རོང་ངར་ཚོ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རོང་ངར་ཚོ་བ་ནི་ཐང་དཀར་ཤོག་པའི་ནུབ་བྱང་དུ་གནས་ཤིང་ཤར་ལྷོར་གནམ་ལྷ་དང་། ནུབ་བྱང་དུ་ཙ་ཡུས་དང་ས་མཚམས་འདྲེས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བསང་ཆུ་རྫོང་ཁོངས་ཀྱི་ཚོ་བ་ཤོག་པ།
གནས་ཡུལ།
ཐང་དཀར་ཤོག་པའི་ནུབ་བྱང་དུ་གནས།
1 ངོ་སྤྲོད།

རོང་ངར་ཚོ་བ་ནི་ཐང་དཀར་ཤོག་པའི་ནུབ་བྱང་དུ་གནས་ཤིང་ཤར་ལྷོར་གནམ་ལྷ་དང་།  ནུབ་བྱང་དུ་ཙ་ཡུས་དང་ས་མཚམས་འདྲེས།  རོང་ངར་ཞེས་པ་དམག་རུ་ཤིན་ཏུ་བཙན་པའམ་ཤུགས་ཆེ་བའི་དོན་ཡིན་པར་བཤད།  དེའི་མི་རྒྱུད་ཀྱི་ཐོག་མ་པདྨ་ཆོས་འཕེལ་སྤུན་མཆེད་གསུམ་ཡིན།  ཧ་ལམ་མིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་མགོ་ལོག་སྟག་མོ་རྫོང་ནས་ཡུལ་འདིར་སླེབས།  རེ་ཞིག་སྟག་མགོ་ཐང་ནས་བསྡད་ཅིང་རིམ་བཞིན་ཡུལ་གསུམ་དུ་གྱེས་ཏེ་མ་ཎི་འོག་ཁོངས་དྲུག་ཏུ་འབོད་པའི་རོང་ངར་ཤོག་པ་ཆགས།  སྤུན་གསུམ་ལས་ཆེ་བ་པདྨ་ཆོས་འཕེལ་ནི་རོང་ངར་ཤོག་པ་སྤྱིའི་དཔོན་པོར་བསྐོས།  འབྲིང་བ་རྟ་ལམ་སྡེ་བའི་དཔོན་པོར་གྱུར།  ཆུང་བ་བདེ་གཞུང་གི་དཔོན་པོར་གྱུར་ཏོ། །མ་ཎི་འོག་ཁོངས་དྲུག་གམ་འོག་ཁོངས་རུས་ཚོ་དྲུག་གི་དང་པོ་འབུམ་ཆུང་ནི་མགོ་ལོག་ཨོ་བོ་འབུམ་ཆུང་ནས་མཆེད་འབུམ་ཆུང་ལ་ནང་གསེས་སུ་བར་མའི་མདོ་དང་འབུམ་ཆུང་ལ་ཁ་ཞེས་སྡེ་བ་གཉིས།  གཉིས་པ་ལྡོང་སྐོར་ནི་མགོ་ལོག་ལྡོང་སྐོར་ནས་མཆེད།  གསུམ་པ་ལྕགས་སྦུག་ནི་མགོ་ལོག་ལྕགས་ཕྱེ་རྫི་ག་ནས་མཆེད།  བཞི་པ་དཔོན་སྐོར་ནི་མགོ་ལོག་དབལ་ཤུལ་དཔོན་བསྐོར་ནས་མཆེད།  ལྔ་པ་ལུང་གཡོན་ནི་མགོ་ལོག་སྔགས་མཚེར་ནས་མཆེད་པ་དང་བདེ་གཞུང་ཀླད་ཀྱི་ལུང་པའི་གཡོན་ཕྱོགས་སུ་གནས་པས།  ལུང་གཡོན་དུ་ཐོགས།  དྲུག་པ་ཕྱུགས་སྐྱོང་ནི་ནམ་ཞིག་བུད་མེད་གཅིག་ལ་བུ་གཅིག་སྐྱེས་ཞིང་།  ནར་སོན་ཏེ་ཕྱུགས་བསྐྱངས་ཏེ་རུ་སྐོར་གཅིག་ཏུ་གྱུར་པས་ཕྱུགས་སྐྱོང་ཞེས་པའི་མིང་བཏགས་པར་གྲགས།  སྡེ་ཚོ་དྲུག་ལས་ཕྱུགས་སྐྱོང་དང་རྟ་ལམ་སྡེ་ཚོ་གཅིག་ཏུ་བགྲངས་པ་དང་།  ལུང་ཡོན་དང་བདེ་གཞུང་སྡེ་ཚོ་གཅིག་ཏུ་བགྲངས།  གཞན་ཡང་རོང་ངར་དང་རྒན་གྱའི་བ་སྡེ་ནི་གདུང་རྒྱུད་གཅིག་ཡིན་པས་འབྲེལ་བ་ཅུང་ཟབ།  རོང་ངར་དཔོན་པོའི་གདུང་རབས་བཅུ་གཉིས་བྱུང་བ་དང་བཅུ་གཉིས་པ་སྐྱབས་དགའ་ནི་དགུང་ལོ་མཐོན་པོར་བཞུགས།  ལོ་རྒྱུས་གསལ་བོར་ཤེས་པར་འདོད་ན་རོང་ངར་དགོན་པའི་གདན་རབས་སུ་གསལ་བས་དེར་གཟིགས།


བརྡ་འགྲེལ་གདོང་འཛར།

ཚོ་བའི་ལོ་རྒྱུས། རོང་ངར་ཚོ་བ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-01

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།