ཡོངས་འཛིན་རིག་མཛོད། >ལག་རྩལ། >དྲ་རྒྱ། >གྲངས་མཛོད།

གཞི་གྲངས་སྒྲིག་གཞི།

གཞི་གྲངས་སྒྲིག་གཞི་ནི་ཕན་ཚུན་བར་དུ་ཡོད་པའི་དམིགས་བསལ་གྱི་འབྲེལ་བ་གཅིག་གམ་མང་པོའི་གཞི་གྲངས་རྒྱུ་ཆའི་ཚོགས་སྤྱི་ལ་ཟེར། གནད་དོན་གང་རུང་ཞིག་ཡིན་ཡང་། གཞི་གྲངས་རྒྱུ་ཆ་ནི་ཁེར་རྐྱང་དུ་གནས་པ་མིན་ཏེ། དེ་ཚོའི་བར་དུ་འབྲེལ་བ་གང་རུང་ཞིག་ཡོད། གཞི་གྲངས་རྒྱུ་ཆའི་བར་གྱི་འབྲེལ་བ་འདི་དག་ལ་སྒྲིག་གཞི་ཞེས་ཟེར། སྤྱིར་བཏང་དུ། རྩིས་འཁོར་གྱིས་གནད་དོན་ངོ་མ་ཞིག་ཐག་གཅོད་དགོས་ན། ཕལ་ཆེར་གཤམ་གྱི་གོ་རིམ་འགའ་བརྒྱུད་དགོས་ཏེ། དང་པོ་གནད་དོན་དངོས་མ་ནས་འོས་འཚམས་ཀྱི་གྲངས་རིགས་མ་དཔེ་ཞིག་སྤྱི་མཚན་དུ་བསྒྱུར་དགོས། དེའི་འཕྲོར་གྲངས་རིགས་ཀྱི་མ་དཔེ་དེ་བརྩི་ཐུབ་པའི་རྩི་ཐབས་ཤིག་ཏུ་ཇུས་འགོད་བྱེད་དགོས། མཇུག་ཏུ་བྱ་རིམ་ཇུས་འགོད་བྱས་ནས་དེ་ལ་ཚོད་ལེན་དང་། ལེགས་སྒྲིག་བྱས་ཐོག་གནད་དོན་དེ་ཐག་གཅོད་པར་བྱ། གྲངས་རིགས་ཀྱི་མ་དཔེ་འཚོལ་བའི་ངོ་བོ་ནི་གནད་དོན་ལ་དབྱེ་ཞིབ་བྱས་ནས། དེའི་ནང་གི་བཀོལ་སྤྱོད་བྱ་ཡུལ་བླངས་ཏེ་བཀོལ་སྤྱོད་བྱ་ཡུལ་བར་གྱི་འབྲེལ་བ་བཙལ་རྗེས་སུ། གྲངས་རིགས་ཀྱི་སྐད་བརྡས་གསལ་བཤད་བྱེད་དགོས། དཔེར་ན། གདུང་ཁྲིའི་སྒྲིག་གཞིའི་ཐེབས་ཤུགས་བརྩི་བའི་གྲངས་རིགས་ཀྱི་མ་དཔེ་ནི་ཐིག་གཤིས་མཉམ་བྱ་ཚོ་དང་། མི་འབོར་གྱི་འཕར་ཚད་སྔོན་དཔག་གི་གྲངས་རིག་མ་དཔེ་ནི་ཆ་ཕྲན་མཉམ་བྱ་ཡིན། འོན་ཀྱང་གྲངས་མིན་བརྩི་བྱའི་གནད་དོན་མང་ཆེ་ཤོས་གྲངས་རིགས་ཀྱི་མཉམ་བྱས་མཚོན་མི་ཐུབ།

རིགས་དབྱེ།  

གཞི་གྲངས།

གཞི་གྲངས་ནི་ཕྱི་རོལ་བྱ་དངོས་ཀྱི་མཚོན་རྟགས་དང་། རྩིས་འཁོར་ཚན་རིག་ནས་རྩིས་འཁོར་དུ་ནང་འཇུག་བྱ་ཐུབ་པ་དང་རྩིས་འཁོར་གྱིས་སྒྲིག་གཅོད་བྱ་བའི་རྟགས་ཀྱི་སྤྱི་མིང་ལ་ཟེར།

