ཡོངས་འཛིན་རིག་མཛོད། >ལག་རྩལ། >དྲ་རྒྱ། >གཞན་དག

ཡིག་ཚགས།

ཡིག་ཚགས་ནི་མཉེན་ཆས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་ནང་གི་དགོས་ངེས་ཀྱི་དཔྱད་གཞིའི་ཡིག་ཆ་ཡིན།

རིགས་དབྱེ།  

གསར་འགྱུར་ཚོ་ཆུང་།

གསར་འགྱུར་ཚོ་ཆུང་ནི་མདོར་བསྡུས་ནས་བཤད་ན། དེ་ནི་དྲ་རྒྱ་ལ་བརྟེན་པའི་རྩིས་འཁོར་གྱི་སྡེབ་སྒྲིག་ཞིག་ཡིན། རྩིས་འཁོར་འདི་དག་ལ་གསར་འགྱུར་ཞབས་ཞུ་ཆས་ཞེས་འབོད། སྤྱོད་མཁན་མི་འདྲ་བ་མཉེན་ཆས་ཁ་ཤས་ལ་བརྟེན་ནས་ཞབས་ཞུ་ཆས་ཀྱི་སྟེང་དུ་མཐུད་ཐུབ་ལ། མི་གཞན་གྱི་གནས་ཚུལ་ཀློག་འདོན་བྱེད་ཆོག་པ་མ་ཟད། གྲོས་བསྡུར་ནང་དུ་ཞུགས་ཆོག གསར་འགྱུར་ཚོ་ཆུང་ནི་ཆ་ཚང་བའི་སྣོལ་རེས་ཚུལ་གྱི་རིམ་བརྒལ་གློག་རྡུལ་གླེང་སྟེགས་ཞིག་ཡིན་པ་དང་། དྲ་རྒྱ་སྤྱོད་མཁན་གང་རུང་གྱིས་ཕན་ཚུན་སྤེལ་རེས་ཐུབ་པའི་ལག་ཆ་ཞིག་ཡིན།

རིགས་དབྱེ།  

དྲ་ངོས་ཇུས་འགོད།

དྲ་ངོས་ཇུས་འགོད་ནི་ཁེ་ལས་ཀྱི་རེ་བར་གཞིགས་ནས་མིག་བཤར་མཁན་ལ་བརྒྱུད་སྤྲོད་བྱས་པའི་ཆ་འཕྲིན་སྟེ(དེའི་ནང་དུ་ཐོན་རྫས་དང་ཞབས་ཞུ། འདུ་ཤེས། རིག་གནས།)དྲ་ཚིགས་ཀྱི་བྱེད་ལས་ཇུས་འགོད་དང་། དེ་ནས་ལྡེབ་ངོས་ཇུས་འགོད་མཛེས་བཟོ་བྱེད་པ་ཡིན།

རིགས་དབྱེ།  

རྒྱུན་སྨྱན་གཟུགས།

རྒྱུན་སྨྱན་གཟུགས་ཞེས་པ་ནི་རྒྱུན་ཐབས་ཀྱི་བརྒྱུད་གཏོང་ཐབས་སྤྱད་ནསInternetཡིས་ཁྱབ་གཏོང་བྱས་པའི་སྨྱན་གཟུགས་ཀྱི་རྣམ་གཞག་ཡིན་ལ། རྒྱུན་སྨྱན་གཟུགས་ལ་རྒྱུན་ཐབས་སྨྱན་གཟུགས་ཀྱང་ཟེར།

རིགས་དབྱེ།  

མཁོ་མཁན་སྣེ།

མཁོ་མཁན་སྣེ(Client)འམ་ཡང་ན་སྤྱོད་མཁན་སྣེ་ནི་ཞབས་ཞུ་ཆས་ལ་ལྟོས་བཅོས་བྱས་པའི་མཁོ་མཁན་ལ་རང་སའི་ཞབས་ཞུ་འདོན་སྤྲོད་བྱེད་པའི་བྱ་རིམ་ཞིག་ཡིན།

རིགས་དབྱེ།  

བསྒར་ལྷུ།

བསྒར་ལྷུ་ནི་ཚད་གཞི་ངེས་ཅན་ལ་བརྩི་སྲུང་བྱེད་པའི་ཉེར་སྤྱོད་བྱ་རིམ་མཐུད་ཁ་རྩོམ་སྒྲིག་བྱས་ནས་ཐོན་པའི་བྱ་རིམ་ཞིག་ཡིན།

རིགས་དབྱེ།  

HTMLཡིག་ཆ།

རིམ་བརྒལ་བཀོད་རྟགས་སྐད་བརྡའམ་ཡང་ན་རིམ་བརྒལ་ཡིག་དེབ་སྦྲེལ་མཐུད་བཀོད་རྟགས་སྐད་བརྡHTML(HyperText Mark-up Language)ནི་ཝན་ཝེ་དྲ་རྒྱའི་དྲ་ངོས་བཟོ་བའི་ཚད་ལྡན་སྐད་བརྡ་ཡིན་ལ། ཝན་ཝེ་དྲ་རྒྱའི་བཤར་ཆས་ཀྱིས་སྤྱོད་པའི་སྐད་བརྡ་ཞིག་ཡིན། དེས་རིགས་མི་འདྲ་བའི་རྩིས་འཁོར་བར་གྱི་ཆ་འཕྲིན་སྤེལ་རེས་ཀྱི་འགལ་རྐྱེན་མེད་པར་བཏང་ཡོད། དེ་ནི་མིག་སྔར་དྲ་རྒྱའི་སྟེང་དུ་ཉེར་སྤྱོད་ཁྱབ་རྒྱ་ཆེས་ཆེ་བའི་སྐད་བརྡ་ཞིག་ཡིན་ལ། དྲ་ངོས་ཡིག་ཚགས་གྲུབ་བྱེད་ཀྱི་སྐད་བརྡ་གཙོ་བོ་ཡང་ཡིན། HTMLཡིག་ཆ་ནིHTMLབཀའ་བརྡས་གྲུབ་པའི་ཞིབ་བརྗོད་རང་བཞིན་གྱི་ཡིག་དེབ་ཞིག་ཡིན་ལ། HTMLབཀའ་བརྡས་ཡི་གེ་དང་རིས་དབྱིབས། འགུལ་རིས། སྒྲ། རེའུ་མིག་དང་སྦྲེལ་མཐུད་སོགས་གསལ་བཤད་བྱེད་ཐུབ། HTMLཡིག་ཆའི་གྲུབ་ཚུལ་ལ་མགོ(Head)དང(Body)སྙིང་པོ་གཉིས་ཡིན། དེའི་ནང་གི་མགོ་ཞེས་པས་བཤར་ཆས་ལ་མཁོ་བའི་ཆ་འཕྲིན་ཞིབ་བརྗོད་བྱས་ཡོད་པ་དང་། སྙིང་བོ་ཡི་ནང་དུ་གསལ་བཤད་བྱ་དགོས་པའི་ཞིབ་ཕྲའི་ནང་དོན་འདུས་ཡོད།

