ཁོ་ཚེ་ཚོ་བ་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོ་ཚེ་ཚོ་བ་གསུམ་ནི་བསང་ཆུ་རྫོང་གི་ལྷོ་ནུབ་ཏུ་གནས། ཤར་ལྷོར་ཨ་མཆོག་ཚོ་བརྒྱད་དང་ཀླུ་ཆུའི་མ་ངེ། ལྷོ་ནུབ་མཚོ་སྔོན་ཞིང་ཆེན་གྱི་རྩེ་ཁོག་དང་རྨ་ལྷོའི་སོག་རིགས་རང་སྐྱོང་རྫོང་། བྱང་དུ་བསང་ཁོག་བཅས་དང་ཡུལ་མཚམས་འདྲེས་སོ། །
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བསང་ཆུ་རྫོང་ཁོངས་ཀྱི་ཚོ་བ་ཤོག་པ།
གནས་ཡུལ།
བསང་ཆུ་རྫོང་གི་ལྷོ་ནུབ་ཏུ་གནས།
དབྱེ་བ།
ཁོ་ཚེ་ཚོ་བ། ཁོ་ཚེའི་རྒན་གྱ་ཚོ་བ། ཁོ་ཚེའི་མཁན་པོ་ཚོ་བ།
1 ངོ་སྤྲོད།

ཁོ་ཚེ་ཚོ་བ་གསུམ་ནི་བསང་ཆུ་རྫོང་གི་ལྷོ་ནུབ་ཏུ་གནས།  ཤར་ལྷོར་ཨ་མཆོག་ཚོ་བརྒྱད་དང་ཀླུ་ཆུའི་མ་ངེ།  ལྷོ་ནུབ་མཚོ་སྔོན་ཞིང་ཆེན་གྱི་རྩེ་ཁོག་དང་རྨ་ལྷོའི་སོག་རིགས་རང་སྐྱོང་རྫོང་།  བྱང་དུ་བསང་ཁོག་བཅས་དང་ཡུལ་མཚམས་འདྲེས་སོ། །ཀུན་མཁྱེན་གཉིས་པ་འཇིགས་མེད་དབང་པོའི་སྐུ་རིང་ནས་བཟུང་ཁོ་ཚེ་ཚོ་བའི་ཚོ་དཔོན་བླ་བྲང་དགོན་པས་བསྐོ་བ་དང་།  ཚོ་བ་རེར་ཀུན་མཁྱེན་གྱི་ཕྱག་ཐམ་དཔར་ཡོད་པའི་ཚོ་དར་རེ་བསྩལ།  དེས་ཁོ་ཚེ་ཚོ་གསུམ་ནི་ཀུན་མཁྱེན་གྱི་ལྷ་སྡེ་ཡིན་པར་མཚོན།  སྤྱིར་བཏང་དུ་ཁོ་ཚེ་ནི་བླ་བྲང་དགོན་པའི་ཚོ་ཆེན་བརྒྱད་དང་།  ཤོག་པ་བཅུ་གཉིས་ཀྱི་ནང་ཚན་ཡིན་ནོ། །

2 དབྱེ་བ། 
2_1 ཁོ་ཚེ་ཚོ་བ།

ཁོ་ཚེ་ཞེས་པ་ནི་གཞི་བདག་ཅིག་གི་མིང་ཡིན།  རྗེ་གུང་ཐང་རིན་པོ་ཆེ་སྐུ་ཕྲེང་དང་པོ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་སྐུ་གཉེན་ཞབས་ཕྱི་ཁ་ཤས་རྨ་ཆུའི་ཆུ་ཁ་མའི་རྩེ་དབུས་ནས་སོག་པོའི་མདའ་ཚན་དུ་རུ་སྤོས།  མི་རིང་བར་སོག་པོ་ནས་འདིར་སྤོས།  ཡུལ་གྱི་གཞི་བདག་ཨ་མྱེས་ཁོ་ཚེ་རི་པོར་མཆོད་པ་བཀུར་བསྟི་བྱས་ཤིང་རི་མིང་ཚོ་མིང་དུ་ཐོགས།  རྗེས་སུ་རྩེ་ཁོག་དང་རྨ་ཆུའི་དངུལ་རའི་རུ་ཁ་ཤས་འདིར་སྤོས་པས་རིམ་བཞིན་རུ་སྐོར་བཅུ་གཉིས་སུ་གྱུར།   རུ་སྐོར་བཅུ་གཉིས་ནི།  བཙན་སྐུ་རོ།  སྒར་སྐོར།  ཞབས་ཕྱི་རོ།  ཞབས་ཕྱི་ཕུག  གཙོ་བ་རོ།  མ་ཡུམ་རོ།  མགོ་ཐོད།  བུ་དགུ།  རྒྱ་མདོ།  རབ་ལོ།  རྩེ་དབུས།  རུ་གསར་བཅས་རྣམས་སོ། །

2_2 ཁོ་ཚེའི་རྒན་གྱ་ཚོ་བ།

སོག་པོའི་རྒྱལ་པོ་མཆོད་གནས་བླ་མ་བླ་ཁ་ཚང་རྒན་གྱར་འཁྲུངས།  སོག་པོར་གདན་འདྲེན་དུས་སྐུ་གཉེན་ཞབས་ཕྱིའང་དེར་ཕྱིན།  རྗེས་སུ་སྐུ་གཉེན་ཞབས་ཕྱིའི་འབྲོག་རུ་རྣམས་ཀུན་མཁྱེན་གཉིས་པ་འཇིགས་མེད་དབང་པོར་ཕུལ་བ་ཁོ་ཚེ་རུ་སྡོད་དུ་བཅུགས་པས་ཚོ་བ་འདི་བྱུང་།  དེར་རུ་སྐོར་ལྔ་མཆིས་ཤིང་ལྔ་ནི།  རུ་མང་།  ཤིང་ར།  དབལ་མང་།  སྐུ་འགྲིག  ཨོང་ཉལ་རྣམས་སོ། །

2_3 ཁོ་ཚེའི་མཁན་པོ་ཚོ་བ།

དེར་མཁན་པོ་རོ་ཟེར་ཞིང་བླ་བྲང་དགོན་པའི་མཁན་པོ་བརྒྱད་ཀྱི་ནང་ཚན་ཕྱག་མཛོད་མཁན་པོས་ནང་སོའི་གཉེན་མི་ཁྱིམ་ཚང་བཅུ་གྲངས་ཙམ་ཁོ་ཚེར་སྡོད་དུ་བཅུགས་པ་ལས་བྱུང་།  དེར་རུ་སྐོར་གསུམ་མཆིས་ཤིང་གསུམ་ནི།  སྟོབས་ལྡན།  དཀོན་པ།  བསམ་འཕེལ་བཅས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-01

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།