རིགས་དབྱེ།  

སྤྱི་མཚན་གཞི་གྲངས་རིགས་ཀྱི་མཚོན་ཚུལ།

སྤྱི་མཚན་གཞི་གྲངས་རིགས་ནི་གྲངས་རིག་གི་མ་དཔེ་ཞིག་དང་མ་དཔེ་དེའི་སྟེང་གི་གཏན་འཁེལ་བའི་བཀོལ་སྤྱོད་ཚོ་ཞིག་ལ་ཟེར། སྤྱི་མཚན་གཞི་གྲངས་རིགས་ཀྱི་མཚན་ཉིད་ནི་དེའི་གཏན་ཚིགས་ཆོས་ཉིད་ཀྱིས་ཐག་གཅོད་པ་མ་གཏོགས། དེ་རྩིས་འཁོར་དུ་ཇི་ལྟར་མཚོན་པ་དང་མངོན་འགྱུར་བྱ་བ་ལ་འབྲེལ་བ་མེད། དེའི་ནང་གི་སྒྲིག་གཞི་ཅི་ལྟར་འགྱུར་ཡང་དེའི་གྲངས་རིགས་ཀྱི་ཁྱད་ཆོས་མ་འགྱུར་ན། ཕྱིའི་བེད་སྤྱོད་བྱེད་ཚུལ་ལ་གནོན་པ་མི་བྱ།

རིགས་དབྱེ།  

རྩི་ཐབས།

རྩི་ཐབས་ནི་གནད་དོན་ངེས་ཅན་ཞིག་འགྲེལ་བའི་གོ་རིམ་གྱི་གསལ་བཤད་ཡིན། དེ་ནི་བཀའ་བརྡའི་ཚད་ཡོད་རིམ་སྟར་དང་། དེའི་ནང་གི་བཀའ་བརྡ་རེ་རེས་བཀོལ་སྤྱོད་གཅིག་གམ་མང་པོ་མཚོན་ཡོད།

རིགས་དབྱེ།  

ཐིག་གཤིས་རེའུ་མིག་གི་སྦྲེལ་ཚུལ།

ཐིག་གཤིས་རེའུ་མིག་གི་རིམ་ལྟར་གསོག་འཇོག་སྒྲིག་གཞིའི་ཁྱད་ཆོས་ནི་གཏན་ཚིགས་འབྲེལ་བ་ཉེ་བའི་རྒྱུ་ཆ་གཉིས་ཀྱི་དངོས་ལུགས་གོ་གནས་ཀྱང་ཉེ་བ་ཡིན་པས། རེའུ་མིག་ནང་གི་རྒྱུ་ཆ་གང་རུང་ཞིག་སྐབས་བསྟུན་གྱིས་གསོག་འཇོག་བྱ་ཐུབ། དེའི་གསོག་གནས་ནི་ཅུང་སླ་བའི་ཐད་མཐོང་གི་སྤྱི་འགྲོས་ཅིག་གིས་མཚོན་ཐུབ། འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ན། ཁྱད་ཆོས་འདིས་གསོག་འཇོག་སྒྲིག་གཞི་འདི་ལ་སྐྱོན་ཆ་ཞིག་ཀྱང་བཟོས་ཡོད་དེ། ནང་འཇུག་དང་ཕྱིར་འདོན་བྱེད་སྐབས་རྒྱུ་ཆ་མང་པོ་ཞིག་སྤོ་དགོས།

རིགས་དབྱེ།  

དོས།

དོས་དང་རུ་སྟར་ནི་ཐིག་གཤིས་སྒྲིག་གཞི་གལ་ཆེན་གཉིས་ཡིན། གཞི་གྲངས་སྒྲིག་གཞིའི་ཕྱོགས་ནས་བལྟས་ན། དོས་དང་རུ་སྟར་ནི་ཡང་ཐིག་གཤིས་སྒྲིག་གཞི་ཞིག་ཡིན། དེའི་ཁྱད་གཤིས་ནི་དོས་དང་རུ་སྟར་གྱི་རྩ་བའི་བཀོལ་སྤྱོད་དེ་ཐིག་གཤིས་རེའུ་མིག་བཀོལ་སྤྱོད་ཀྱི་བུ་ཚོགས་ཤིག་ཡིན། དེ་ནི་བཀོལ་སྤྱོད་བཀག་པའི་ཐིག་གཤིས་རེའུ་མིག་ཅིག་ཡིན་པས།དེ་ལ་བཀག་པའི་གཞི་གྲངས་སྒྲིག་གཞི་ཞེས་ཟེར། གཞི་གྲངས་རིགས་ཀྱི་ཕྱོགས་ནས་བལྟས་ན། དེ་དག་ནི་ཐིག་གཤིས་རེའུ་མིག་དང་ཆེ་ཆུང་འདྲ་བའི་སྤྱི་མཚན་གཞི་གྲངས་རིགས་ཀྱི་གལ་ཆེའི་རིགས་གཉིས་ཡིན། དེ་དག་མཉེན་ཆས་རྒྱུད་ཁོངས་སུ་བཀོལ་རྒྱ་ཆེ་བས། བྱ་ཡུལ་དུ་གཏད་པའི་བྱ་རིམ་ཇུས་འགོད་དུ་དེ་དག་དབྱིབས་མང་གཞི་གྲངས་རིགས་ཡིན།