རིགས་དབྱེ།  

དངོས་ལུགས་བང་རིམ།

འདིར་ཐོག་མར་དངོས་ལུགས་བང་རིམ་གྱི་རྩ་བའི་སྤྱི་དོན་འགའ་དང་། གཞི་གྲངས་འཕྲིན་གཏོང་གི་སྤྱི་དོན་གལ་ཆེན་འགའ། དེ་ནས་འཕྲིན་ལམ་བསྐྱར་སྤྱོད་ཀྱི་ལག་རྩལ་དུ་མ་དང་། གྲངས་ཀ་སྐྱེལ་འདྲེན་མ་ལག་སོགས་རིམ་བཞིན་ངོ་སྤྲོད་དང་བགྲོ་གླེང་བྱས་ཏེ། མཐའ་མར་ཐགས་ཡངས་ཡར་སྦྲེལ་ལག་རྩལ་ངོ་སྤྲོད་བྱས་ཏེ་མཇུག་སྒྲིལ་བ་ཡིན།

རིགས་དབྱེ།  

གཞི་གྲངས་སྦྲེལ་ལམ་བང་རིམ།

གཞི་གྲངས་སྦྲེལ་ལམ་བང་རིམ་ནི་རྩིས་འཁོར་དྲ་རྒྱའི་བང་རིམ་དམའ་བར་གཏོགས་ལ། དེར་སྤྱོད་པའི་འཕྲིན་ལམ་གཙོ་བོ་གཤམ་གྱི་རིགས་གཉིས་ཏེ། དང་པོ། ཚེག་ནས་ཚེག་གི་འཕྲིན་ལམ། འཕྲིན་ལམ་འདིའི་རིགས་ལ་གཅིག་གིས་གཅིག་ཡིན་པའི་ཚེག་ནས་ཚེག་གི་འཕྲིན་གཏོང་ཐབས་སྤྱོད་པ་ཡིན། གཉིས་པ། ཁྱབ་བསྒྲགས་འཕྲིན་ལམ། འཕྲིན་ལམ་འདིའི་རིགས་ལ་གཅིག་གིས་མང་པོར་བསྒྲགས་པའི་ཁྱབ་བསྒྲགས་འཕྲིན་གཏོང་ཐབས་ལམ་སྤྱོད་ཀྱིན་པས་བརྒྱུད་རིམ་ལ་རྙོག་འཛིན་ཅུང་ཆེ། ཁྱབ་བསྒྲགས་འཕྲིན་ལམ་ལ་གཙོ་འཁོར་མང་དུ་སྦྲེལ་ཡོད་པས། ངེས་པར་དུ་ཆེད་བཀོལ་གྱི་མཉམ་སྤྱོད་འཕྲིན་ལམ་གྲོས་མཐུན་ལ་བརྟེན་ནས་གཙོ་འཁོར་དག་གི་གཞི་གྲངས་སྐྱེལ་གཏོང་གི་སྡེབ་བསྒྲིག་དགོས།

རིགས་དབྱེ།  

དྲ་རྒྱའི་བང་རིམ།

འདིར་དྲ་རྒྱའི་བརྒྱུད་སྦྲེལ་སྐོར་ལ་གྲོས་གླེང་དང་། དེ་མིན་དྲ་རྒྱ་མང་དག་ཅིག་ལམ་སྟོན་ཆས་ལ་བརྟེན་ནས་བརྒྱུད་སྦྲེལ་བྱས་ནས་གྲུབ་པའི་དྲ་རྒྱ་དེ་རིགས་ཀྱི་གནད་དོན་ཁ་ཤས་ལ་གྲོས་གླེང་བྱ། དྲ་རྒྱའི་བང་རིམ་ནས་མཁོ་འདོན་བྱས་པའི་ཞབས་འདེགས་རྣམ་གྲངས་མི་འདྲ་བ་གཉིས་ངོ་སྤྲོད་བྱས་རྗེས། ནང་དོན་གཙོ་བོ་དྲ་རྒྱའི་གྲོས་མཐུནIPསྟེ་སྐབས་འདིའི་ནང་དོན་གཙོ་བོ་འདི་ལ་གྲོས་གླེང་བྱ། IPགྲོས་མཐུན་གྱི་ནང་དོན་ཐད་ངོས་འཛིན་ཅུང་ཟབ་ཙམ་བྱས་ན་དབྱིན་ཐེ་དྲ་རྒྱའི་གང་འདྲ་བྱས་ནས་ལས་ཀ་བྱེད་ཀྱིན་ཡོད་པ་གཞི་ནས་རྟོགས་ཐུབ། འདིར་ད་དུང་དྲ་རྒྱའི་ཚད་འཛིན་ཚགས་ཡིག་གྲོས་མཐུནICMPདང་། རྒྱུན་སྤྱོད་ལམ་སྟོན་གདམ་གསེས་གྲོས་མཐུནIPམང་བསྒྲགས་ཀྱི་དོན་སྤྱི་བཅས་ལ་གྲོས་གླེང་བྱེད་རྒྱུ་དང་། མཇུག་ཏུ་ལྟར་སྣང་གི་ཆེད་སྤྱོད་དྲ་རྒྱVPNདང་། དྲ་རྒྱའི་གནས་བསྒྱུར་བNATངོ་སྤྲོད་རག་ཙམ་བྱ།

