ཡོངས་འཛིན་རིག་མཛོད། >ལག་རྩལ། >དྲ་རྒྱ། >གློག་རྡུལ་ཚོང་དོན།

དྲ་ཐོག་དངུལ་ཁང་།

དྲ་ཐོག་དངུལ་ཁང་ལ་གོ་དོན་གཉིས་འདུ་སྟེ། གཅིག་ནི་ལས་ཁུངས་ཀྱི་གོ་དོན་ལ་ཟེར་ཞིང་། ཆ་འཕྲིན་དྲ་རྒྱར་བརྟེན་ནས་ལས་གཉེར་བྱས་པའི་དངུལ་ཁང་ལ་ཟེར་བ་དང་། གཞན་ཞིག་ནི་ཆ་འཕྲིན་དྲ་རྒྱར་བརྟེན་ནས་འདོན་སྤྲོད་བྱས་པའི་དངུལ་རྩའི་ཞབས་ཞུ་ཡིན་ལ། དེའི་ནང་དུ་སྲོལ་རྒྱུན་གྱི་དངུལ་ཁང་ལས་སྒོ་དང་ཆ་འཕྲིན་ལག་རྩལ་ཉེར་སྤྱོད་ཀྱིས་བསྐྱལ་འོང་བའི་གསར་དར་ལས་སྒོ་འདུ།

རིགས་དབྱེ།  

ཚོང་ལས་ཆ་འཕྲིན།

སྒྲ་ཡངས་འཇུག་ཏུ། ཚོང་ལས་ཆ་འཕྲིན་ནི་ཚོང་ལས་དཔལ་འབྱོར་བྱེད་སྒོའི་གནས་ཚུལ་མཚོན་པ་དང་། ཚོང་ཟོག་བརྗེ་རེས་དང་དོ་དམ་དང་འབྲེལ་བའི་ཆ་འཕྲིན་སྣ་ཚོགས་དང་། གཞི་གྲངས། གསང་འཕྲིན་དང་དཔྱད་གཞིའི་ཡིག་རིགས་ཀྱི་སྤྱི་མིང་དུ་སྤྱོད་པ་ཡིན། སྒྲ་དོག་འཇུག་ཏུ། ཚོང་ལས་ཆ་འཕྲིན་ནི་ཐད་ཀར་ཚོང་ཟོག་ཉོ་ཚོང་གི་བྱེད་སྒོའི་ཁྱད་ཆོས་དང་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་མཚོན་པའི་ཆ་འཕྲིན་སྣ་ཚོགས་དང་གསང་འཕྲིན། དཔྱད་གཞིའི་ཡིག་རིགས་ཀྱི་སྤྱི་མིང་ཡིན།

རིགས་དབྱེ།  

གློག་རྡུལ་ཚོང་དོན།

གློག་རྡུལ་ཚོང་དོན་ནི་ཆ་འཕྲིན་དྲ་རྒྱའི་ལག་རྩལ་གྱི་བྱེད་ཐབས་དང་། ཚོང་ཟོག་བརྗེ་རེས་ལྟེ་གནས་བྱས་པའི་ཚོང་དོན་བྱེད་སྒོ་སྟེ། ཡང་ན། སྦྲེལ་རེས་དྲ་རྒྱ་དང་ཁེ་ལས་ནང་ཁུལ་གྱི་དྲ་རྒྱ། གནས་ཐང་འཕར་བའི་དྲ་བའི་སྟེང་དང་། དེ་བཞིན་གློག་རྡུལ་ཉོ་ཚོང་རྣམ་པའི་ཉོ་ཚོང་བྱེད་སྒོ་སྤེལ་བ་དང་འབྲེལ་ཡོད་ཀྱི་ཞབས་ཞུའི་བྱེད་སྒོ་ཡིན་པ་དང་། སྲོལ་རྒྱུན་ཚོང་ལས་བྱེད་སྒོའི་ལྷུ་ཚིགས་སོ་སོའི་གློག་རྡུལ་ཅན་དང་དྲ་རྒྱ་ཅན། ཆ་འཕྲིན་ཅན་བཅས་ཡིན། གློག་རྡུལ་ཚོང་དོན་ལ་རིགས་དབྱེ་ན། ABC、B2B、B2C、C2C、B2M、M2C、B2A(དེ་ནིB2G)、C2A(དེ་ནིC2G)、O2Oསོགས་ཡོད།