རིགས་དབྱེ།  

རུ་སྟར།

རུ་སྟར་ནི་སྔོན་འཇུག་སྔོན་ཐོན་གྱི་ཐིག་གཤིས་རེའུ་མིག་ཅིག་ཡིན། དེར་རེའུ་མིག་གི་སྣེ་གཅིག་ཏུ་ནང་འཇུག་བྱེད་པ་དང་། སྣེ་གཞན་གཅིག་ཏུ་རྒྱུ་ཆ་འདོར་དགོས། དེ་ནི་ང་ཚོའི་འཚོ་བའི་ནང་གི་རུ་སྒྲིག་དང་གཅིག་མཚུངས་ཡིན། རུ་སྟར་དུ་ཆེས་སྔོན་མ་བཅུག་པའི་རྒྱུ་ཆ་ནི་ཆེས་སྔོན་མར་ཕྱིར་ཐོན་པ་ཡིན།

རིགས་དབྱེ།  

ཕྲེང་།

རྩིས་འཁོར་དུ་གྲངས་མིན་བྲིན་གྱི་སྒྲིག་གཅོད་བྱ་ཡུལ་གཙོ་བོ་ནི་གཞི་གྲངས་ཡིག་རྟགས་ཕྲེང་ཡིན། སྔར་གྱི་བྱ་རིམ་ཇུས་འགོད་སྐད་བརྡའི་ནང་དུ་ཡིག་རྟགས་ཕྲེང་ནི་ནང་འཇུག་དང་ཕྱིར་འདོར་གྱི་རྒྱུན་ཚད་བྱས་ནས་ཐོན་པ་དང་། སྐད་བརྡས་བྱ་རིམ་ལས་སྣོན་གྱི་བྱུང་བ་དང་བསྟུན་ནས་ཡིག་རྟགས་ཕྲེང་སྒྲིག་གཅོད་བྱེད་ཚུལ་འབྱུང་བ་ཡིན། འདི་ལྟར་བྱས་ནས་ཡིག་རྟགས་ཕྲེང་ནི་འགྱུར་ཚད་རིགས་གཅིག་བྱས་ནས་བྱ་རིམ་ཇུས་འགོད་སྐད་བརྡ་མང་པོར་ཐོན་པ་དང་མཉམ་དུ། ཡིག་རྟགས་ཀྱི་བཀོལ་སྤྱོད་རབ་དང་རིམ་པ་བྱུང་ཡོད། ཡིག་རྟགས་ཕྲེང་སྤྱིར་བཏང་དུ་བསྡུས་ནས་ཕྲེང་ཟེར། ཕྱོགས་སྒྲིག་དང་སྐད་བརྡའི་སྒྲིག་སྒྱུར་བྱ་རིམ་དུ། ཁུངས་བྱ་རིམ་དང་དམིགས་ཡུལ་བྱ་རིམ་དུ་ཚང་མ་གཞི་གྲངས་ཡིག་རྟགས་ཕྲེང་ཡིན། གནད་དོན་སྒྲིག་གཅོད་བྱ་རིམ་དུ། མི་རྣམས་ཀྱི་རུས་མིང་དང་། སྡོད་གནས། དངོས་རྫས་ཀྱི་མིང་དང་། བཟོ་སྐྲུན་བྱེད་ས། ཚད་གཞི་སོགས་ཀྱང་ཡིག་རྟགས་བྱས་ནས་སྒྲིག་གཅོད་བྱེད་པ་ཡིན། ཡང་དཔེར་ན། ཆ་འཕྲིན་བཤེར་འཚོལ་རྒྱུད་ཁོངས་དང་། རྩོམ་སྒྲིག་བྱ་རིམ། དྲི་ལན་རྒྱུད་ཁོངས། རང་བྱུང་སྐད་བརྡ་ཡིག་སྒྱུར་རྒྱུད་ཁོངས། རོལ་དབྱངས་དབྱེ་ཞིབ་བྱ་རིམ་སོགས་ཚང་མ་ཡང་གཞི་གྲངས་ཡིག་རྟགས་ཕྲེང་སྒྲིག་གཅོད་བྱ་ཡུལ་བྱས་ཡོད།

