གནམ་ལྷ་ཤོག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནམ་ལྷ་ཤོག་པ་ནི་བླ་བྲང་དགོན་པའི་ཤར་རྒྱུད་དུ་གནས་ཤིང་ཤར་དུ་ཧོར་གཙང་དང་། ལྷོར་ཁ་གྱ་དང་། ཐང་དཀར་ནང་། རོང་ངར་གསུམ། ནུབ་ཏུ་ཙ་ཡུས། བྱང་དུ་རྒན་གྱ་བཅས་དང་ས་མཚམས་འདྲེས་པའི་མདའ་སྨད་ཞང་ཁག་དང་བང་སྒར་ཐང་ཞང་ཁག་གཉིས་ཀྱི་ཁོངས་སུ་གནས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
གཏེར་ལུང་ཡིད་དགའ་ཆོས་འཛིན་གླིང་གི་ཤོག་པ།
གནས་ཡུལ།
བླ་བྲང་དགོན་པའི་ཤར་རྒྱུད་དུ་གནས།
དབྱེ་བ།
གནམ་ལྷ་གོང་མ། གནམ་ལྷ་བར་མ། གནམ་ལྷ་ཞོལ་མ།
1 ​ངོ་སྤྲོད།

གནམ་ལྷ་ཤོག་པ་ནི་བླ་བྲང་དགོན་པའི་ཤར་རྒྱུད་དུ་གནས་ཤིང་ཤར་དུ་ཧོར་གཙང་དང་།  ལྷོར་ཁ་གྱ་དང་།  ཐང་དཀར་ནང་།  རོང་ངར་གསུམ།  ནུབ་ཏུ་ཙ་ཡུས།  བྱང་དུ་རྒན་གྱ་བཅས་དང་ས་མཚམས་འདྲེས་པའི་མདའ་སྨད་ཞང་ཁག་དང་བང་སྒར་ཐང་ཞང་ཁག་གཉིས་ཀྱི་ཁོངས་སུ་གནས།  གནམ་ལྷ་ནི་གཡི་ཚའི་གདུང་རྒྱུད་ལས་མཆེད་ཅིང་།  ཁ་གྱ་ཚོ་དྲུག་གི་ནང་ཚན་གཅིག་ཏུ་བགྲངས།  ཧོར་ཁ་གྱར་གཞི་ཆགས་ཤིང་གནས་བཅས་ཏེ་གནམ་ལྷ་ཚོ་བ་མཆེད།  ད་ལྟར་ཧོར་ཁ་གྱའི་སྡེ་ཚོར་གནམ་ལྷའི་རྒྱུད་པ་མཆིས།  རིམ་གྱིས་གནམ་ལྷ་གོང་སྨད་བར་གསུམ་དུ་གྱེས་སོ། །

2 དབྱེ་བ།
2_1 གནམ་ལྷ་གོང་མ།

དེར་དྲེད་ཆེན་དང་།  དྲེད་ཆུང་།  ཧོར་ཁ་གྱ།  ཆོས་ལུང་མདོ།  དོམ་ལུང་ཐང་།  ས་དཀར་དཀར།  རྐྱང་མ།  སྐྱིད་ཐང་།  རྡོ་བུ་མདོ།  སྲན་ཐང་།  མདའ་སྨད་ནང་བཅས་སྡེ་ཚོ་བཅུ་གཅིག་མངའ།  དེ་རྣམས་ཀྱི་ཡུལ་ཁོངས་སུ་རྗེ་སྐལ་ལྡན་པའི་དངོས་སློབ་ཧོར་བཀའ་བཅུ་པ་དང་།  ཧོར་རབ་འབྱམས་པ་གཉིས་ཀྱིས་བཏབ་པའི་ལྷ་ཆབ་སྒར་ཡོད།

2_2 གནམ་ལྷ་བར་མ།

དེར་ཕ་བོང་ཐང་དང་།  རྔག་ཅི།  ལྷ་ལུང་།  རྟ་རྫོང་།  རྭ་མགོ།  ས་སོ་མ།  ཅོ་སྐོར།  མཛོ་ཕུག  ལྷ་ཁང་ངོ་།  བོང་ཐང་བཅས་སྡེ་ཚོ་བཅུ་གཅིག་ཡོད། 

2_3 གནམ་ལྷ་ཞོལ་མ།

དེར་བང་སྒར་ཐང་དང་།  ནོར་ཕྱུག  ནག་ཤར།  བེ་མོ།  རུ་རྩ།  ཆུ་ཉི་ནང་།  གནས་གཞི།  སྒར་ཐལ།  ལ་སྒང་།  གུར་ཚང་བཅས་སྡེ་ཚོ་བཅུ་མངའ།  གོང་སྨྲས་གནམ་ལྷ་ཚོ་གསུམ་ནི་གཏེར་ལུང་ཡིད་དགའ་ཆོས་འཛིན་གླིང་གི་ཤོག་པ་ཡིན་ནོ། །


བརྡ་འགྲེལ་གདོང་འཛར།

ཚོ་བའི་ལོ་རྒྱུས། གནམ་ལྷ་ཤོག་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-01

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།