རིགས་དབྱེ།  

p2p

p2p(སྦྲེལ་རེས་དྲ་རྒྱའི་དངུལ་རྩའི་ཚེག་ནས་ཚེག་གི་བུ་ལོན་གཏོང་ལེན་ལས་སྟེགས)ནི་དབྱིན་ཡིག་གིpeer-to-peerཡི་བསྡུས་བྲིས་ཡིན་ལ། ཚེག་ནས་ཚེག་གི་དྲ་རྒྱའི་དངུལ་གཡར་བ་ཡང་ཟེར། དེ་ནི་གྲངས་ཉུང་མ་དངུལ་འདུ་འཛོམས་བྱས་ནས་མ་དངུལ་དགོས་མཁོ་ཆེ་བའི་མི་ཚོགས་ལ་བུ་ལོན་གཏོང་ལེན་བྱེད་པའི་དམངས་ཁྲོད་ཀྱི་གྲངས་ཉུང་མ་དངུལ་གྱི་བུ་ལོན་གཏོང་ལེན་བྱེད་སྟངས་ཤིག་རེད། p2pལ་ད་དུང་སྔར་ལས་ཁྱབ་རྒྱ་ཆེ་བའི་གོ་དོན་ཞིག་ཡོད། སྤྱི་ཁྱབ་ཏུ་སྦྲེལ་རེས་དྲ་རྒྱའི་དངུལ་རྩ་དང་སྤོ་སྒུལ་སྦྲེལ་རེས་དྲ་རྒྱའི་ལག་རྩལ་ཀྱི་ཡིད་རྟོན་དངུལ་བུན་ལས་སྟེགས་དང་། དེ་བཞིན་འབྲེལ་ཡོད་ནོར་དོན་དོ་དམ་གྱི་བྱ་སྤྱོད་དང་དངུལ་རྩའི་ཞབས་ཞུ་ལ་ཟེར།

རིགས་དབྱེ།  

རྩ་གཉིས་ཨང་ཏར།

རྩ་གཉིས་ཨང་ཏར(2-dimensional bar code)ནི་དམིགས་བསལ་གྱི་དབྱིབས་རྩིས་རིས་དབྱིབས་རིགས་ཤིག་ཆོས་ཉིད་ངེས་ཅན་ལ་བརྟེན་ནས་སྙོམས་ངོས(རྩ་གཉིས་ཀྱི་ཁ་ཕྱོགས་ཐད)ཁྱབ་ཚུལ་གྱི་དཀར་ནག་སྤེལ་མའི་རིས་དབྱིབས་ཏེ་གཞི་གྲངས་རྟགས་ཀྱི་ཆ་འཕྲིན་ཟིན་ཐོར་འགོད་བྱེད་ཡིན། ཚབ་ཨང་སྒྲིག་བཟོའི་ཐོག་ཏུ་ཐབས་མཁས་ཀྱིས་རྩིས་འཁོར་ནང་ཁུལ་གྱི་གཏན་ཚིག་རྨང་གཞི་གྲུབ་བྱེད་ཀྱི“0”དང“1”པི་ཐི་ལིའུ་ཡི་གོ་དོན་སྤྱད་དེ། གཉིས་གོང་འགྲིལ་ལུགས་དང་ལྟོས་བཅས་ཀྱི་དབྱིབས་རྩིས་ཆགས་ཚུལ་ཁ་ཤས་ལ་བརྟེན་ནས་ཡི་གེ་གྲངས་ཐང་ཆ་འཕྲིན་མཚོན་པར་བྱས་པ་དང་། བརྙན་རིས་ནང་འཇུག་སྒྲིག་ཆས་སམ་ཡང་ན་འོད་གློག་བཤར་འབེབས་སྒྲིག་ཆས་རང་འགུལ་ངོས་འཛིན་ཀློག་འདོན་ལ་བརྟེན་ནས་ཆ་འཕྲིན་རང་འགུལ་སྒྲིག་གཅོད་མངོན་འགྱུར་བྱེད་པ་དང་། དེར་ཨང་ཤར་ལག་རྩལ་གྱི་ཐུན་མོང་གི་ཁྱད་ཆོས་ཁ་ཤས་འདུག་ལ། ཨང་ལུགས་སོ་སོར་དེའི་དམིགས་བསལ་གྱི་ཡིག་རྟགས་ཚོགས་སྤྱི་ཡོད་པ་དང་། ཡིག་རྟགས་རེ་རེས་ཞེང་ཚད་ངེས་ཅན་བཟུང་ཡོད། དག་བཤེར་བྱེད་ནུས་ངེས་ཅན་ལྡན་པ་བཅས་སོ།།

རིགས་དབྱེ།