རིགས་དབྱེ།  

གྲངས་ཚོ།

ཐིག་གཤིས་རེའུ་མིག་གི་སྒྲིག་གཞི་རུ་གཞི་གྲངས་རྒྱུ་ཆ་སོ་སོ་ནི་སྒྲིག་གཞི་མིན་པའི་མ་རྡུལ་རིགས་ཡིན། རྒྱུ་ཆའི་བྲིན་ནི་འབྱེད་མི་ཐུབ་པ་ཡིན། འདིར་དཔྱད་པ་གཏོང་པའི་གཞི་གྲངས་སྒྲིག་གཞི་གྲངས་ཚོ་ནི་ཐིག་གཤིས་རེའུ་མིག་གི་ཐོག་ཏུ་རྒྱ་ཆེར་བཏང་པ་ཡིན་པར་བྱས་ཆོག་སྟེ། རེའུ་མིག་ནང་གི་གཞི་གྲངས་རྒྱུ་ཆ་རང་ཉིད་ཀྱང་གཞི་གྲངས་སྒྲིག་གཞི་ཞིག་ཡིན།

རིགས་དབྱེ།  

ཁྱབ་ཆེན་རེའུ་མིག

ཁྱབ་ཆེན་རེའུ་མིག་ནི་ཐིག་གཤིས་རེའུ་མིག་ཁྱབ་ཇེ་ཆེར་བཏང་བ་དེ་ཡིན། མི་ལ་ལས་དེ་ལ་རེའུ་མིག་ཅེས་ཟེར། དེ་མི་བཟོས་དབང་ཤེས་སོགས་ཀྱི་ཁྱབ་ཁོངས་ཀྱི་རེའུ་མིག་སྒྲིག་གཅོད་སྐད་བརྡLISPརུ་ཁྱབ་ཆེར་བཀོལ། ཁྱབ་ཆེན་རེའུ་མིག་རྩ་བའི་གཞི་གྲངས་སྒྲིག་གཞི་ཞིག་བྱས་ནས། བྱ་རིམ་ལ་ཡང་ཁྱབ་ཆེན་རེའུ་མིག་རབ་དང་རིམ་པ་བྱས་ཡོད།

རིགས་དབྱེ།  

སྡོང་།

སྡོང་འགྲེམས་སྒྲིག་གཞི་ནི་ཐིག་གཤིས་མིན་པའི་གཞི་གྲངས་སྒྲིག་གཞི་རིགས་གལ་ཆེན་ཞིག་ཡིན། རྒྱུན་དུ་མཐོང་ཐུབ་པ་ནི་སྡོང་དང་ཚེབ་གཉིས་སྡོང་ཡིན། ཐད་ཀར་བལྟས་ན་སྡོང་ནི་ཡན་ལག་གི་འབྲེལ་བ་བྱས་ནས་སྒྲིག་གཞི་རིམ་པ་གཏན་འཁེལ་བྱས་ཡོད། སྡོང་འགྲེམས་སྒྲིག་གཞི་ནི་བཀོལ་རྒྱ་ཧ་ཅང་ཆེ། དཔེར་ན། མིའི་རིགས་སྤྱི་ཚོགས་ནང་གི་རིགས་རྒྱུད་དང་། སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོགས་ཀྱི་འབྲེལ་བ་ནི་སྡོང་བོས་གསལ་བོ་མཚོན་ཚུབ། སྡོང་ནི་རྩིས་འཁོར་ཁྱབ་ཁོངས་སུ་ཡང་སྤྱོད་རྒྱ་ཆེ། དཔེར་ན། སྒྲིག་སྒྱུར་བྱ་རིམ་དུ་སྡོང་གིས་ཁུངས་བྱ་རིམ་གྱི་བརྡ་སྤྲོད་སྒྲིག་གཞི་མཚོན། ཡང་དཔེར་ན། གཞི་གྲངས་མཛོད་རྒྱུད་ཁོངས་སུ། སྡོང་འགྲེམས་སྒྲིག་གཞི་ཡང་ཆ་འཕྲིན་སྒྲིག་གཞི་བྱས་པའི་རྣམ་པ་གཙོ་བོ་ཞིག་ཡིན།

རིགས་དབྱེ།  

ཚེབ་གཉིས་སྡོང་།

ཚེབ་གཉིས་སྡོང་ནི་རིགས་གཞན་གྱི་སྡོང་དབྱིབས་ཅིག་ཡིན། དེའི་ཁྱད་ཆོས་ནི་ཚིགས་ཚེག་གཅིག་ཏུ་མང་ན་ཡང་སྡོང་ལག་གཉིས་མ་གཏོགས་མེད། དེའི་མ་ཚད་ཚེབ་གཉིས་སྡོང་གི་སྡོང་གི་སྡོང་ལག་ལ་གཡས་གཡོན་གྱི་ཁྱད་པར་འབྱེད། དེའི་རིམ་པ་བརྗེ་མི་རུང་།

