ཡོངས་འཛིན་རིག་མཛོད། >ལག་རྩལ། >དྲ་རྒྱ། >དྲ་གནས།

ཁོངས་མིང་།

ཁོངས་མིང་ནི་ཕྲེང་གཅིག་ཚེག་གིས་བར་མཚམས་བཅད་པའི་མིང་གྲུབ་བྱེད་ཀྱི་སྦྲེལ་རེས་དྲ་རྒྱའི་སྟེང་རྩིས་འཁོར་ག་གེ་མོ་ཞིག་གམ་ཡང་ན། རྩིས་འཁོར་ཚོ་ཡི་མིང་ལ་ཟེར། གཞི་གྲངས་རྒྱུད་གཏོང་སྐབས་སུ་རྩིས་འཁོར་གྱི་གློག་རྡུལ་གནས་ས་མཚོན་པར་བྱེད་པ་ཡིན། ཁོངས་མིང་ནིIPཤག་གནས་སྟེང་ཡོད་པའི“གདོང་འབག”ཡིན། ཁོངས་མིང་ཞིག་གི་དམིགས་འབེན་ཏེ་དྲན་ཤེས་དང་སྤེལ་རེས་སྟབས་བདེ་ཡོང་བའི་ཞབས་ཞུ་ཆས་ཀྱི་ཤག་གནས་ཚོ་ཞིག་ཡིན། ཁོངས་མིང་ནི་ནུས་པས་ཅི་ལྕོགས་དང་ནམ་ཡང་བརྗེད་པར་དཀའ་བའི་སྦྲེལ་རེས་དྲ་རྒྱར་ཞུགས་མཁན་གྱི་མིང་ཡིན་པས། འཛམ་གླིང་སྟེང་གི་ཆེས་ཐོག་མར་ཐོ་འགོད་བྱས་པའི་ཁོངས་མིང་ནི1985ལོའི་ཟླ1པོར་ཐོ་འགོད་བྱས་པ་རེད།

རིགས་དབྱེ།  

དྲ་གནས།

དྲ་གནས་ནི་རྒྱུན་པར་དྲ་ངོས་ཀྱི་ས་གནས་ལ་ཟེར། ཁེ་ལས་དང་བྱ་གཞག་ཚན་པའམ་ཡང་ན་མི་སྒེར་གྱིས་ལག་རྩལ་ཐག་གཅོད་བྱས་པ་བརྒྱུད་ཆ་འཕྲིན་ཁག་ཅིག་ཤོག་ངོས་རེ་རེ་བཞིན་ཉར་ཚགས་བྱེད་ཀྱིན་ཡོད་པ་དང་། ཤོག་ངོས་ཚང་མར་དེ་མཚུངས་ཀྱི་ས་གནས་ཤིག་ཡོད་པ་དེ་དག་སྤྱོད་མཁན་གཞན་གྱིས་འདྲི་རྩད་བྱས་ནས་ཆ་འཕྲིན་དཔྱད་ཡིག་ཐོབ་ཐབས་བྱེད་ཀྱིན་ཡོད། དེ་ལྟ་བུའི་ས་གནས་ལ་དྲ་གནས་ཞེས་བརྗོད་ཀྱིན་ཡོད། གལ་ཏེ་རྩིས་འཁོར་གཅིག་གིས་དྲ་ཐོག་ནས་རྩིས་འཁོར་གཞན་ཞིག་ལ་བཅར་འདྲི་བྱེད་ན། ངེས་པར་དུ་ཕ་རོལ་བོའི་དྲ་གནས་ཤེས་དགོས། འདིར་བཤད་པའི་དྲ་གནས་ནི་དོན་དངོས་ཐོག་ནང་དོན་གཉིས་ཏེIPགནས་ཡུལ་དང་ཁོངས་མིང་གནས་ཡུལ་ལ་ཟེར།

རིགས་དབྱེ།  

དྲ་ཚུགས་སྦྲེལ་མཐུད་ཀྱི་སྒྲིབ་ཡོལ།

དྲ་ཚུགས་སྦྲེལ་མཐུད་ཀྱི་སྒྲིབ་ཡོལ་ནི་སྤྱི་ལོ2021ལོའི་ཟླ7པར་སྤེལ་འགོ་ཚུགས་པའི་འབྲེལ་དྲྭའི་ལས་རིགས་ཀྱི་ཆེད་དོན་བཅོས་སྒྲིག་འགུལ་སྐྱོད་ཀྱི་གཙོ་གནད་བཅོས་སྐྱོང་གནད་དོན་གྱི་གྲས་ཤིག་ཡིན། སྤྱི་ལོ2021ལོའི་ཟླ9བའི་ཚེས9ཉིན་གྱི་ཕྱི་དྲོར་བཟོ་འཕྲིན་པུའུ་ཡི་འབྲེལ་ཡོད་ལས་སྒོའི་སྡེ་ཁག་གིས་དྲ་ཚུགས་སྦྲེལ་མཐུད་ཀྱི་སྒྲིབ་ཡོལ་གནད་དོན་གྱི་སྲིད་འཛིན་མཛུབ་ཁྲིད་ཚོགས་འདུ་འཚོགས་པ་རེད། ཟླ9བའི་ཚེས13ཉིན་བཟོ་འཕྲིན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་དང་ཆ་འཕྲིན་འཕྲིན་གཏོང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཀྲའོ་ཀྲི་ཀུའོ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཕན་ཚུན་སྦྲེལ་མཐུད་ནི་འབྲེལ་དྲྭའི་ལས་རིགས་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་འགྲོ་བའི་ལྡོག་མེད་གདམ་ག་ཞིག་རེད་ཅེས་བཤད། ཐེང་ཞུན་དང་ཨ་ལི་སོགས་ལས་སྟེགས་ཀྱིས་སོགས་ཀྱིས་ཀྱང་སྔ་རྗེས་སུ་ཨ་ལན་སློག་པ་རེད།

