ཡོངས་འཛིན་རིག་མཛོད། >ལག་རྩལ། >དྲ་རྒྱ། >གཤོང་ཆེ་དྲ་རྒྱ།

དབྱིན་ཐེ་དྲ་རྒྱའི་སྤྱི་བཤད།

དབྱིན་ཐེ་དྲ་རྒྱ་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་དྲ་རྒྱ་ཞིག་ཡིན། གོམ་སྲོལ་ལྟར་ན་ང་ཚོས་དབྱིན་ཐེ་དྲ་རྒྱ་རུ་སྦྲེལ་བའི་རྩིས་འཁོར་ལ་གཙོ་འཁོར(host)ཞེས་ཟེར་ལ། པར་རིས་སུ་དབྱིན་ཐེ་དྲ་རྒྱ་སྤྲིན་ཞིག་གིས་མཚོན་གྱིན་ཡོད་ཅིང་། མཚོན་ཐབས་འདི་ཡིས་གཙོ་འཁོར་ཡོད་ཚད་དྲ་རྒྱའི་ཕྱི་ལོགས་སུ་བྲིས་ནས་དྲ་རྒྱའི་ནང་ཁུལ་གྱི་གནད་དོན་ཞིབ་ཕྲ་དག་བསྡུས་པ་ཡིན། དེ་བས་ང་ཚོས་གཞི་རྩའི་གོ་དོན་འདི་འདྲ་ཞིག་ཡིད་ལ་ངེས་དགོས་ཏེ། དྲ་རྒྱས་རྩིས་འཁོར་མང་པོ་ཞིག་མཉམ་དུ་སྦྲེལ་ཡོད་ལ། དབྱིན་ཐེ་དྲ་རྒྱས་དྲ་རྒྱ་མང་བོ་ཞིག་མཉམ་དུ་སྦྲེལ་ཡོད། དོ་སྣང་བྱེད་རྒྱུ་ཞིག་ལ་དབྱིན་ཐེ་དྲ་རྒྱས་རྩིས་འཁོར་འདི་དག་དངོས་ལུགས་བང་རིམ་གྱི་ངོས་ནས་སླ་མོར་ངང་སྦྲེལ་མཐུད་བྱས་པ་མིན་ལ། དེ་ཉིད་གཞི་བྱས་ནས་རྩིས་འཁོར་དུ་ཆ་འཕྲིན་བརྗེ་བྱེད་ཀྱི་མཉེན་ཆས་སྒྲིག་འཇུག་བྱས་ཚེ་རྩིས་འཁོར་འདི་དག་གིས་ད་གཟོད་དྲ་རྒྱ་སྤྱད་ནས་ཆ་འཕྲིན་བརྗེ་རེས་བྱེད་ནུས་སོ།།

རིགས་དབྱེ།  

ཡ་ཧུའུ།

ཡ་ཧུའུ(Yahoo)ནི་ཨ་རིའི་སྐད་གྲགས་ཅན་གྱི་སྦྲེལ་རེས་དྲ་རྒྱའི་དྲ་ཚིགས་ཤིག་ཡིན་ལ། དུས་རབས20པའི་སྨད་དུ་སྦྲེལ་རེས་དྲ་རྒྱའི་ངོ་མཚར་གྱི་གསར་གཏོད་པའི་གྲས་ཀྱི་གཅིག་ཡིན། དེའི་ཞབས་ཞུའི་ནང་དུ་འཚོལ་བཤེར་མ་ལག་དང་གློག་སྦྲག་གསར་འགྱུར་སོགས་དང་། ལས་སྒོ་རྒྱལ་ཁབ24དང་ས་ཁུལ་ཡོངས་སུ་ཁྱབ་པ་དང་། འཛམ་གླིང་སྟེང་གི་དུང་ཕྱུར་ལྔ་ལས་བརྒལ་བའི་རང་ཚུགས་ཅན་གྱི་སྤྱོད་མཁན་ལ་སྣ་མང་ཅན་གྱི་དྲ་རྒྱའི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད།