རིགས་དབྱེ།  

རིས།

རིས་ནི་ཐིག་གཤིས་རེའུ་མིག་དང་སྡོང་འགྲེམས་ལས་ཅུང་དཀའ་བའི་གཞི་གྲངས་སྒྲིག་གཞི་ཞིག་ཡིན། ཐིག་གཤིས་རེའུ་མིག་ཏུ་གཞི་གྲངས་རྒྱུ་ཆའི་བར་གྱི་འབྲེལ་བ་ནི་ཐིག་གཤིས་ཡིན། རྒྱུ་ཆ་སོ་སོར་ཐད་ཀའི་སྔོན་མ་གཅིག་དང་ཐད་ཀའི་རྗེས་མ་གཅིག་མ་གཏོགས་མེད། སྡོང་འགྲེམས་སྒྲིག་གཞི་རུ་གཞི་གྲངས་རྒྱུ་ཆའི་བར་གྱི་འབྲེལ་བ་རིམ་པ་ཡིན་པར་མ་ཟད། རིམ་པ་སོ་སོའི་གཞི་གྲངས་རྒྱུ་ཆ་དང་རིམ་འོག་མའི་རྒྱུ་ཆ་མང་པོ(དེའི་བུ་རྒྱུད་ཚིགས་ཚེག)དང་འབྲེལ་བ་ཡོད་སྲིད་ཀྱང་། རིམ་པ་གོང་མའི་རྒྱུ་ཆ་གཅིག(དེའི་ཕ་མའི་ཚིགས་ཚེག)མ་གཏོགས་འབྲེལ་བ་མེད། རིས་ཀྱི་སྒྲིག་གཞི་རུ་ཚིགས་ཚེག་བར་གྱི་འབྲེལ་བ་ནི་གང་རུང་ཞིག་ཡིན། རིས་ནང་གི་གཞི་གྲངས་རྒྱུ་ཆ་གང་རུང་གཉིས་བར་དུ་འབྲེལ་བ་ཡོད་སྲིད། དེ་བས་རིས་ཀྱི་བཀོལ་རྒྱ་ཧ་ཅང་ཆེ། ལྷག་པར་དུ་ཉེ་བའི་ལོ་འགའི་ནང་དུ་དར་ཁྱབ་བྱུང་བས། དེ་སྐད་བརྡ་རིག་པ་དང་། གཏན་ཚིགས་རིག་པ། དངོས་ལུགས། རྫས་འགྱུར། གློག་འཕྲིན་ལས་གྲྭ། རྩིས་འཁོར་ཚན་རིག རྩིས་རིག་སོགས་རིག་ཚན་མང་པོའི་ནང་དུ་ཁྱབ་ཡོད།བརྡ་འགྲེལ་གྱི་དོན་ཚིག་ཉུང་མདོར་བསྡུས་ཀྱིས་བཀོད་པ་དེ་ཡིན།

རིགས་དབྱེ།  

གཞི་གྲངས་སྒྲིག་གཞིའི་བྱ་རིམ་ཇུས་འགོད(ཚོད་ལྟ)

བྱ་རིམ་ཇུས་འགོད་ཀྱི་ཁོར་ཡུགVCངོས་འཛིན་པ་དང་། ཁོར་ཡུག་དེ་ལས་བྱ་རིམ་ཇུས་འགོད་བྱ་ཚུལ་ཤེས་དགོས། projectདང་བྱ་རིམ་ཇུས་འགོད་ཡིག་ཆ་བཟོ་ཚུལ་དང་སྤྱོད་ཚུལ་ཤེས་དགོས་ལ་གཞི་གྲངས་སྒྲིག་གཞིའི་བྱ་རིམ་ཇུས་འགོད་བྱ་ཚུལ་ཁོང་དུ་ཆུད་དགོས། Cསྐད་བརྡའི་འགུལ་རྣམ་བགོ་བཤའ་དང་ལྷོད་གཏོང་རྟེན་འབྱུང་གྲངསmallocདངrealloc freeསོགས་སྤྱོད་ཤེས་སུ་འཇུག་དགོས།

རིགས་དབྱེ།  

འཚོལ་བ།

སྐབས་འདིའི་འཚོལ་བ་ནི་རྩིས་འཁོར་གྱི་བརྡ་ཆད་ཅིག་སྟེ། སྤྲད་པའི་བྲིན་ངེས་ཅན་ལྟར་འཚོལ་ཡུལ་རེའུ་མིག་ཏུ་གནད་ཚིག་དང་སྤྲད་པའི་བྲིན་མཚུངས་པའི་ཐོ་འམ་གཞི་གྲངས་རྒྱུ་ཆ་གཏན་འཁེལ་བྱ་བ་ལ་ཟེར།

