བརྒྱུད་གཏོང་མྱུར་ཚད།

བརྗེ་འཁོར་ཀྱི་བརྒྱུད་གཏོང་མྱུར་ཚད་ནི་བརྗེ་འཁོར་མཐུད་སྣེས་གཞི་གྲངས་བརྗེ་རེས་བྱེད་པའི་མྱུར་ཚད་ཡིན། མིག་སྔར་རྒྱུན་མཐོང་ཡིན་པའི་རིགས་ནི། 10Mbps、100Mbps、1000Mbpsསོགས་རིགས་འགའ་ཡིན་ལ། དེ་ལས་གཞན་ད་དུང10GMbpsབརྗེ་འཁོར་ཡོད་ལ། མིག་སྔར་ཤིན་ཏུ་དཀོན་པ་རེད།

རིགས་དབྱེ།  

རྒྱུད་ཁོངས་ཞབས་ཞུ།

རྒྱུད་ཁོངས་ཞབས་ཞུ་ནི་དམིགས་བཙུགས་ཀྱི་རྒྱུད་ཁོངས་ལག་བསྟར་བྱེད་པའི་བྱ་རིམ་དང་། འཆར་ཅན་བྱ་རིམ་དང་འཕེལ་རིམ་སྟེ། བྱ་རིམ་གཞན་དག་ལ་རྒྱབ་སྐྱོར་དང་། ལྷག་པར་དུ་འོག་རིམ་གྱི་བྱ་རིམ་ལ་རམ་འདེགས་བྱེད་པའི་ཕྱིར་དུ་ཡིན་ལ། དྲ་རྒྱ་བརྒྱུད་ནས་ཞབས་ཞུ་འདོན་སྤྲོད་བྱེད་སྐབས། ཞབས་ཞུActive Directoryཁྲོད་དུ་ཡོངས་བསྒྲགས་བྱས་ཆོག དེ་བས་ཞབས་ཞུ་ལྟེ་སྙིང་ཡིན་པའི་དོ་དམ་དང་བེད་སྤྱོད་ལ་སྐུལ་འདེད་བྱས་ཡོད།

རིགས་དབྱེ།  

སྒོ་འབྱེད་རྒྱུད་ཁོངས་སྦྲེལ་རེས།

སྒོ་འབྱེད་རྒྱུད་ཁོངས་སྦྲེལ་རེས་ནིISOཡིས་སྤེལ་ཞིང་། དེའི་ལས་འགན་ནི་རྒྱལ་སྤྱིའི་རྩིས་འཁོར་འཕྲིན་གཏོང་ཚད་གཞི་ཆགས་སུ་འཇུག་པ་དང་། ལྷག་པར་དུ་འཆམ་མཐུན་མིན་པའི་རྒྱུད་ཁོངས་བར་གྱི་སྦྲེལ་རེས་ལ་སྐུལ་འདེད་བྱེད་པ། ISOདཔེ་དབྱིབས་ཀྱིས་རྩིས་འཁོར་འཕྲིན་གཏོང་གྲོས་མཐུན་རིམ་པ་བདུན་དུ་དབྱེ་ཡོད་དེ། དེ་དག་སོ་སོ་ནི་དངོས་ལུགས་བང་རིམ་དང་གཞི་གྲངས་སྦྲེལ་ལམ་བང་རིམ། དྲ་རྒྱ་བང་རིམ། བརྒྱུད་གཏོང་བང་རིམ། གླེང་མོལ་བང་རིམ། མཚོན་བྱེད་བང་རིམ་དང་ཉེར་སྤྱོད་བང་རིམ་བཅས་ཡིན།

