Google

Google(དགོ་དགུ)ནི་ཨ་མེ་རི་ཁའི་རྒྱལ་ཁོངས་བརྒལ་བའི་ཚན་རྩལ་ཁེ་ལས་ཞིག་གིས་སྦྲེལ་རེས་དྲ་རྒྱའི་འཚོལ་བཤེར་དང་སྤྲིན་རྩིས། བརྡ་ཁྱབ་ལག་རྩལ་ཁྱབ་ཁོངས་སོགས་ལ་ཤུགས་རྒྱག་པ་དང་། གསར་སྤེལ་བྱས་པ་མ་ཟད། སྦྲེལ་རེས་དྲ་རྒྱའི་ཐོན་རྫས་དང་ཞབས་ཞུ་འབོར་ཆེན་འདོན་སྤྲོད་བྱས་པ་དང་། དེའི་ཁེ་སྤོགས་གཙོ་བོའི་འབྱུང་ཡུལ་ནིAdWordsསོགས་བརྡ་ཁྱབ་ཞབས་ཞུ་ཡིན་པ་དང་། Googleནི་དེ་དུས་སི་ཐན་ཧྥུ་སློབ་ཆེན་གྱི་རང་བྱུང་དང་བཟོ་སྐྲུན་རིག་པའི་འབུམ་རམས་པའི་ཡོན་གནས་ལ་སྦྱངས་བརྩོན་བྱེད་པའི་ལཱ་ལི•ཕེ་ཆི(Larry﹒ Page)དང་ཞེ་ཨེར་ཀའེ•པུའུ་ལིན(Sergey ﹒ Brin)གཉིས་ཀྱིས་མཉམ་དུ་འཛུགས་སྐྲུན་བྱས་པ་དང་། དེར་བརྟེན། དེ་གཉིས་ལ“Google Guys”ཀྱང་ཟེར་བ་དང་། 1998ལོའི་ཟླ9པའི་ཚེས4ཉིན། Googleདེ་སྒེར་གཉེར་ཀུང་སིའི་རྣམ་པའི་གསར་འཛུགས་བྱས་ལ། ཇུས་འགོད་དང་དེ་མ་ཟད་སྦྲེལ་རེས་དྲ་རྒྱའི་འཚོལ་བཤེར་མ་ལག་ལ་དོ་དམ་བྱེད་ཅིང་། དེ་ནི“Google འཚོལ་བཤེར”རེད། Googleདྲ་ཚིགས་དེ་ནི1999ལོའི་ལོ་སྨད་དུ་སྤྱོད་འགོ་ཚུགས་པ་དང་། Googleཡི་ལས་འགན་ནི་གོ་ལ་ཧྲིལ་བོའི་ཆ་འཕྲིན་བསྡུ་སྒྲིལ་བྱས་ནས། མི་ཚང་མས་ལྟ་སྤྱོད་བྱེད་ཆོག་ལ་དེ་དང་འབྲེལ་དེའི་ཁྲོད་ནས་ཁེ་བཟང་ཐོབ་པ་དང་། Googleནི་ཀུན་གྱིས་ཁས་ལེན་བྱེད་པའི་འཛམ་གླིང་ཐོག་ཆེས་ཐོག་མ་དང་ཆེས་ཆེ་བའི་འཚོལ་བཤེར་མ་ལག་ཅིག་ཡིན། འཛམ་གླིང་སྟེང་དུ་སྤྱོད་མཁན་བགྲང་ལས་འདས་པ་ཡོད།