རིགས་དབྱེ།  

ཐིག་གཤིས་རེའུ་མིག

ཐིག་གཤིས་རེའུ་མིག་གི་ཁྱད་ཆོས་ནི། གཞི་གྲངས་རྒྱུ་ཆའི་སྟོང་མིན་ཚད་ཡོད་ཚོགས་སྤྱི་རུ། “དང་པོ”ཞེས་པའི་གཞི་གྲངས་རྒྱུ་ཆ་གཅིག་ཁོ་ན་ཡོད་པ་དང་། “མཐའ་མ”ཞེས་པའི་གཞི་གྲངས་རྒྱུ་ཆ་གཅིག་ཁོ་ན་ཡོད། གཞི་གྲངས་དང་པོ་ལས་གཞན་ཚོགས་སྤྱིའི་རྒྱུ་ཆ་སོ་སོ་ལ་སྔོན་མ་གཅིག་མ་གཏོགས་མེད། གཞི་གྲངས་མཐའ་མ་ལས་གཞན་ཚོགས་སྤྱིའི་རྒྱུ་ཆ་སོ་སོ་ལ་རྗེས་མ་གཅིག་མ་གཏོགས་མེད།

རིགས་དབྱེ།  

རིམ་སྒྲིག

རིམ་སྒྲིག་ནི་རྩིས་འཁོར་བྱ་རིམ་ཇུས་འགོད་ཀྱི་བཀོལ་སྤྱོད་གལ་ཆེན་ཞིག་ཡིན། དེའི་ནུས་པ་ནི་གཞི་གྲངས་རྒྱུ་ཆ་ཞིག་གི་རིམ་པ་གང་རུང་ཞིག་བསྐྱར་དུ་བསྒྲིགས་ནས་གནད་ཚིགས་ལྟར་རིམ་པ་ལྡན་དུ་འཇུག་དགོས་པ་དེ་ཡིན།

རིགས་དབྱེ།  

གཞི་གྲངས་ཆེན་མོ།

གཞི་གྲངས་ཆེན་མོ་ནི་བྱེད་ཐབས་བྲལ་བའི་ཐེག་ཚད་དུས་ཚོད་ཀྱི་ཁྱབ་ཁོངས་ནང་དུ་རྒྱུན་གཏན་གྱི་ཡོ་བྱད་སྤྱད་ནས་འཛིན་བཟུང་དང་དོ་དམ། སྒྲིག་གཅོད་བྱེད་པའི་གཞི་གྲངས་ཚོགས་སྤྱི་ཡིན།

རིགས་དབྱེ།  

འཛམ་གླིང་གཞི་གྲངས་ལྟེ་གནས།

སའི་གོ་ལའི་ཚན་རིག་དང་། སའི་གོ་ལའི་ཁོར་ཡུག་དང་བར་སྟོང་ཚན་རིག་ཁྱབ་ཁོངས་གཞི་གྲངས་ཀྱི་འཚོལ་བསྡུ་དང་ལེགས་སྒྲིག བརྒྱུད་རིམ་ལྡན་པ། ཚད་ལྡན་ཅན་དང་དེ་བཞིན་ཞབས་ཞུ་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་བ། འཛམ་གླིང་གཞི་གྲངས་ལྟེ་གནས་དབུ་བརྙེས་པ་ནས་བཟུང་། སའི་གོ་ལའི་ཚན་རིག་དང་བར་སྟོང་ཚན་རིག ཁོར་ཡུག་ཚན་རིག་ཁྱབ་ཁོངས་སུ་གཞི་གྲངས་དོ་དམ་དང་མཉམ་སྤྱོད་ལ་ཧུར་ཐག་གིས་སྐུལ་འདེད་བྱས་པ་མ་ཟད། ད་དུང་ཧུར་ཐག་གིས་གལ་ཆེ་བའི་རྒྱལ་སྤྱིའི་ཚན་རིག་འཆར་གཞི་མང་པོར་ཞུགས་པ་དང་། མིའི་རིགས་ཀྱི་ཚན་རིག་བྱ་གཞག་གི་འཕེལ་རྒྱས་ལ་བྱས་རྗེས་བཞག་པ་རེད།