རིགས་དབྱེ།  

སྐྱེལ་འདྲེན་བང་རིམ།

སྐྱེལ་འདྲེན་བང་རིམ་ནི་དྲ་རྒྱའི་མ་ལག་སྒྲིག་གཞི་ལས་འགངས་ཆེ་བའི་བང་རིམ་ཞིག་ཡིན་ལ། འདིར་བརྗོད་བྱར་གྱུར་བ་ནིTCP/IPམ་ལག་གི་སྐྱེལ་འདྲེན་བང་རིམ་དུ་འབྱུང་བའི་གྲོས་མཐུན་ཆེ་བ་གཉིས་ཏེ། UDPདངTCPཡིན། དེ་ལས་རྗེས་མ་ཤིན་ཏུ་རྙོག་འཛིང་ཆེ་བས། རྣམ་པའི་དཔེ་རིས་སོགས་ལ་གོ་རྟོགས་ཟབ་མོ་ལོན་དགོས།

རིགས་དབྱེ།  

ཉེར་སྤྱོད་བང་རིམ།

ཉེར་སྤྱོད་བྱ་རིམ་གྱིས་ཉེར་སྤྱོད་བང་རིམ་གྱི་གྲོས་མཐུན་ག་འདྲ་བེད་སྤྱོད་བྱས་ཏེ་འཕྲིན་གཏོང་ཞབས་ཞུ་སྒྲུབ་པ་བརྗོད་པར་བྱ། ཉེར་སྤྱོད་བང་རིམ་གྱི་གྲོས་མཐུན་རེས་གནད་དོན་ཁག་ཅིག་ཐག་གཅོད་བྱེད་ལ། གནད་དོན་ཞིག་ཐག་གཅོད་བྱེད་པར་གཙོ་འཁོར་མི་འདྲ་བའི་ཉེར་སྤྱོད་བྱ་རིམ་སྣ་མང་བར་གྱི་འཕྲིན་གཏོང་དང་དེ་དག་གི་ཐུན་མོང་འགྲིག་མཐུན་གྱི་བྱེད་ལས་ལྡན་དགོས། ཉེར་སྤྱོད་བང་རིམ་གྱི་ནང་དོན་ནི་ཉེར་སྤྱོད་བྱ་རིམ་གྱིས་འཕྲིན་གཏོང་བྱེད་སྐབས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་གྲོས་མཐུན་དག་ཡིན། བང་རིམ་འདིས་གྲོས་མཐུན་མང་ཆེ་བ་ནི་བདག་མགྲོན་རྣམ་པ་ཅན་དུ་ཁེལ་ཞིང་། མགྲོན་ཕྱོགས་ནི་ཞབས་ཞུ་སློང་མཁན་དང་བདག་ཕྱོགས་ནི་ཞབས་ཞུ་སྦྱིན་མཁན་ལ་གོ་དགོས། ཐོག་མར་གྲོས་མཐུན་མང་པོས་སྤྱོད་ཡུལ་དུ་གྱུར་བའི་ཁོངས་མིང་མ་ལག་བརྗོད་པ་དང་། ཡིག་ཆའི་སྐྱེལ་གཏོང་གྲོས་མཐུན་དང་རྒྱང་རིང་ཐོ་འཇུག་གྲོས་མཐུན་ངོ་སྤྲོད་བྱས་རྗེས། ཝན་ཝེ་དྲ་རྒྱའི་ལས་བྱེད་རིགས་ལམ་དང་གྲོས་མཐུན་གཙོ་བོར་རྒྱས་བཤད་བྱེད་པ་འདིར་གཙོ་གནད་དུ་གྱུར་ཡོད། མཇུག་ཏུ་སྤྱོད་མཁན་གྱིས་རྒྱུན་པར་བཀོལ་སྤྱོད་གནང་བའི་གློག་རྡུལ་ཡིག་སྐུར་དང་དྲ་རྒྱ་དོ་དམ་ཕྱོགས་ཀྱི་གནད་དོན་སོགས་ལ་ངོ་སྤྲོད་རགས་ཙམ་བྱ། རྒྱས་པར[COME04][COME06] [TANE03]དང་འབྲེལ་ཡོད་ཀྱི་ཚད་གཞིའི་ཡིག་ཆར་བལྟ་ཀློག་བྱས་ཆོག

རིགས་དབྱེ།  

དྲ་རྒྱའི་བདེ་འཇགས།

རྩིས་འཁོར་དྲ་རྒྱའི་འཕེལ་རྒྱས་དང་བསྟུན་ཏེ་དྲ་རྒྱ་བདེ་འཇགས་ཀྱི་གནད་དོན་ཡང་ཉིན་བཞིན་ཛ་དྲག་ཏུ་གྱུར་ཡོད། སྤྱི་ཚོགས་ཀྱི་ལས་གནས་དང་ཚན་ཁག་སོགས་ཕྱོགས་གང་མང་ནས་དྲ་རྒྱ་བེད་སྤྱོད་བྱེད་པ་ཡིན་པས། དྲ་རྒྱ་རུ་ཉར་ཚགས་སམ་ཡང་ན་སྐྱེལ་གཏོང་བྱེད་པའི་གཞི་གྲངས་དག་ལ་སྲུང་སྐྱོབ་བྱེད་དགོས། རྩིས་འཁོར་བདེ་འཇགས་ནི་ཆེད་ལས་ཚན་ཁག་གཞན་ཞིག་ཏུ་གཏོགས་པ་ཡིན་ཕྱིར། འདིར་དེའི་ཕྱོགས་ཀྱི་ནང་དོན་རགས་ཙམ་ངོ་སྤྲོད་བྱ།

