བླ་བྲང་ལྷ་སྡེ་ཤོག་པ་བཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷ་སྡེ་ཤོག་པ་བཞི་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཉེ་འཁོར་བསང་ཆུའི་ངོགས་གཉིས་སུ་གནས་ཤིང་ཤར་དུ་གནམ་ལྷ་གོང་མ། ལྷོར་ཙ་ཡུས། ནུབ་བསང་ཁོག བྱང་རྒན་གྱ་ཚོ་དྲུག་བཅས་དང་ས་མཚམས་འདྲེས། དེའི་ནང་ཚན་ཟ་ཡུས་ནང་དང་གླས་དྲུག་གཉིས་ནི་བླ་བྲང་དགོན་པ་བཏབ་མ་ཐག་ཇུ་ནང་རྒྱལ་པོའི་མངའ་འོག་ཏུ་གཏོགས་པའི་འབྲོག་ཁྱིམ་དྲུག་གི་ཤུལ་ཡིན་པ་དང་། ཕུག་སྡེ་དང་བསང་ཁོག་གི་ཚར་ཚ་སོགས་ཀྱང་ཡུལ་འདིར་གནས་པར་བཤད། དེར་མ་གཏོགས་པའི་ཤོག་པ་གཞན་རྣམས་ནི་བླ་བྲང་དགོན་པ་བཏབ་རྗེས་སུ་ཆགས་པའི་དམག་ཤོག་རྩ་འཛུགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

མིང་གཞན།
ལྷ་སྡེ་བཅུ་གསུམ།
ཁོངས་གཏོགས།
བསང་ཆུ་རྫོང་ཁོངས་ཀྱི་ཚོ་བ་ཤོག་པ།
གནས་ཡུལ།
བླ་བྲང་བཀྲ་ཤིས་འཁྱིལ་ཉེ་འཁོར་བསང་ཆུའི་ངོགས་གཉིས་སུ་གནས།
དབྱེ་བ།
ལྷ་སྡེ་གོང་མ། ས་དཀར་ཤོག་པ། མཐའ་བ་ཤོག་པ། ལྷ་སྡེ་ཞོལ་མ།
1 ངོ་སྤྲོད།

ལྷ་སྡེ་ཤོག་པ་བཞི་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཉེ་འཁོར་བསང་ཆུའི་ངོགས་གཉིས་སུ་གནས་ཤིང་ཤར་དུ་གནམ་ལྷ་གོང་མ།  ལྷོར་ཙ་ཡུས།  ནུབ་བསང་ཁོག  བྱང་རྒན་གྱ་ཚོ་དྲུག་བཅས་དང་ས་མཚམས་འདྲེས།  དེའི་ནང་ཚན་ཟ་ཡུས་ནང་དང་གླས་དྲུག་གཉིས་ནི་བླ་བྲང་དགོན་པ་བཏབ་མ་ཐག་ཇུ་ནང་རྒྱལ་པོའི་མངའ་འོག་ཏུ་གཏོགས་པའི་འབྲོག་ཁྱིམ་དྲུག་གི་ཤུལ་ཡིན་པ་དང་།  ཕུག་སྡེ་དང་བསང་ཁོག་གི་ཚར་ཚ་སོགས་ཀྱང་ཡུལ་འདིར་གནས་པར་བཤད།  དེར་མ་གཏོགས་པའི་ཤོག་པ་གཞན་རྣམས་ནི་བླ་བྲང་དགོན་པ་བཏབ་རྗེས་སུ་ཆགས་པའི་དམག་ཤོག་རྩ་འཛུགས་ཤིག་ཡིན།