རིགས་དབྱེ།  

གཞི་གྲངས་རིགས་གྲས།

རྩིས་འཁོར་གྱི་སྐད་བརྡ་མི་འདྲ་བ་ལ་མཚན་ཉིད་འགོད་ཆོག་པ་དང་བེད་སྤྱོད་བྱ་རུང་བའི་གཞི་གྲངས་ཀྱི་གྲུབ་ཚུལ་མི་འདྲ་བ་ཡོད་པ་སྟེ། དཔེར་ན། Cསྐད་བརྡས“གྲུབ་ཚུལ་གཟུགས”ལྟ་བུའི་གཞི་གྲངས་གྲུབ་ཚུལ་མཁོ་འདོན་བྱས་ཡོད་ཀྱང་། FORTRANསྐད་བརྡས་གཞི་གྲངས་འདི་ལྟ་བུའི་རིགས་མཁོ་འདོན་བྱས་མེད། གནད་དོན་རིགས་གཅིག་ཐག་གཅོད་ཚེ། གལ་སྲིད་གཞི་གྲངས་གྲུབ་ཚུལ་མ་འདྲ་ན། བརྩི་ཐབས་ཀྱང་མི་འདྲ། དཔེར་ན། ཧྲིལ་གྲངས་བཅུ་རིམ་སྒྲིག་བྱེད་པ་དང་ཧྲིལ་གྲངས་བཅུས་གྲུབ་པའི་གྲངས་ཚོ་རིམ་སྒྲིག་བྱེད་པའི་བརྩི་ཐབས་གཉིས་གཅིག་འདྲ་མིན། དེའི་ཕྱིར། བརྩི་ཐབས་ལ་བསམ་བློ་གཏོང་སྐབས་སུ། ངེས་པར་དུ་གཞི་གྲངས་གྲུབ་ཚུལ་ལ་ཡིད་གཟབ་བྱ་དགོས། དོན་ལ་བརྩི་ཐབས་དང་གཞི་གྲངས་གྲུབ་ཚུལ་ལ་ཕྱོགས་ཡོངས་ནས་བསམ་བློ་བཏང་སྟེ། ཆེས་ལེགས་པའི་གཞི་གྲངས་གྲུབ་ཚུལ་དང་བརྩི་ཐབས་ཞིག་གདམ་དགོས།

རིགས་དབྱེ།  

མཉམ་སྦྲེལ་དྲ་རྒྱ+

མཉམ་སྦྲེལ་དྲ་རྒྱ+ནི་གསར་གཏོད2.0འོག་གི་མཉམ་སྦྲེལ་དྲ་རྒྱའི་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་ཞིག་ཡིན་ལ་ཤེས་བྱའི་སྤྱི་ཚོགས་གསར་གཏོད2.0གི་སྐུལ་འདེད་འོག་མཉམ་སྦྲེལ་དྲ་རྒྱའི་དབྱིབས་རྣམ་རིམ་འགྱུར་དང་དེ་ལས་བྱུང་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དབྱིབས་རྣམ་གསར་པ་ཞིག་ཀྱང་རེད།

རིགས་དབྱེ།  

གཞི་གྲངས་དཔེ་དབྱིབས།

​གཞི་གྲངས་དཔེ་དབྱིབས(DedaModel)དེ་ཡང་དཔེ་དབྱིབས་ཤིག་ཡིན་དགོས། དེ་ནི་དངོས་ཡོད་འཇིག་རྟེན་གྱི་གཞི་གྲངས་ཀྱི་ཁྱད་ཆོས་ལ་དོན་སྤྱི་བྱེད་པ་ཡིན། གཞི་གྲངས་ཞིབ་བརྗོད་དང་གཞི་གྲངས་སྒྲིག་འཛུགས། གཞི་གྲངས་བཀོལ་སྤྱོད་བཅས་བྱེད་པར་གཞི་གྲངས་དཔེ་དབྱིབས་སྤྱོད་པ་ཡིན།

རིགས་དབྱེ།  

ཐ་སྙད་དཔེ་དབྱིབས།

ཐ་སྙད་དཔེ་དབྱིབས་ནི་དོན་དངོས་ཐོག་དངོས་ཡོད་འཇིག་རྟེན་ནས་འཕྲུལ་ཆས་འཇིག་རྟེན་བར་གྱི་བང་རིམ་ཞིག་ཡིན།

རིགས་དབྱེ།  

བང་རིམ་དཔེ་དབྱིབས།

བང་རིམ་དཔེ་དབྱིབས་ནི་གཞི་གྲངས་མཛོད་ཀྱི་རྒྱུད་ཁོངས་ནང་སྔ་ཤོས་ཐོན་པའི་གཞི་གྲངས་དཔེ་དབྱིབས་ཤིག་ཡིན་ཞིང་། དེར་བང་རིམ་དཔེ་དབྱིབས་བེད་སྤྱད་ནས་གཞི་གྲངས་སྒྲིག་འཛུགས་བྱེད་ཐུབ་པ་ཡིན།

