ་ནས་ཚོགས་པ་བསྐྱངས་པ་ལས་རིམ་བཞིན་གླང་ཚོ་དང༌། ཨུ་ཚོ་ཟེར་ཞིང༌། དེ་གཉིས་ཀྱི་སྤྱི་མིང་ལ་ཀྱི་ཚོ་སྨད་པ་ཟེར།

རིགས་དབྱེ།   ལོ་རྒྱུས།ཚོ་བའི་ལོ་རྒྱུས།

ཚོ་བའི་ལོ་རྒྱུས།  བརྡ་འགྲེལ 100 ཡོད།