རིགས་དབྱེ།  

སྐུད་མེད་དྲ་རྒྱ།

རྒྱལ་སྤྱིའམ་རྒྱལ་ནང་གི་གནས་ཚུལ་གང་ཡིན་རུང་། སྐུད་མེད་སྦྲང་ཚང་ཁ་པར་འཕྲིན་གཏོང་གི་ལག་རྩལ་འཕེལ་རྒྱས་ཤིན་ཏུ་མགྱོགས། ཉེ་བའི་ལོ་བཅུ་ཁའི་རིང་ལ། སྒུལ་སྤྱོད་ཁ་པར་གྱི་ཁ་གྲངས་ནི་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་པའི་སྒུལ་མེད་ཁ་པར་གྱི་ཁ་གྲངས་ལས་བརྒལ་ཡོད། ཆ་འཕྲིན་ཐོན་ལས་པུའུ་ཡིས་བསྡོམས་རྩིས་ལྟར། སྤྱི་ལོ2007ལོའི་དུས་ཚིགས་དང་པོའི་བར་དུ། རང་རྒྱལ་གྱི་སྒུལ་སྤྱོད་ཁ་པར་ཁ་གྲངས་ནི་དུང་ཕྱུར4.8ཡིན་ལ། སྒུལ་མེད་ཁ་པར་གྱི་ཁ་གྲངས་དུང་ཕྱུར3.7ལས་བརྒྱ་ཆའི་སུམ་ཅུས་འཕར་ཡོད། འདིས་མིག་སྔར་མི་ཚང་མས་སྒུལ་སྤྱོད་ཁ་པར་སྤྱོད་པའི་འདུན་པ་དྲག་ཏུ་ཆེ་བ་མཚོན་ཡོད། སྒུལ་སྤྱོད་ཁ་པར་གྱི་འདུན་པ་དེ་རྩིས་འཁོར་དྲ་རྒྱ་རུ་འབྱུང་ངེས་ཤིང་། འཁྱེར་བདེ་འཕྲུལ་ཆས་དང་མི་སྒེར་གྱི་གྲངས་ཡིག་ལས་རོགས་སོགས་རྒྱ་ཆེར་སྤྱད་པ་ལས་སྐུད་མེད་རྩིས་འཁོར་དྲ་རྒྱ་ཡང་རིམ་བཞིན་དར་ཁྱབ་ཅན་དུ་འགྱུར་བཞིན་ཡོད། འདིའི་གླེང་བྱ་གཙོ་བོ་ནི་སྐུད་མེད་ཁྱབ་ཆུང་དྲ་རྒྱ་ཡིན་ལ། སྐུད་མེད་ཁྱབ་ཆུང་དྲ་རྒྱའིMACབང་རིམ་གྱི་གྲོས་མཐུནCSMA/CAཡི་ལས་བྱེད་རིགས་ལམ་ནི་གནད་དོན་འགངས་ཆེན་དུ་རྩིས་ཡོད།

རིགས་དབྱེ།  

དབྱིན་ཐེ་དྲ་རྒྱའི་སྒྲ་བརྒྱུད་དང་བརྙན་བརྒྱུད་ཞབས་ཞུ།

འདིར་ཐོག་མར་དབྱིན་ཐེ་དྲ་རྒྱའི་སྒྲ་བརྒྱུད་དང་བརྙན་བརྒྱུད་ཞབས་ཞུ་སྤྱི་བཤད་ཅིག་བྱས་རྗེས། སྒྲ་བརྒྱུད་དང་བརྙན་བརྒྱུད་བཞུར་རྒྱུན་གྱི་སྨྱན་གཟུགས་ཞབས་ཞུ་ཆས་དང་དུས་ཐོག་བཞུར་རྒྱུན་གྲོས་མཐུནRTSPདང་། གཞནIPཁ་པར་དཔེར་བྱས་ཏེ་བརྗེ་རེས་རྣམ་པའི་སྒྲ་བརྒྱུད་དང་བརྙན་བརྒྱུད་དུ་བཀོལ་བའི་གྲོས་མཐུན་འགའ་སྟེ་དུས་ཐོག་སྐྱེལ་གཏོང་གྲོས་མཐུནRTPདང་། དུས་ཐོག་སྐྱེལ་གཏོང་ཚོད་འཛིན་གྲོས་མཐུནRTP H.323དང་ཁ་བརྡ་མགོ་འཛུགས་གྲོས་མཐུནSIPསོགས་ངོ་སྤྲོད་བྱེད་པར་བྱ།

རིགས་དབྱེ།  

དྲ་རྒྱ།

དྲ་རྒྱ་ནི་ཚིགས་ཚེག་དང་སྦྲེལ་ཐིག་གིས་གྲུབ་པ་དང་། བྱ་ཡུལ་མང་པོ་ཕན་ཚུན་འབྲེལ་བ་མཚོན་པར་བྱས་ཡོད། རྩིས་རིག་ཐད་ནས་གླེང་ཚེ། དྲ་རྒྱ་ནི་རི་མོ་ཞིག་ཡིན་ལ། སྤྱིར་བཏང་དུ་ཆེད་མངགས་དབང་སྣོན་རི་མོ་ལ་ངོས་འཛིན་བྱེད་པ་དང་། དྲ་རྒྱར་རྩིས་རིག་གི་མཚན་ཉིད་ལས་གཞན་ད་དུང་དངོས་ལུགས་ཀྱི་ཞིབ་ཕྲའི་གོ་དོན་ཡང་ཡོད། དྲ་རྒྱ་ནི་རིགས་དབྱིབས་གཅིག་མཚུངས་ཡིན་པའི་གནད་དོན་དངོས་ཀྱི་ཁྲོད་དུ་སྤྱི་མཚན་དུ་གྱུར་པའི་དཔེ་དབྱིབས་ཤིག་ཡིན། རྩིས་འཁོར་ཁྱབ་ཁོངས་ནང་དུ། དྲ་རྒྱ་ནི་ཆ་འཕྲིན་བརྒྱུད་གཏོང་དང་བསྡུ་ལེན། མཉམ་སྤྱོད་བྱེད་པའི་རྟོག་བཟོའི་ལས་ཁྲི་ཞིག་ཡིན་པ་དང་། དེ་བརྒྱུད་ནས་ཚེག་དང་ངོས། གཟུགས་སོགས་ཀྱི་ཆ་འཕྲིན་གཞི་གཅིག་ཏུ་འབྲེལ་བ་བྱས་ཤིང་། དེ་བས་ཐོན་ཁུངས་འདི་དག་གི་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱུང་བ་རེད། དྲ་རྒྱ་ནི་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་བྱུང་བ་ལས་ཆེས་གལ་འགངས་ཆེ་བའི་གསར་གཏོད་ཅིག་ཡིན་ལ། དེས་ཚན་རྩལ་དང་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འཕེལ་རྒྱས་མཐོར་འདེགས་སུ་བཏང་ཡོད།