རིགས་དབྱེ།  

པའེ་ཏུའུ།

པའེ་ཏུའུ་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་རྒྱ་ཡིག་གི་འཚོལ་བཤེར་མ་ལག་དང་ཆེས་ཆེ་བའི་རྒྱ་ཡིག་གི་དྲ་ཚིགས་ཡིན། 2000ལོའི་ཟླ1པོར་ལི་ཡན་ཧུང་གིས་པེ་ཅིང་ཀྲུང་ཀོན་སྡེ་བར་གསར་འཛུགས་བྱས་པ་དང་། མི་དམངས་ལ“སྟབས་བདེ་དང་བློ་གཏོད་ཆོག་པ”འི་ཆ་འཕྲིན་ལག་སོན་གྱི་བྱེད་ཐབས་འདོན་སྤྲོད་བྱེད་པར་འབད་བརྩོན་བྱས་པ་དང་། 2015ལོའི་ཟླ1པོའི་ཚེས24ཉིན། པའེ་ཏུའུ་གསར་གཏོད་པ། ཏུང་ཧྲི་ཀྲང་དངCEOཡི་འགན་གཅིག་ལྕོགས་སུ་བཞེས་པའི་ལི་ཡན་ཧུང་གིས2014ལོའི་ལོ་ཚོགས་དང་པའེ་ཏུའུ་བཙུགས་ནས་ལོ་འཁོར་བཅོ་ལྔ་ལོན་པའི་རྟེན་འབྲེལ་མཛད་སྒོའི་སྟེང་གསུང་བཤད་གནང་བའི་བརྗོད་དོན་གཏམ་བཤད་དུ་བསྟན་དོན། ལོ་བཅོ་ལྔའི་རིང་ལ་པའེ་ཏུའུ་ཡིས་ལག་རྩལ་ཀྱི་སྟོབས་ཤུགས་ལ་ཡིད་ཆེས་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་སྟབས་བདེ་ཞིང་བློས་ཐུབ་ཀྱི་རིག་གནས་དང་ཤེས་ལྡན་པ་འཚར་ལོངས་ཡོང་བའི་ནང་རྐྱེན་དེ་ཆེས་རྩ་ཆེ་བའི་རྒྱུ་ནོར་ལ་བཟུང་པ་དང་། ཁོས་པའེ་ཏུའུ་ཡི་ལས་བཟོ་བ་ཡོངས་ལ་འབོད་སྐུལ་བཏང་ནས། མི་དང་ཞབས་ཞུའི་འཐབ་ཇུས་གཞིགས་འབེན་ལ་ཕར་རྒོལ་བྱེད་པར་སྦྲེལ་མཐུད་བྱས་པ་རེད།

རིགས་དབྱེ།  

བོད་ཡིག་བརྩེགས་འདོགས་ཡག་པོར་འཆར་ཐབས།

བོད་ཡིག་བརྩེགས་འདོགས་ཀྱི་གནད་དོན་དེ་ནི་བྱེས་བཞུགས་སྐུ་ཞབས་བློ་བཟང་སྨོན་ལམ་ལགས་ཀྱིས་ཐག་གཅོད་གནང་བ་ཡིན་ལ། དེ་སྔ་དྲ་ངོས་སུ་སྤྱོད་པར་བསམ་བློ་དེ་ཙམ་མ་འཁོར། ཉེ་ཆར་ངེད་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ཚོད་ལྟ་བྱས་པ་བརྒྱུད། གཞི་ནས་ལག་རྩལ་དེ་དྲ་ངོས་སུ་སྤྱོད་འགོ་ཚུགས་པ་ཞིག་རེད། དེ་བེད་སྤྱོད་གཏོང་ཐབས་ནི་ཤིན་ཏུ་སླ་སྟེ། སྨོན་ལམ་བོད་ཡིག་གསུམ་པའི་ཁྲོད་ཀྱི་ཡིག་གཟུགས་གང་རུང་ཞིགEOTརྣམ་པར་བསྒྱུར་ཚར་རྗེས་དྲ་ངོས་ཀྱི་ཡིག་གཟུགས་ཡང་དེར་བསྟུན་གྱི་སྨོན་ལམ་བོད་ཡིག་གི་ཡིག་གཟུགས་ལ་བསྒྱུར་བས་འཐུས། དྲ་ཁང་ནས་ཚོད་ལྟ་བྱས་པའི་མཇུག་འབྲས་ལྟར་ན། ཡིག་གཟུགས་ཡག་ཤོས་ནིMonlam Uni Sans Serif ཡིན་ལ་ངེད་དྲ་བས་སྤྱོད་བཞིན་པ་ཡང་དེ་ཡིན་ནོ།།