རིགས་དབྱེ།  

གསར་འདོན་ཟློས་ཕྱོད།

བརྙན་རིས་བརྙན་ཡོལ་ཐོག་གསར་སྒྱུར་བྱེད་པའི་མྱུར་ཚད་ལ་ཟེར་བ་དང་། དེ་ཡང་བརྙན་ཡོལ་སྟེང་གི་བརྙན་རིས་སྐར་ཆ་རེར་འཆར་བའི་ཐེངས་གྲངས་ཡིན་ཏེ། དེའི་འཇལ་བྱེད་ནི་ཧོ་ཙི(Hz)ཡིན་པ་དང་། གསར་འདོན་ཟློས་ཕྱོད་ཇི་ལྟར་ཆེ་ན། བརྙན་ཡོལ་སྟེང་གི་བརྙན་རིས་འོད་འཁྱུག་ཚོར་བ་དེ་ལྟར་ཆུང་བ་དང་། གཏན་འཇགས་རང་བཞིན་ཡང་དེ་ལྟར་ཆེ་བ་རེད། ཡང་ཅིག་བཤད་ན་མིག་ལ་སྲུང་སྐྱོབ་བྱེད་པ་ཡང་ཇེ་ལེགས་ཡིན་པ་དང་། སྤྱིར་བཏང་གི་མིའི་མིག་ཤེས་ཀྱིས75Hzཡན་གྱི་གསར་འདོན་ཟློས་ཕྱོད་ཀྱིས་བཟོས་པའི་འོད་འཁྱུག་ཚོར་བ་ཚོར་མི་ཐུབ་པ་ཡིན། དེའི་ཕྱིར། ཁྱོད་ཀྱི་འཆར་ཆས་བྱང་བུའི་གསར་འདོན་ཟློས་ཕྱོད75Hzཡན་དུ་སྒྱུར་ན་ཆེས་ལེགས་པ་ཡིན་ལ། མཉམ་འཇོག་བྱ་དགོས་པ་ནི། འཆར་ཆས་བྱང་བུ་ཡོད་ཚད་འབྱེད་ཕྱོད་ཆེ་ཤོས་ཀྱི་འོག་ཏུ་གསར་འདོན་ཟློས་ཕྱོད75Hzཡན་ལ་སླེབས་ཐུབ་པའི་ངེས་པ་མེད་པ་མ་ཟད། འཆར་ཆས་བྱང་བུ་ཡང་ཐག་ཡངས་ཀྱིས་མི་འདང་བའི་དབང་གིས་བླང་བྱ་བཏོན་པ་ལ་སླེབས་མི་ཐུབ་པ་རེད།

རིགས་དབྱེ།  

རྩིས་འཁོར་ཚན་རིག

རྩིས་འཁོར་ཚན་རིག(computer science)མིང་གི་ནང་དུ་རྩིས་འཁོར་ཞེས་པའི་མིང་འདི་འདུས་ཡོད་མོད་དོན་དངོས་སྟེང་རྩིས་འཁོར་ཚན་རིག་གི་གྲངས་ཚད་ངེས་ཅན་ཞིག་གི་ཁྱབ་ཁོངས་རྩིས་འཁོར་རང་སྟེང་གི་ཞིབ་འཇུག་ལ་འབྲེལ་བ་མེད། དེའི་རྐྱེན་མིང་གསར་ཁ་ཤས་གྲོས་གཞི་བཏོན་པའི་ནང་དུ་ཐོན། སློབ་གྲྭ་གནད་ཆེ་བ་ཁ་ཤས་ཀྱི་སྡེ་ཁག་ཀྱིས་ཐ་སྙད་རྩིས་རྒྱག་ཚན་རིག(computing science)བཀོལ་བར་ཕྱོགས་ཆེ། འདིས་ཞིབ་ཅིང་དག་པའི་སྒོ་ནས་གཉིས་ཀྱི་སྒོ་ནས་གཉིས་ཀའི་བར་ཀྱི་མི་འདྲ་ས་ནན་བཤད་བྱས་ཡོད།