རིགས་དབྱེ།  

སྐུད་ལྡན་དྲ་རྒྱ།

སྐུད་ལྡན་དྲ་རྒྱ་ནི་མདའ་གཅིག་གློག་ཐག་དང་གཅུས་སྐུད་ཟུང་མ། འོད་སྐུད་སྤྱད་ནས་འབྲེལ་མཐུད་བྱེད་པའི་རྩིས་འཁོར་དྲ་རྒྱ་ལ་ཟེར། མདའ་གཅིག་གློག་ཐག་དྲ་རྒྱ་ནི་རྒྱུན་མཐོང་གི་དྲ་སྦྲེལ་བྱེད་སྟངས་ཤིག་ཡིན་ལ། དེ་ནི་དཔལ་འབྱོར་དང་སྒྲིག་འཇུག་སྟབས་བདེ་ཞིང་། བརྒྱུད་གཏོང་ཚད་དང་གནོད་འགོག་ནུས་པ་སྤྱིར་བཏང་བ་ཡིན་པ་དང་། བརྒྱུད་གཏོང་བར་ཐག་ཅུང་ཐུང་བ་རེད། གཅུས་སྐུད་ཟུང་མའི་དྲ་རྒྱ་ནི་མིག་སྔར་ཆེས་རྒྱུན་མཐོང་ཡིན་པའི་དྲ་སྦྲེལ་བྱེད་སྟངས་ཤིག་ཡིན་པ་དང་། དེའི་རིན་གོང་དམའ་ཞིང་སྒྲིག་འཇུག་སྟབས་བདེ་བ་ཡིན་མོད། འོན་ཀྱང་གནོད་སྐྱེལ་ཐེབས་སླ་ཞིང་བརྒྱུད་གཏོང་ཚད་ཅུང་དམའ་བ་དང་། བརྒྱུད་གཏོང་བར་ཐག་ནི་མདའ་གཅིག་གློག་ཐག་ལས་ཀྱང་ཐུང་བ་ཡིན། འོད་སྐུད་ནི་འོད་འདྲེན་ཚི་སྣའི་བསྡུས་བྲིས་ཡིན་པ་དང་། འོད་དེ་ཤེལ་དང་ཡང་ན་སྤོས་འགྱིག་གིས་གྲུབ་པའི་ཚི་སྣའི་ཁྲོད་ཀྱི་ཡོངས་རྫོགས་ལྡོག་འཕྲོའི་རིགས་པས་གྲུབ་པའི་འོད་བརྒྱུད་འདྲེན་ཡོ་བྱད་ཅིག་ཡིན། དུས་རྒྱུན་འཚོ་བའི་ཁྲོད་དུ། འོད་དེ་འོད་འདྲེན་ཚི་སྣའི་བརྒྱུད་འདྲེན་ཟད་གྲོན་ནི་གློག་དེ་གློག་སྐུད་བརྒྱུད་འདྲེན་གྱི་ཟད་གྲོན་ལས་ཤིན་ཏུ་ཆུང་བ་ཡོད། དེ་བས་འོད་སྐུད་བར་ཐག་རིང་པའི་ཆ་འཕྲིན་བརྒྱུད་སྤྲོད་བྱེད་པར་སྤྱོད་པ་ཡིན། སྐུད་མེད་དྲ་རྒྱ་ནི་མཁའ་དབུགས་བརྒྱུད་གཏོང་བར་རྫས་གཙོ་བོར་བྱས་པ་དང་། གློག་སྡུད་རླབས་དང་དམར་ཕྱིའི་ཐིག་སོགས་ཐེག་གཟུགས་བྱས་པ་ལ་བརྟེན་ནས་གཞི་གྲངས་བརྒྱུད་གཏོང་བྱས་པ་དང་། དྲ་སྦྲེལ་བར་གང་ལ་དེ་འཚམ་གྱི་བྱེད་སྟངས་སྟབས་བདེ་ཡིན་མོད། འོན་ཀྱང་སྐུད་མེད་དྲ་སྦྲེལ་བྱེད་པར་འགྲོ་གྲོན་མཐོ་བ་རེད། དེར་བརྟེན་དེ་འདྲའི་ཁྱབ་གདལ་དུ་སོང་ཡོད་པ་མ་རེད།

རིགས་དབྱེ།  

ཁོངས་ཆུང་དྲ་རྒྱ།

ཁོངས་ཆུང་དྲ་རྒྱ་ནི་ས་ཁོངས་ག་གེ་མོ་ཞིག་གི་ནང་དུ་རྩིས་འཁོར་མང་པོ་སྦྲེལ་རེས་བྱས་པའི་རྩིས་འཁོར་ཚོ་སྟེ། སྤྱིར་བཏང་དུ་འཁོར་རྒྱའི་རིང་ཚད་ནི་སྨི་སྟོང་ཕྲག་ཁ་ཤས་ནང་ཚུན་ཡིན། ཁོངས་ཆུང་དྲ་རྒྱས་ཡིག་ཆ་དོ་དམ་དང་ཉེར་སྤྱོད་མཉེན་ཆས་དང་། དཔར་ཆས་སྤྱི་སྤྱོད་བྱེད་པ་དང་། ལས་ཀའི་ཚོགས་ཆུང་ནང་གི་ཉིན་རེའི་ལས་རིམ་བཀོད་སྒྲིག གློག་རྡུལ་སྦྲག་ཡིག་དང་བརྙན་སྐྱེལ་འཕྲིན་གཏོང་ཞབས་ཞུ་མངོན་འགྱུར་བྱེད་པ་སོགས་ཀྱི་བྱེད་ལས་ལྡན། ཁོངས་ཆུང་དྲ་རྒྱ་ནི་ཁ་ཟུམ་རང་བཞིན་ཅན་ཡིན་པ་དང་། གཞུང་སྒྲུབ་ཁང་ཞིག་གི་ནང་དུ་ཡོད་པའི་རྩིས་འཁོར་གཉིས་ཀྱིས་གྲུབ་ཆོག་ལ། ཡང་ན་ཀུང་སི་ཞིག་གི་ནང་དུ་ཡོད་པའི་རྩིས་འཁོར་སྟོང་ཁ་ཤས་ཀྱིས་གྲུབ་ཀྱང་ཆོག