2 དབྱེ་བ།
2_1 ལྷ་སྡེ་གོང་མ།

དེར་ཐང་ནག་གོང་འོག   སྔོན་ཆགས།  གླས་དྲུག  ཟ་ཡུས་ནང་།  ལམ་ཤར་བཅས་སྡེ་ཚོ་དྲུག

2_2 ས་དཀར་ཤོག་པ།

དེར་ས་དཀར་དང་།  རྒྱ་བོར།  ཕུག་སྡེ་སོགས་ཡོད།  ས་དཀར་སྡེ་བ་ནི་རབ་བྱུང་བཅུ་གསུམ་པའི་ས་རྟ་སྟེ་སྤྱི་ལོ1798ལོར་རེབ་གོང་གཉན་ཐོག་ནས་རྗེ་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པའི་ཞབས་ཕྱིར་འབྲངས་ཏེ་འདིར་སླེབས་པ་དང་།  རི་ཁྲོད་གོང་མའི་ལུང་མདའི་ས་དཀར་སྟེང་དུ་གནས་གཞིས་ཆགས་པས་མིང་ལ་ས་དཀར་དུ་བཏགས་ཤིང་རྗེས་སུ་ལུང་མདོར་སྤོས།

2_3 མཐའ་བ་ཤོག་པ།

དེ་ནི་མཐའ་བ་གོང་ཞོལ།  སྨད་དཀར།  ས་སོ་མ་སོགས་ལས་གྲུབ།  ངག་རྒྱུན་དུ།  མཐའ་བ་གོང་ཞོལ་དང་།  སྨད་དཀར་ནི་ཀུན་མཁྱེན་གཉིས་པ་འཇིགས་མེད་དབང་པོའི་སྐུ་རིང་ལ་ཆགས།  སྐབས་དེར་བླ་བྲང་དགོན་པའི་གཞི་ཁྱོན་རྒྱ་བསྐྱེད་པ་དང་རབ་བྱུང་གི་དགེ་འདུན་པའི་སྡེའང་རྒྱ་ཆེར་མང་དུ་འཕེལ།  དགེ་འདུན་པའི་བསོད་སྙོམས་མཐུན་རྐྱེན་སྦྱོར་བའི་ཕྱིར་རོང་ཁུལ་ནས་རོང་པ་འགའ་ཁྲིད་དེ་དགོན་སྡེའི་མཐའ་དང་ཐག་ཉེ་སར་ས་རྒོད་བསློགས་ཏེ་སོ་ནམ་བྱས།  རོང་པ་ཁྱིམ་ཚང་དེ་དག་མཐའ་བ་ཞོལ་མ་དང་།  སྨད་དཀར་དུ་གཞི་ཆགས།  དེར་གཞི་འཛིན་གྱི་ཁྱིམ་དྲུག་ཟེར།  དུས་མི་རིང་བ་ན་ཡང་ཞིང་པ་ཁྱིམ་ཚང་དྲུག་མཐའ་བ་གོང་མར་བསྡད་པས་རིམ་གྱིས་མཐའ་བ་ཤོག་པའི་སྡེ་ཚོ་གསུམ་ཆགས་སོ། །

2_4 ལྷ་སྡེ་ཞོལ་མ།

དེ་ནི་མགར་སྡེ་དང་།  ལུང་དཀར་ཐང་།  ཡིག་ཆུང་ཐང་།  ཀླུ་རྒྱག  རིག་གྲྭ་བཅས་པའི་སྡེ་ཚོ་དུ་མ་ལས་གྲུབ།  ངག་རྒྱུན་དུ།  མགར་སྡེ་ནི་བླ་བྲང་དགོན་པའི་གསེར་ཁང་ཆེན་པོ་བཞེངས་དུས་བྱམས་སྐུ་བཞེངས་པའི་ལྷ་བཟོ་རྣམས་ཡུལ་དེར་བསྡད་ཅིང་གཞིས་ཆགས་པ་ལས་བྱུང་ཟེར།  ལྷ་སྡེ་ཚོ་བ་གཞན་ནི་ཧ་ལམ་ཆིང་གོང་མ་ཐུང་ཀྲི་རྒྱལ་པོའི་སྐུ་རིང་ལ་ཆགས།  གོང་སྨྲས་ཤོག་པ་བཞི་ལ་ལྷ་སྡེ་བཅུ་གསུམ་ཀྱང་ཟེར་རོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-01

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།