རིགས་དབྱེ།  

ཀུའེ་དབྱང་གཞི་གྲངས་ཆེན་མོའི་ཚན་རྩལ་གསར་གཏོད་གྲོང་ཁྱེར།

སྤྱི་ལོ2021ལོའི་ཟླ12པར། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཀུའེ་ཨན་ཁུལ་གསར་དོ་དམ་ཨུ་ལྷན་དང་ཀུའེ་དབྱང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི《ཀུའེ་དབྱང་གཞི་གྲངས་ཆེན་མོའི་ཚན་རྩལ་གསར་གཏོད་གྲོང་ཁྱེར་བསྐྲུན་རྒྱུའི་སྐོར་གྱི་དགོངས་སྐོར》ལ་མཆན་བཀོད་བཀའ་ལན་གནང་སྟེ། ཀུའེ་དབྱང་གཞི་གྲངས་ཆེན་མོའི་ཚན་རྩལ་གསར་གཏོད་གྲོང་ཁྱེར་བསྐྲུན་རྒྱུར་མོས་མཐུན་བྱུང་ཞིང་། ནང་དོན་གཙོ་བོ་ནི། གཅིག ཀུའེ་ཨན་ཁུལ་གསར་དུ་ཀུའེ་དབྱང་གཞི་གྲངས་ཆེན་མོའི་ཚན་རྩལ་གསར་གཏོད་གྲོང་ཁྱེར་བསྐྲུན་རྒྱུའི་མོས་མཐུན་བྱུང་། འཆར་འགོད་རྒྱ་ཁྱོན་དང་ཕྱོགས་བཞིའི་ཁྱབ་ཁོངས་ལ་རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་རེབ་གསར་བའི་རྒྱལ་ཁབ་ཀྱི་ས་ཆའི་བར་སྟོང་འཆར་འགོད་ལེགས་སྒྲིག་བྱས་ཚུལ་ལ་གཞིགས་ཏེ། ཁྲིམས་ལྟར་ཞིབ་བཤེར་གཏན་འབེབས་བྱས་ནས་ཟུར་དུ་ཆོག་མཆན་ཞུ་དགོས། གཉིས། ཀུའེ་དབྱང་གཞི་གྲངས་ཆེན་མོའི་ཚན་རྩལ་གསར་གཏོད་གྲོང་ཁྱེར་གྱིས“གྲངས་འཛིན་དཔལ་འབྱོར་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་གོ་སྐབས་གསར་བ་བརྩོན་ལེན་བྱེད་པར”དམིགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་འཆར་འགོད། ཚད་གཞི་མཐོ་བའི་འཛུགས་སྐྲུན་བཅས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་གཏིང་ཟབ་བྱས་ནས་འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་མ་མཐའི་ཚད་ཐིག་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་ཀྱི་ས་ཆའི་བར་སྟོང་འཆར་འགོད་དང་ཐོན་ལས་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་པར་བསྒྲུབ་པ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། གཉེར་སྐྱོང་དོ་དམ་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། ཐོན་ལས་གཅིག་བསྡུས་དང་ཁྱུ་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀུའེ་ཀྲོའུ་ཡི་གྲངས་འཛིན་ཐོན་ལས་དང་ཤེས་ལྡན་མི་སྣའི་འདུ་འཛོམས་ཁུལ། གྲངས་འཛིན་ཁོར་ཡུག་བེད་སྤྱོད་དཔེ་སྟོན་ཁུལ། སྐྱེ་ཁམས་དཔལ་ཡོན་འགྲེམས་སྟོན་ཁུལ་བཅས་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། གསུམ། ཀུའེ་ཨན་ཁུལ་གསར་དོ་དམ་ཨུ་ལྷན་དང་ཀུའེ་དབྱང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཀུའེ་དབྱང་གཞི་གྲངས་ཆེན་མོའི་ཚན་རྩལ་གསར་གཏོད་གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན། དོ་དམ་སོགས་འབྲེལ་ཡོད་ལས་དོན་གྱི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དགོས། ཞིང་ཆེན་གཞི་གྲངས་ཆེན་མོ་ཅུའུ་ཡིས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་མཛུབ་སྟོན་དང་ཞབས་ཞུ། དཔྱད་ཞིབ་བཅས་ལ་སྔར་བས་ཤུགས་བསྣན་ཏེ་ཀུའེ་དབྱང་གཞི་གྲངས་ཆེན་མོའི་ཚན་རྩལ་གསར་གཏོད་གྲོང་ཁྱེར་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་འགྲོ་བར་ཐུན་མོང་ཐོག་རྒྱབ་སྐྱོར་བྱེད་དགོས།

རིགས་དབྱེ།