རིགས་དབྱེ།  

དྲ་རྒྱའི་མྱུར་ཚད།

དྲ་རྒྱའི་མྱུར་ཚད་ཀྱི་བསྡུས་མིང་ལ་དྲ་འགྲོས་ཟེར་བ་དང་། གལ་ཏེ་མྱུར་ཚད་ཆེས་མགྱོགས་ན། ཕབ་ལེན་གྱི་མྱུར་ཚད་ཀྱང་མགྱོགས་པ་དང་། དྲ་ངོས་ཁ་འབྱེད་པའི་དུས་ཚོད་ཀྱང་ཤིན་ཏུ་ཐུང་ངེས་རེད།

རིགས་དབྱེ།  

ཆ་འཕྲིན་འཚོལ་སྡུད།

ཆ་འཕྲིན་འཚོལ་སྡུད་ནི་དམིགས་ཡུལ་ངེས་ཅན་ལ་གཞིགས་ནས་འབྲེལ་ཡོད་ཀྱི་ཆ་འཕྲིན་སྨྱན་སྦྱོར་དང་ཆ་འཕྲིན་ཐབས་ལམ་བརྒྱུད་ནས། ཕན་ཚུན་འཚམ་མཐུན་གྱི་བྱེད་ཐབས་སྤྱད་ནས། འཆར་གཞི་ལྡན་པའི་སྒོ་ནས་ཆ་འཕྲིན་ཐོབ་ཐབས་ཀྱི་ལས་ཀའི་གོ་རིམ་ལ་ཟེར།

རིགས་དབྱེ།  

སྦྲེལ་མཐུད།

སྦྲེལ་མཐུད་ནི་གློག་རྡུལ་རྩིས་འཁོར་བྱ་རིམ་ཀྱི་དཔེ་དུམ་སོ་སོའི་བར་གྱི་ཞུགས་གྲངས་བརྒྱུད་སྤྲོད་དང་བཀའ་བརྡ་ཚོད་འཛིན་བྱེད་པ་མ་ཟད། དེ་དག་ལག་བསྟར་རུང་བའི་སྤྱི་ཡོངས་ཀྱི་གོ་རིམ་ཞིག་ལ་རྩ་འཛུགས་བྱེད་པ་དང་། སྦྲེལ་མཐུད་ལ་རིམ་བརྒལ་སྦྲེལ་མཐུད་ཡང་ཟེར། དེ་ནི་དྲ་ངོས་ཤིག་ནས་དམིགས་འབེན་གྱི་འབྲེལ་མཐུད་འབྲེལ་བ་སྟེ། ཕྱོགས་སྟོན་བྱས་པའི་དམིགས་འབེན་ནི་དྲ་ངོས་གཞན་ཞིག་ཡིན་ཆོག་ལ། དྲ་ངོས་གཅིག་སྟེང་གི་གནས་ཡུལ་མི་མཐུན་པ་ཞིག་ཡིན་ཀྱང་ཆོག ད་དུང་པར་རིས་དང་གློག་རྡུལ་ཡིག་ཟམ་ཀྱི་ཤག་གནས་དང་ཡིག་ཆ། ཐ་ན་ཉེར་སྤྱོད་བྱ་རིམ་ཞིག་ཡིན་ཡང་ཆོག

རིགས་དབྱེ།  

ཐོན་ཁུངས་དོ་དམ་ཆས།

ཡིག་ཆའི་ཐོན་ཁུངས་དོ་དམ་ཆས་ནི་རྒྱུད་ཁོངས་ཞབས་ཞུ་ཞིག་སྟེ། གཞི་གྲངས་མཛོད་དོ་དམ་ལ་འགན་འཁུར་བ་དང་། རྒྱུན་མཐུད་གནས་ཚུལ་རུ་སྟར་དང་ཡང་ན། ལས་དོན་རང་བཞིན་གྱི་ཡིག་ཆའི་རྒྱུད་ཁོངས་ཁྲོད་ཀྱི་ཡུན་རིང་རང་བཞིན་ནམ། རྒྱུན་མཐུད་རང་བཞིན་གྱི་གཞི་གྲངས་ཡིན། ཐོན་ཁུངས་དོ་དམ་ཆས་ཀྱིས་གཞི་གྲངས་གསོག་འཇོག་བྱེད་པ་མ་ཟད་སྐྱོན་སེལ་སླར་གསོ་ལག་བསྟར་བྱེད་པ་ཡིན། པར་གཞི་རྙིང་བའིWindowsཡིས“ཡིག་ཆའི་ཐོན་ཁུངས་དོ་དམ་ཆས”ལ“ཐོན་ཁུངས་དོ་དམ་ཆས”ཟེར།

རིགས་དབྱེ།  

དྲ་རྒྱའི་ཐོན་ཁུངས།

དྲ་རྒྱའི་ཐོན་ཁུངས་ནི་རྩིས་འཁོར་རྒྱུད་ཁོངས་བེད་སྤྱད་དེ་འཕྲིན་གཏོང་སྒྲིག་ཆས་བརྒྱུད་ནས་ཁྱབ་སྤེལ་དང་དྲ་རྒྱའི་མཉེན་ཆས་དོ་དམ་གྱི་ཆ་འཕྲིན་ཐོན་ཁུངས་ལ་ཟེར། དྲ་རྒྱའི་ཆ་འཕྲིན་ཐོན་ཁུངས་ཀྱི་ཁྱབ་རྒྱའི་ཆེ་ཆུང་དང་འབྲེལ་ཡོད་ཁྱབ་ཁོངས་དང་ཆེད་ལས་ལ་དམིགས་ཡོད་མེད་དང་། དྲ་ངོས་དེ་བཟོ་བའི་དམིགས་ཡུལ་ག་འདྲ་ཡིན་པ། དམིགས་པའི་རང་བཞིན་ག་འདྲ་ཡོད་པ་དང་། དམིགས་བསལ་གྱི་སྤྱོད་མཁན་ལ་ཁ་གཏད་ཡོད་མེད་དང་། འདོན་སྤྲོད་བྱས་པའི་ཆ་འཕྲིན་གྱི་ཁྱབ་ཚད་དང་ཟབ་ཚད་ག་འདྲ་ཡིན་པ། དྲ་རྒྱའི་ཐོན་ཁུངས་ཀྱི་རིགས་གང་དག་འདུ་བ་དང་། དཔེ་ཆའི་དཀའ་ཆག གསལ་བྱང་། རྩོམ་ཡིག་གནད་བསྡུས་ཡིན་ནམ། ཡང་ན་དྲ་རྒྱའི་དུས་དེབ་བམ། ཡང་ན་དྲ་རྒྱའི་དཔེ་དེབ་ཡིན་པ་སོགས། འདི་དག་ནི་སྤྱོད་མཁན་གྱིས་གདེང་འཇོག་དང་དྲ་རྒྱའི་ཆ་འཕྲིན་ཐོན་ཁུངས་འདེམ་པའི་ཚད་གཞི་རུ་བྱས་ཡོད།