རིགས་དབྱེ།  

རྩིས་འཁོར་གྱི་འཕེལ་ཕྱོགས།

ཚན་རིག་ཡར་རྒྱས་ཕྱིན་པ་དང་འགྲོགས་ནས། རྩིས་འཁོར་ལག་རྩལ་སྣ་ཚོགས་དང་དྲ་བའི་ལག་རྩལ་འཕེལ་རྒྱས་ཤིན་ཏུ་མགྱོགས་པོ་བྱུང་བ་དང་། རྩིས་འཁོར་གྱི་འཕེལ་རྒྱས་ནི་མགྱོགས་ལ་གསར་རྐྱང་ཡིན་པའི་དུས་རབས་ཤིག་ཏུ་སླེབས་ཡོད། རྩིས་འཁོར་བྱེད་ནུས་རྒྱ་ཆུང་ཞིང་བོངས་ཚད་ཆེ་བ་ཞིག་ནས་བྱེད་ནུས་ཕུན་སུམ་ཚོགས་ལ་བོངས་ཚད་ཆུང་བ་དང་ཐོན་ཁུངས་དྲ་རྒྱ་ཅན་དུ་འཕེལ་རྒྱས་ཕྱིན་ཡོད། རྩིས་འཁོར་གྱི་མ་འོངས་ལ་འགྱུར་བས་ཁེངས་ཡོད། གཤིས་ནུས་མངོན་གསལ་གྱིས་བཟང་དུ་གཏོང་བར་ཐེ་ཚོམ་མི་དགོས་ལ་གཤིས་ནུས་འཕེལ་རྒྱས་དེ་གྲུབ་པར་ཐབས་ལམ་མི་ཉུང་བ་ཞིག་ཡོད། ཡིན་ནའང་རྩིས་འཁོར་འཕེལ་རྒྱས་གཏོང་བའི་ལམ་བུ་ནི་གཤིས་ནུས་བཟང་དུ་གཏོང་བ་དེ་ཁོ་ན་མ་ཡིན་པར། རྩིས་འཁོར་གྱི་འཕེལ་རྒྱས་དེ་མི་གཤིས་དང་མཐུན་པ་བཟོ་དགོས་ཤིང་ད་དུང་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་བྱ་དགོས་པ་སོགས་ཡོད། རྩིས་འཁོར་བྱུང་བ་ནས་ད་བར་འཕྲུལ་ཆས་སྐད་བརྡ། བྱ་རིམ་སྐད་བརྡ། སྟབས་བདེའི་བཀོལ་སྤྱོད་རྒྱུད་ཁོངས་དངLinux Macos BSD Windowsསོགས་དེང་རབས་ཀྱི་བཀོལ་སྤྱོད་རྒྱུད་ཁོངས་རབས་བཞི་པ་སོགས་བརྒྱུད་ཡོད། འཁོར་བསྐྱོད་མྱུར་ཚད་ལས་ཀྱང་ཆེས་ཆེར་མགྱོགས་སུ་ཕྱིན་ཡོད། རབས་བཞི་པའི་རྩིས་འཁོར་གྱི་རྩིས་རྒྱག་མྱུར་ཚད་སྐར་ཆ་རེར་དུང་ཕྱུར་བཅུ་ཕྲག་ལ་སླེབས་ཐུབ། རྩིས་འཁོར་ཀྱང་དང་ཐོག་དམག་དོན་དང་ཚན་རིག་ཞིབ་འཇུག་ཁོ་ནར་སྤྱོད་པ་ནས་ད་ལྟ་ཀུན་གྱིས་སྤྱོད་བཞིན་པ་ཞིག་ཏུ་འཕེལ་རྒྱས་ཕྱིན་པ་དང་། རྩིས་འཁོར་གྱི་གོ་ཆོད་ནུས་ཆེན་པོ་དེར་ཁྲོམ་རའི་དགོས་མཁོ་ཆེན་པོ་བྱུང་། མ་འོངས་པའི་རྩིས་འཁོར་གྱི་གཤིས་ནུས་ནི་ཕྲ་དབྱིབས་ཅན། དྲ་རྒྱ་ཅན། རིག་ལྡན་དང་གཏོས་གཟུགས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་ངེས་སོ།།