རིགས་དབྱེ།  

འཚོལ་བཤེར་མ་ལག

འཚོལ་བཤེར་མ་ལག་ནི་ཐབས་ཇུས་ངེས་ཅན་ལ་གཞིགས་ཤིང་དམིགས་བསལ་གྱི་རྩིས་འཁོར་བྱ་རིམ་སྤྱད་ནས་སྦྲེལ་རེས་དྲ་རྒྱའི་སྟེང་ནས་ཆ་འཕྲིན་འཚོལ་བསྡུ་དང་། ཆ་འཕྲིན་ལ་སྒྲིག་འཛུགས་དང་ཐག་གཅོད་བྱས་རྗེས། སྤྱོད་མཁན་ལ་དཔྱད་འཚོལ་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། སྤྱོད་མཁན་གྱི་དཔྱད་འཚོལ་ལ་འབྲེལ་བ་ཡོད་པའི་ཆ་འཕྲིན་སྤྱོད་མཁན་གྱི་རྒྱུད་ཁོངས་ལ་འགྲེམས་སྟོན་བྱས་པ་དང་། འཚོལ་བཤེར་མ་ལག་གི་རིགས་ལ། རྩོམ་ཧྲིལ་བོའི་གསལ་བྱང་། དཀར་ཆག་གསལ་བྱང་། རྒྱུའི་འཚོལ་བཤེར་མ་ལག དྲང་འཕྱང་འཚོལ་བཤེར་མ་ལག ཚོགས་སྤྱིའི་རྣམ་པའི་འཚོལ་བཤེར་མ་ལག རིན་མེད་སྦྲེལ་མཐུད་རེའུ་མིག་སོགས་ཡོད།

རིགས་དབྱེ།  

ཡོངས་འཛིན།

ཡོངས་འཛིན་འཚོལ་བཤེར་ནི་བོད་ཡིག་གི་དྲ་ཐོག་ཆ་འཕྲིན་འཚོལ་བཤེར་གྱི་མ་ལག་ཅིག་ཡིན་ཏེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས2013ལོ་ནས་ལས་གཞིའི་འགོ་བརྩམས་པ་དང་། ད་ལྟ་གསར་འགྱུར་དང་། དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན་བཅས་སྡེ་ཚན་ཆེན་པོ་བརྒྱད་ཀྱི་བདག་ཉིད་ཅན་ཞིག་ཏུ་གྲུབ་ཡོད་ཅིང་། འཛམ་གླིང་ཧྲིལ་བོའི་བོད་ཡིག་འཚོལ་བཤེར་ཆེས་ཐོག་མ་དང་ཆེས་ཆེ་ཤོས་སུ་ཆགས་ཡོད། 2016ལོའི་ཟླ8པའི་ཚེས22ཉིན་ནས་དངོས་སུ་ཤར་གཏོང་བྱས་ལ། འདིས་བོད་ཡིག་བཀོལ་སྤྱོད་བྱེད་པའི་དྲ་དམངས་རྣམས་ཀྱི་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་འཚོལ་བཤེར་གྱི་དགོས་མཁོ་བསྐངས་པའི་མཚུངས་སུ། ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཡིག་འདི་ཉིད་ཕུང་བོ་གཅིག་ཏུ་འགྱུར་བའི་འཛམ་བུ་གླིང་གི་ཆ་འཕྲིན་འཚོལ་བཤེར་གྱི་སྒང་ལ་གོམ་པ་སྤོས་པ་མཚོན་ནོ། །

རིགས་དབྱེ།