རིགས་དབྱེ།  

ཀྲུང་གོའི་ཡ་ཧུའུ།

ཡ་ཧུའུ་ནི་འཛམ་གླིང་སྟེང་གི་ཐོག་མའི་འཚོལ་བཤེར་དྲ་ཚིགས་ཡིན་པ་དང་ལས་སྒོ་རྒྱལ་ཁབ24དང་ས་ཁུལ་ལ་རྒྱ་ཁྱབ་ཏུ་སོང་ཡོད་པ་རེད། འཛམ་གླིང་གི་རང་ཚུགས་ཅན་གྱི་སྤྱོད་མཁན་དུང་ཕྱིར་ལྔ་ལས་བརྒལ་ཞིང་སྣ་མང་ཅན་གྱི་དྲ་རྒྱའི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད། 1999ལོའི་ཟླ9པར། ཀྲུང་གོའི་ཡ་ཧུའུ་དྲ་ཚིགས་ཤར་གཏོང་བྱས་པ་དང་། 2005ལོའི་ཟླ8པར། ཀྲུང་གོའི་ཡ་ཧུའུ་ཨ་ལི་པ་པ་ཚོགས་པས་མ་རྩ་ཡོངས་ཕུལ་ནས་ཉོ་སྒྲུབ་བྱས། ཀྲུང་གོའི་ཡ་ཧུའུ་ཡིས་གསར་གཏོད་རང་བཞིན་གྱིས་འཛམ་གླིང་གི་སྔོན་ཐོན་གྱི་སྦྲེལ་རེས་དྲ་རྒྱའི་ལག་རྩལ་དང་ཀྲུང་གོའི་ས་གནས་ཀྱི་གཉེར་སྐྱོར་ཟུང་འབྲེལ་བྱས་ཏེ། ཀྲུང་གོའི་སྦྲེལ་རེས་དྲ་རྒྱའི་ལས་རིགས་མདུན་གྲས་སུ་སླེབས་པའི་འཚོལ་བཤེར་མ་ལག་སྡེ་ཁུལ་དང་འཕྲིན་གཏོང་ཞབས་ཞུ་མཁོ་འདོན་དུ་གྲུབ་པ་དང་། ཀྲུང་གོའི་ཡ་ཧུའུ་ཡིས་དུས་རྒྱུན་དུ་གསར་གཏོད་དང་མི་གཤིས་ཕྱོགས་ཡོངས་ཀྱི་དྲ་རྒྱའི་ཉེར་སྤྱོད་ལ་ཧུར་བརྩོན་བྱས་ནས། དུང་ཕྱུར་ཁྲི་ཡི་རྒྱ་ཡིག་གི་སྤྱོད་མཁན་ལ་རིན་ཐང་ཆེས་ཆེ་བའི་འཚོལ་བའི་ཉམས་ལེན་བསྐྱལ་ཡོང་བ་དང་། ཀྲུང་གོའི་སྦྲེལ་རེས་དྲ་རྒྱའི“འཚོ་བའི་སྒུལ་ཤུགས”དུ་གྱུར་བ།

རིགས་དབྱེ།  

གྲོང་ཚོ་ཀུན་ཁྱབ།

“གྲོང་ཚོ་ཀུན་ཁྱབ”ནི་རྒྱལ་ཁབ་ཀྱི་མ་ལག་ལས་གྲྭ་ཞིག་ཡིན་ཞིང་། དེའི་ནང་དུ་གཞུང་ལམ་དང་གློག་ཤུགས། འཚོ་བ། འཐུང་ཆུ། ཁ་པར་དྲ་བ། སྐུད་ཡོད་བརྙན་འཕྲིན་དྲ་བ། སྦྲེལ་དྲ་སོགས་འདུ།

རིགས་དབྱེ།