རིགས་དབྱེ།  

བོད་ཡིག་གི་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག

མིའི་རིགས་གློག་རྡུལ་རྩིས་འཁོར་དུས་རབས་སུ་བསྐྱོད་པ་ནི་དེང་རབས་ཚན་རྩལ་འཕེལ་རྒྱས་སུ་སོང་བའི་ཆུ་ཚད་ལ་ར་སྤྲོད་ལེགས་པོ་བྱས་པ་ཞིག་རེད། དེས་ན། བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་དེང་རབས་ཅན་དུ་ཅི་ལྟར་མངོན་འགྱུར་བྱེད་པ་དང་། འཛམ་གླིང་གི་མི་མང་པོ་ཞིག་གིས་བོད་མི་རིགས་ལ་རྒྱུས་ལོན་ཅི་ལྟར་བྱེད་པའི་གནད་དོན་ལ་ཐག་གཅོད་ལེགས་པོ་ཡོང་དགོས་པ་སོགས་ཀྱི་གནས་ཚུལ་དེ་འདྲའི་འོག་ཏུ་བོད་ཡིག་དང་གློག་རྡུལ་རྩིས་འཁོར་གྱི་ཐོག་མའི་མཉམ་འབྲེལ་དང་བཀོལ་སྤྱོད་དེ་བྱུང་བ་རེད། འདིར་བོད་ཡིག་གི་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་གཏན་ལ་ཕབ་ཚུལ་སྐོར་ངོ་སྤྲོད་ཅུང་ཙམ་བྱ།

རིགས་དབྱེ།  

བོད་ཡིག་ཆ་འཕྲིན་ལག་རྩལ།

ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཆེས་མགྱོགས་པའི་དེང་གི་ཆར། བོད་ཡིག་ཆ་འཕྲིན་རིག་པ་ནི་གསར་དུ་དར་བའི་རིག་ཚན་ཞིག་ཡིན་པས། འདིར་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རིམ་གྱི་ལོ་རྒྱུས་མདོར་བསྡུས་ཤིག་ཞིབ་བརྗོད་བྱས་ཡོད།

རིགས་དབྱེ།  

དྲ་རྒྱའི་ཐད་གཏོང་།

དུས་ཚོད་གཅིག་མཐུན་གྱི་ནང་དུ་དྲ་རྒྱའི་མ་ལག་བརྒྱུད་ནས་གློག་བརྙན་འཁྲབ་སྟོན་གྱི་ལེ་ཚན་ནམ་གླེང་སྟེགས་ཀྱི་ལས་སྟེགས་མི་འདྲ་བའི་ནང་དོན་དག་དུས་ཐོག་ཏུ་ཐད་ཀར་གཏོང་ཞིང་སྒྲོག་པའོ། །

རིགས་དབྱེ།  

སྒུལ་འཕྲིན་རབས་ལྔ་བ།

སྒུལ་འཕྲིན་ལག་རྩལ་རབས་ལྔ་བ(དབྱིན་ཡིག་གི་མིང་ལ5th generation mobile networksའམ་ཡང་ན5th generation wireless systemsདང5th-Generationབསྡུས་མིང་ལ5Gའམ5Gལག་རྩལ་ཟེར)ནི་ཧྥེང་བའོ་སྤོ་འགུལ་འཕྲིན་གཏོང་ལག་རྩལ་རབས་གསར་པ་ཞིག་ཡིན་ལ། ཡང་གཅིག་བཤད་ན4Gདང3G 2Gམ་ལག་རྗེས་ཀྱི་རྒྱུན་བསྲིངས་ཞིག་ཀྱང་ཡིན།

རིགས་དབྱེ།  

སྟོན་འགྲེམས་ཟིན་བྲིས་སྟོན་ཚུལ།

སྟོན་འགྲེམས་ཟིན་བྲིས་བཟོ་པའི་བརྒྱུད་རིམ་ནང་དུ་སྒྲོམ་བརྙན་བསྟན་ནས་སྒྲོན་བརྙན་གྱི་མངོན་ཚུལ་དང་འགུལ་རིས་ཀྱི་མཐོང་འབྲས་སོགས་ལ་བལྟ་དགོས་པ་དང་། སྤྱོད་པ་པོས་བཟོས་པའི་སྟོན་འགྲེམས་ཟིན་བྲིས་ཀྱི་མཇུག་འབྲས་ཀྱང་ཉར་ཚགས་བྱེད་དགོས་སོ།།