རིགས་དབྱེ།  

དྲ་རྒྱའི་སྐད་བརྡ་རིག་པ།

དྲ་རྒྱའི་སྐད་བརྡ་རིག་པ་ནི་དྲ་རྒྱའི་སྐད་བརྡར་ཞིབ་འཇུག་བྱེད་པའི་སྣོལ་མའི་རིག་ཚན་ཞིག་ཡིན། འོན་ཀྱང་དྲ་རྒྱའི་སྐད་བརྡ་ནི་དྲ་རྒྱ་དང་ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས་གསར་དར་བྱུང་བའི་སྲོལ་རྒྱུན་སྙོམས་ངོས་སྨྱན་སྦྱོར་དང་མི་འདྲ་བའི་སྐད་ཆའི་རྣམ་པ་ཞིག་ཡིན། དེ་གསོན་ཉམས་དོད་པའི་རྣམ་པ་ལ་བརྟེན་ཡོད་པས། བྱུང་མ་ཉིད་དུ་རྒྱ་ཆེའི་དྲ་གྲོགས་ཀྱི་དགའ་ཞེན་ཆེ་ཤོས་དང་འཕེལ་རྒྱས་ཧ་ཅང་མགྱོགས་པོ་བྱུང་བ་རེད།

རིགས་དབྱེ།  

གཞི་གྲངས་ཐོན་ཁུངས་དོ་དམ།

གཞི་གྲངས་ཐོན་ཁུངས་དོ་དམ་ནི་ཆ་འཕྲིན་ལག་རྩལ་ཉེར་སྤྱོད་དང་མཉེན་ཆས་ཡོ་བྱད་ཀྱིས་རྩ་འཛུགས་ལེགས་འགྲུབ་བྱེད་པའི་གཞི་གྲངས་ཐོན་ཁུངས་དོ་དམ་ལས་འགན་གྱི་དོ་དམ་བྱེད་སྒོ་ཞིག་ཡིན།

རིགས་དབྱེ།  

ཆ་འཕྲིན་སྒྲིག་གཅོད།

ཆ་འཕྲིན་ནི་དངོས་པོ་མིན་ལ་ནུས་ཚད་ཀྱང་མིན། དེ་ནི་མིའི་རིགས་ཕྱིའི་ཁོར་ཡུག་དང་འཚམ་པར་བྱེད་སྐབས་དང་དེ་བཞིན་ཕྱིའི་ཁོར་ཡུག་ལ་ཤེས་ཚོར་བྱེད་སྐབས་དང་། ད་དུང་མཐུན་སྦྱོར་བྱེད་སྐབས་ཕྱིའི་ཁོར་ཡུག་དང་ནང་དོན་བརྗེ་རེས་བྱེད་པའི་སྤྱི་མིང་ཡིན། དེའི་ཕྱིར། ཆ་འཕྲིན་ནི་མི་དང་ཕྱི་ཕྱོགས་ཀྱི་སྤེལ་རེས་འཕྲིན་གཏོང་གི་བརྡ་རྟགས་ཚད་ཅིག་ལ་ངོས་འཛིན་བྱེད་ཆོག ཆ་འཕྲིན་ནི་ངེས་གཏན་མེད་པའི་རང་བཞིན་གྱི་དངོས་བོ་མེད་པར་བཟོ་བྱེད་ཅིག་དང་། དོན་རྐྱེན་ཞིག་འབྱུང་བའི་སྲིད་ཕྱོད་ཀྱི་གཏད་གྲངས་ཀྱི་མོ་ཐང་ཡིན། ཆ་འཕྲིན་སྒྲིག་གཅོད་ནི་ཆ་འཕྲིན་གྱི་བསྡུ་ལེན་དང་གསོག་འཇོག སྤོ་སྒྱུར། བརྒྱུད་སྐྱེལ་དང་ཁྱབ་བསྒྲགས་སོགས་ཡིན། ཆ་འཕྲིན་དང་ང་ཚོའི་དུས་རྒྱུན་གྱི་ལས་ཀ་ཁ་བྲལ་ཐབས་མེད་པ་རེད། རྩིས་འཁོར་ཆ་འཕྲིན་སྒྲིག་གཅོད་ཀྱི་གོ་རིམ་ནི་དོན་དངོས་སྟེང་མིའི་རིགས་ཀྱི་ཆ་འཕྲིན་སྒྲིག་གཅོད་ཀྱི་གོ་རིམ་དང་གཅིག་མཚུངས་ཡིན། མི་རྣམས་ཀྱིས་ཆ་འཕྲིན་སྒྲིག་གཅོད་བྱེད་པ་དེ་ཡང་སྔོན་ལ་ཚོར་ཤེས་དབང་པོ་ལ་བརྟེན་ནས་ཐོབ་པ་དང་། ཀླད་ཆེན་དབང་རྩའི་མ་ལག་བརྒྱུད་ནས་ཆ་འཕྲིན་ལ་བརྒྱུད་སྤྲོད་དང་གསོག་འཇོག་བྱས་པ་དང་། མཇུག་མཐར་སྐད་བརྡ་དང་བྱ་སྤྱོད། ཡང་ན། གཞན་གྱི་རྣམ་པས་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་རེད།

