རྩིས་འཁོར་ནད་དུག

རྩིས་འཁོར་གྱི་ནད་དུག་ཁྱབ་སྤེལ་ཆེར་ཕྱིན་པས་གོ་ལ་ཧྲིལ་བོར་གོད་ཆག་ཚབས་ཆེན་བཟོས་ཡོད། ཕལ་ཆེར་རྩིས་འཁོར་ཞིག་ཡིན་པ་ཐམས་ཅད་ནད་དུག་མ་ཕོག་པ་གང་ཡང་མེད་ཅེས་བཤད་མི་ཆོག་པ་མེད། དེ་བས་རྩིས་འཁོར་ནང་དུ་ནད་དུག་འགོག་གསོད་ཐུབ་པའི་མཉེན་ཆས་ཡང་དག་ཅིག་ནང་འཇུག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་ཞིང་། སྤྱིར་བཏང་དུ་ཚད་ལྡན་གྱི་དུག་སེལ་མཉེན་ཆས་ཤིག་ཡིན་ན་ཁྱད་ནུས་གཙོ་བོ་ནི་ནད་དུག་སྔོན་འགོག་དང་གསོད་པ་གཉིས་ཡིན། དུས་རྒྱུན་མི་མང་པོ་ཞིག་གིས་སྣང་ངོར་ནད་དུག་གསོད་པ་གལ་ཆེར་བཟུང་ནས་སྔོན་འགོག་ལ་མཐོང་ཆེན་མི་བྱེད་པ་ནི་ནོར་འཁྲུལ་ཞིག་རེད།

རིགས་དབྱེ།