རིགས་དབྱེ།  

APP

APPནིAccelerated Parallel Processingཡི་བསྡུས་འབྲི་ཡིན། AMDགཤམ་འོག་གི་རིས་དབྱིབས་སྒྲིག་གཅོད་ཆསGPUལ་དམིགས་ནས་བཏོན་པའི་ཀུན་ཁྱབ་མཉམ་སྒྲུབ་རྩིས་རྒྱག་ལག་རྩལ་ཞིག་ཡིན། ལག་རྩལ་འདི་བེད་སྤྱད་ནསAMD GPUམཉམ་སྒྲུབ་རྩིས་རྒྱག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཉེན་ཆས་ལ་མགྱོགས་མྱུར་སྒོས་རྩིས་རྒྱག་པའམ་ཡང་ན་ཚན་རིག་གི་ཨང་རྩིས་ཆེ་གྲས་ལ་རྩིས་རྒྱག་པར་བཀོལ་སྤྱོད་བྱ་ཆོག

རིགས་དབྱེ།  

མཐོ་རིམ་སྐད་བརྡ།

མཐོ་རིམ་སྐད་བརྡ་ནི་རང་རྐྱ་འཕེར་བའི་འཕྲུལ་འཁོར་ཞིག་ཡིན་པ་དང་།བརྒྱུད་རིམ་ནམ་བྱ་ཡུལ་ལ་ཁ་ཕྱོགས་པའི་སྐད་བརྡ་ཞིག་ཡིན། མཐོ་རིམ་སྐད་བརྡ་ནི་གྲངས་རིག་གི་སྐད་བརྡ་ལ་དཔེ་བལྟས་ནས་གཏན་ལ་ཕབ་པའི་ཉིན་རྒྱུན་གྱི་ཁ་བརྡའི་སྐད་བརྡ་དང་ཆ་འདྲ་བའི་སྐད་བརྡ་ལ་ཟེར། དཔེར་ན། འགྱུར་ཚད2བསྣན་ནས་འགྱུར་ཚད་གསུམ་པར་སྤྲོད་དགོས་པ་དང་། མཐོ་རིམ་གྱི་སྐད་བརྡས་མཚོན་ན། var3=var1+ var2ཡིན།

རིགས་དབྱེ།  

གཞི་གྲངས་ཚན་རིག་དང་གཞི་གྲངས་ཆེན་མོའི་ལག་རྩལ།

གཞི་གྲངས་ཚན་རིག་དང་གཞི་གྲངས་ཆེན་མོའི་ལག་རྩལ་ཆེད་ལས་ནི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན་པ་དང་རྩིས་འཁོར་རིགས་ཀྱི་ཆེད་ལས་ཁོངས་སུ་གཏོགས་པ་དང་། གཞི་རྩའི་སློབ་ཡུན་ལོ་བཞི་ཡིན། རང་བྱུང་རིག་པའམ་བཟོ་རིག་པའི་ཤེས་རམས་པའི་བསླབ་གནས་སྤྲོད་ཀྱིན་ཡོད།