རིགས་དབྱེ།  

ཆ་འཕྲིན་ཐོན་ཁུངས་དོ་དམ།

ཆ་འཕྲིན་ཐོན་ཁུངས་དོ་དམ་དང་ཁེ་ལས་ཆ་འཕྲིན་ཐོན་ཁུངས་དོ་དམ་ནི་ཕྲ་མཐོང་ངམ་ཡང་ན་བྱེ་བྲག་གི་བང་རིམ་གྱི་ཆ་འཕྲིན་ཐོན་ཁུངས་དོ་དམ་གྱི་ཁོངས་གཏོགས་ཡིན་པ་དང་། ཁེ་ལས་སྔོན་བཀོད་དམིགས་འབེན་དུ་སླེབས་པའི་ཕྱིར་དུ་དེང་རབས་ཀྱི་དོ་དམ་བྱེད་སྟངས་དང་བྱེད་ཐབས་སྤྱད་ནས། ཁེ་ལས་འབྲེལ་ཡོད་ཀྱི་ཆ་འཕྲིན་ཐོན་ཁུངས་དང་ཆ་འཕྲིན་བྱེད་སྒོ་སྒྲིག་འཛུགས་དང་འཆར་འགོད། མཐུན་སྦྱོར་དང་ཚོད་འཛིན། ཁེ་ལས་ཆ་འཕྲིན་ཐོན་ཁུངས་ཀྱི་ལུགས་མཐུན་གསར་སྤེལ་དང་བེད་སྤྱོད་ནུས་ལྡན་ཡོང་བ་མངོན་འགྱུར་བྱ་དགོས།

རིགས་དབྱེ།  

ཆ་འཕྲིན་རྒྱུད་ཁོངས།

ཆ་འཕྲིན་རྒྱུད་ཁོངས་ནི་རྩིས་འཁོར་སྲ་ཆས་དང་དྲ་རྒྱ། འཕྲིན་གཏོང་སྒྲིག་ཆས། རྩིས་འཁོར་མཉེན་ཆས། ཆ་འཕྲིན་ཐོན་ཁོངས། ཆ་འཕྲིན་སྤྱོད་མཁན་དང་སྒྲིག་སྲོལ་ལམ་ལུགས་ཀྱིས་གྲུབ་པ་དང་། ཆ་འཕྲིན་རྒྱུན་སྒྲིག་གཅོད་དམིགས་འབེན་བྱས་པའི་མི་དང་འཕྲུལ་ཆས་གཞི་གཅིག་ཅན་གྱི་མ་ལག་ཡིན།

རིགས་དབྱེ།  

ཆ་འཕྲིན་ཐོན་ཁུངས།

ཆ་འཕྲིན་ཐོན་ཁུངས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཆ་འཕྲིན་བྱེད་སྒོའི་ཁྲོད་དུ་བསགས་པའི་ཆ་འཕྲིན་ལྟེ་ཉིང་བྱེད་པའི་རིགས་སྣ་ཚོགས་ཀྱི་ཆ་འཕྲིན་བྱེད་སྒོའི་རྒྱུ་རྐྱེན(ཆ་འཕྲིན་ལག་རྩལ། སྒྲིག་ཆས། སྒྲིག་བཀོད། ཆ་འཕྲིན་ཐོན་སྐྱེད་མཁན་སོགས)གྱི་ཚོགས་སྤྱི་ཡིན། ཆ་འཕྲིན་ཐོན་ཁུངས་མིང་ཚིག་དེ་ཐོག་མར་ཝོ་ལུའོ་ཨེར་ཁུ་ཡི<<ཁ་ན་ཏའི་ཆ་འཕྲིན་ཐོན་ཁུངས>>ལས་བྱུང་བ་རེད། ཆ་འཕྲིན་ཐོན་ཁུངས་ནི་ཁེ་ལས་ཐོན་སྐྱེད་དང་དེ་བཞིན་དོ་དམ་བརྒྱུད་རིམ་ཁྲོད་དུ་འབྲེལ་ཡོད་ཀྱི་ཡིག་ཆ་ཡོད་ཚད་དང་དཔྱད་གཞིའི་ཡིག་རིགས། དཔེ་རིས་དང་གཞི་གྲངས་སོགས་ཆ་འཕྲིན་གྱི་སྤྱི་མིང་ཡིན། དེ་ཁེ་ལས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྒོའི་བརྒྱུད་རིམ་ནང་ཐོན་སྐྱེད་བྱས་པ་དང་། རེག་ཐབས། ཐག་གཅོད། གསོག་འཇོག བརྒྱུད་གཏོང་དང་བེད་སྤྱོད་ཀྱི་ཆ་འཕྲིན་ཐོན་ཁུངས་ཡོད་ཚད་ལ་འབྲེལ་ནས། ཁེ་ལས་དོ་དམ་གྱི་བརྒྱུད་རིམ་ཡོངས་ལ་ཁྱབ་ཡོད།

རིགས་དབྱེ།  

ཆ་འཕྲིན་ལས་སྣོན།

ཆ་འཕྲིན་ལས་སྣོན་ནི་འཚོལ་བསྡུ་བྱས་པའི་ཆ་འཕྲིན་ལ་རྫུན་སྤངས་བདེན་འཛིན་དང་སྙིགས་དོར་བཅུད་ལེན། ཕྱི་ནས་ནང་དང་འདི་ལས་དེ་ཤེས་པའམ་གཅིག་ཤེས་ཀུན་གྲོལ་གྱི་ལས་སྣོན་བརྒྱུད་རིམ་ཞིག་ཡིན། དེ་ནི་སྔར་གྱི་ཆ་འཕྲིན་རྨང་གཞིའི་སྟེང་དུ། ཐོན་སྐྱེད་བྱས་པའི་རིན་ཐང་གི་ཚད་མཐོ་བ་དང་སྤྱོད་མཁན་གྱི་བཀོལ་བདེ་བའི་རིམ་པ་གཉིས་པའི་བྱེད་སྒོའི་བརྒྱུད་རིམ་ཡིན། བརྒྱུད་རིམ་འདི་ཡིས་ཆ་འཕྲིན་གནས་ཐང་འཕར་སྣོན་བྱུང་བ་དང་། ཆ་འཕྲིན་ལ་འོས་འཚམ་གྱིས་སྒྲིག་གཅོད་བྱས་པའི་རྨང་གཞིའི་སྟེང་དུ། ད་གཟོད་གསར་ཞིང་། ཐབས་ཇུས་སློབ་སྟོན་དུ་འཛིན་པའི་ནུས་ལྡན་ཆ་འཕྲིན་ནམ་ཡང་ན། ཤེས་བྱ་ཐོན་སྐྱེད་བྱེད་ཐུབ་པ་རེད།

རིགས་དབྱེ།