རིགས་དབྱེ།  

གྲངས་འཛིན་སྨྱན་སྦྱོར་ལག་རྩལ།

གྲངས་འཛིན་སྨྱན་སྦྱོར་ལག་རྩལ་ནི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན་ཞིང་། རྩིས་འཁོར་རིགས་ཀྱི་ཆེད་ལས་ཁོངས་སུ་གཏོགས། སློབ་ཡུན་ལོ་བཞི་ཡིན་ལ་བཟོ་རིག་པའི་ཤེས་རམས་པའི་བསླབ་གནས་སྤྲོད་ཀྱིན་ཡོད། ཆེད་ལས་དེས་གཙོ་བོ་གྲངས་འཛིན་སྨྱན་སྦྱོར་གྱི་ཆ་འཕྲིན་བསྡུ་ལེན་དང་། ཐག་གཅོད། གསོག་ཉར། བརྒྱུད་སྤེལ། དོ་དམ། བདེ་འཇགས། ཕྱིར་གཏོང་སོགས་འབྲེལ་ཡོད་ཀྱི་རིགས་པའི་གཞུང་ལུགས་དང་། བྱེད་ཐབས། ལག་རྩལ། མ་ལག་བཅས་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་པ་དང་། རྩིས་འཁོར་ལག་རྩལ་དང་། འཕྲིན་གཏོང་ལག་རྩལ། ཆ་འཕྲིན་ཐག་གཅོད་ལག་རྩལ་སོགས་ཆ་འཕྲིན་ལག་རྩལ་སྣ་ཚོགས་ཀྱི་ཕྱོགས་བསྡུས་ཉེར་སྤྱོད་ལག་རྩལ་ཚུད་ཡོད།

རིགས་དབྱེ།  

ཟོག་འབྲེལ་དྲ་རྒྱའི་ལས་གྲྭ།

ཟོག་འབྲེལ་དྲ་རྒྱའི་ལས་གྲྭའི་ཆེད་ལས་ནི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན་ཞིང་། རྩིས་འཁོར་རིགས་ཀྱི་ཆེད་ལས་ཁོངས་སུ་གཏོགས། སློབ་ཡུན་ལོ་བཞི་ཡིན་ལ་བཟོ་རིག་པའི་ཤེས་རམས་པའི་བསླབ་གནས་སྤྲོད་ཀྱིན་ཡོད། ཆེད་ལས་དེས་རྩིས་རིག་དང་འབྲེལ་ཡོད་ཀྱི་རང་བྱུང་ཚན་རིག་གི་རྨང་གཞིའི་ཤེས་བྱ་དང་ཟོག་འབྲེལ་དྲ་རྒྱ་དང་འབྲེལ་བ་ཡོད་པའི་རྩིས་འཁོར་དང་། འཕྲིན་གཏོང་། ཚོར་སྐྱེལ་བཅས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ཤེས་བྱ། གཞི་རྩའི་རྩལ་ནུས། གཞི་རྩའི་ཐབས་ཤེས་བཅས་ཁོང་དུ་ཆུད་པ་བྱས་ནས་ཟོག་འབྲེལ་དྲ་རྒྱའི་འབྲེལ་ཡོད་རིགས་པའི་གཞུང་ལུགས་དང་། བྱེད་ཐབས། རྩལ་ནུས་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ་བྱེད་དགོས་པ་དང་། འཕྲིན་གཏོང་ལག་རྩལ་དང་། དྲ་རྒྱའི་ལག་རྩལ། ཚོར་སྐྱེལ་ལག་རྩལ་སོགས་ཆ་འཕྲིན་ཁྱབ་ཁོངས་ཀྱི་ཆེད་ལས་ཤེས་བྱ་རྒྱ་ཆེ་བའི་མཐོ་རིམ་ལས་གྲྭའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་ཡིན།

རིགས་དབྱེ།  

རྩིས་འཁོར་མ་ལག་སྒྲིག་གཞི།

རྩིས་འཁོར་མ་ལག་གི་སྒྲིག་གཞི་ནི་རྩིས་འཁོར་གྱི་འཕྲུལ་ཆས་སྐད་བརྡའི་བྱ་རིམ་མམ་ཡང་ན་སྒྲིག་སྒྱུར་བྱ་རིམ་སྒྲིག་རྩོམ་བྱེད་མཁན་གྱིས་མཐོང་བའི་ཕྱིའི་ཁྱད་ཆོས་ཤིག་ཡིན། ཕྱིའི་ཁྱད་ཆོས་ཞེས་པ་ནི་རྩིས་འཁོར་གྱི་སྤྱི་སྒྲོག་རང་བཞིན་གྱི་སྒྲིག་གཞི་དང་བྱེད་ལས་ཁྱད་གཤིས་ལ་ཟེར། གཙོ་བོ་རྩིས་འཁོར་མ་ལག་གི་གཞི་རྩའི་བྱ་བའི་རྩ་བའི་རིགས་པ་དང་། མཁྲེགས་ཆས་དང་མཉེན་ཆས་ཀྱི་མཚམས་ངོས་དབྱེ་བའི་དཔྱད་ཞིབ་ཐབས་ཇུས་ལ་ཞིབ་འཇུག་བྱས་ཏེ། ཆ་ཚང་ཞིང་མ་ལག་ཅན་གྱི་རྩིས་འཁོར་མཉེན་ཆས་ཀྱི་སྤྱི་ཆའི་དོན་སྤྱི་འཛུགས་དགོས།

རིགས་དབྱེ།  

རྩིས་འཁོར་ཉེར་སྤྱོད་ལག་རྩལ།

རྩིས་འཁོར་ཉེར་སྤྱོད་ལག་རྩལ་ནི་ཀྲུང་གོའི་སྤྱིར་བཏང་གི་མཐོ་རིམ་སློབ་གྲྭའི་ཆེད་ཚན་ཆེད་ལས་ཤིག་ཡིན།

རིགས་དབྱེ།  

རྩིས་འཁོར་མཉེན་ཆས།

རྩིས་འཁོར་གྱི་མཉེན་ཆས(Softwareལ་མཉེན་ཆས་ཀྱང་ཟེར)ནི་རྩིས་འཁོར་མ་ལག་ཁྲོད་ཀྱི་གོ་རིམ་དང་ཡིག་ཚགས་ལ་ཟེར། གོ་རིམ་ནི་རྩིས་རྒྱག་ལས་འགན་གྱི་བཀོད་སྒྲིག་བྱ་ཡུལ་དང་སྒྲིག་གཅོད་སྒྲིག་སྲོལ་གྱི་ཞིབ་བརྗོད་ཡིན། ཡིག་ཚགས་ནི་གོ་རིམ་ལ་མཁོ་བའི་གསལ་བཤད་རང་བཞིན་གྱི་དཔྱད་གཞི་ལ་རྒྱུས་ལོན་བྱེད་བདེ་བའི་ཆེད་དུ་ཡིན། གོ་རིམ་དེ་ངེས་པར་དུ་འཕྲུལ་ཆས་ནང་ཁུལ་དུ་བཞག་ན་ད་གཟོད་བྱ་བ་སྒྲུབ་ཐུབ། ཡིག་ཚགས་དེ་སྤྱིར་བཏང་དུ་མི་རྣམས་ལ་བལྟ་རུ་འཇུག་པ་ལས་འཕྲུལ་ཆས་ནང་འཇུག་པའི་ངེས་པ་མེད།

རིགས་དབྱེ།  

གསང་སྲུང་ལག་རྩལ།

ཆེད་ལས་འདིའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་གསང་སྲུང་ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བ་དང་། ཆབ་སྲིད་ལ་བློས་འགེལ་ཆོག་པ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཆེན་པོ་དང་གསང་སྲུང་འདུ་ཤེས་བརྟན་པོ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་ལྡན་པ། རྒྱལ་སྤྱི་ཅན་གྱི་མཐོང་རྒྱ་དང་སྤེལ་རེས་ནུས་པ་ལྡན་པ། གསང་སྲུང་ལག་རྩལ་ཆེད་ལས་ཁྱབ་ཁོངས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་ལག་རྩལ་ཁོང་དུ་ཆུད་པ། གསང་སྲུང་ལག་རྩལ་གྱི་འབྲེལ་ཡོད་ལས་དོན་སྤེལ་ཐུབ་པ། ཤེས་བྱ་དང་། ནུས་པ། གཤིས་རྒྱུད་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་ཐུབ་པའི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་བཅས་རེད།

རིགས་དབྱེ།