རིགས་དབྱེ།  

ངོ་དེབ།

ངོ་དེབ་ཞེས་པ་ནིFacebookལ་གོ་བ་ལེན་བཞིན་ཡོད། སྤྱི་ལོ2004ལོའི་ཟླ2པའི་ཚེས4ཉིན་ངོ་དེབ་ཀུང་སི་བཙུགས་ཤིང། སྤྱི་ཁྱབ་པུའུ་ནི་ཨ་རིའི་ཅ་ལི་ཧྥུ་ཉི་ཡ་ཀྲུའུ་མོན་ལུའོ་ཕ་ཁེ་རུ་ཡོད། སྤྱི་ལོ2012ལོའི་ཟླ3པའི་ཚེས6ཉིནWindowsཔར་གཞིའི་ཅོག་ངོས་ཀྱི་གླེང་མོལ་མཉེན་ཆསFacebookMessengerཁྱབ་བསྒྲགས་བྱས་ལ། གསར་གཏོད་པ་གཙོ་བོ་ནི་མཱ་ཁེ་ཀྲ་ཁེ་པོ་ཀུ(MarkZuckerberg)ཡིན། Facebookནི་ཨང་རིམ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་འདྲ་པར་མཉམ་སྤྱོད་དྲ་ཚིགས་ཤིག་ཡིན་ལ། སྤྱི་ལོ2013ལོའི་ཟླ11པའི་བར་དུ་ཉིན་རེ་བཞིན་འདྲ་པར་དུང་ཕྱུར3.5ཙམ་ཡར་སྤྲོད་བྱེད་བཞིན་ཡོད། སྤྱི་ལོ2012ལོའི་ཟླ5པའི་བརFacebookལ་བེད་སྤྱོད་བྱེད་མཁན་དུང་ཕྱུར9ཙམ་བྱུང་པ་དང་། Face bookཡི་སྤྱི་ཁྱབ་པུའུ་ཡང་ཀུའེ་ཀུའུ(硅谷)ཡི་མོན་ལོ་ཕཱ་ཁུ(MenloPark) རུ་བཙུགས་པ་རེད། སྤྱི་ལོ2006ལོའི་ཟླ9པའི་ཚེས11ཉིན་ནས་བཟུང་། སྤྱོད་མཁན་གང་རུང་གིས་གློག་རྡུལ་སྦྲག་གནས་དང་རང་ཉིད་ཀྱི་ལོ་ཚོད་ནང་འཇུག་བྱས་ཚེ་ནང་དུ་ཞུགས་ཐུབ། སྤྱི་ལོ2009ལོ་ནས་བཟུང་ཀྲུང་གོ་རུ་བཀག་འགོག་བྱས་ཡོད་པ་དང་། བཀག་འགོག་བྱས་པའི་རྒྱུ་རྐྱེན་ལ་སྤྱི་ཚོགས་དང་ཆབ་སྲིད་སོགས་ཡོད། ཡིན་ནའངFacebookདང་ཀྲུང་གོའི་ཚན་རྩལ་ཁེ་ལས་བར་གྱི་འབྲེལ་བ་ཆད་མ་མྱོང་ལ། ཀྲུང་གོའི་ཚན་རྩལ་ཁེ་ལས་ལ་མ་འཇོག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཀྲུང་གོ་སྲིད་གཞུང་གིསFaceBookལ་སྒོ་མོ་འབྱེད་པར་རེ་བ་བྱེད་བཞིན་ཡོད། སྤྱི་ལོ2018ལོའི་ཟླ3པའི་ཚེས17ཉིན་ཅན་ཆའོ་དབྱེ་ཞིབ་ཀུང་སིས་ངོ་དེབ་སྤྱོད་མཁན་ཁྲི5000གི་ཆ་འཕྲིན་གཡོ་ལེན་བྱས་ཡོད་པ་རེད། སྤྱི་ལོ2018ལོའི་ཟླ9པའི་ཚེས28ཉིན། ངོ་དེབ་ཀྱིས་དྲ་ཚིགས་འདིར་མགྲོན་ནག་གིས་ཚུར་རྒོལ་བྱས་པ་དང་སྤྱོད་མཁན་ཁྲི5000ཙམ་དང་འབྲེལ་བ་ཡོད་པ་གསལ་བསྒྲགས་བྱས། སྤྱོད་མཁན་ཁྲི5000 ལྷག་གི་ཆ་འཕྲིན་ཕྱི་ལ་ཤོར་བས་ཡོ་རོབ་མནའ་འབྲེལ་གྱི་དངུལ་ཆད་ཨ་སྒོར་དུང་ཕྱུར16.3ཕོག་ཉེན་བྱུང་། སྤྱི་ལོ2019ལོའི་ཟླ7པའི་ཚེས2ཉིན། འཇར་མན་གྱིས་ངོ་དེབ་ལ་ཡོ་སྒོར་ཁྲི200ཡི་ཆད་པ་བཅད་པ་རེད། སྤྱི་ལོ2019ལོའི་ཟླ7པར། སྤྱི་ལོ2019ལོའི《རྒྱུ་ནོར》ཞེས་པའི་དུས་དེབ་ཀྱིས་འཛམ་གླིང་གི་སྟོབས་ཆེན་ཁེ་ལས500ཡོངས་བསྒྲགས་བྱས་པའི་ནང་། ངོ་དེབ་ཨང184པར་སླེབས་ཡོད། སྤྱི་ལོ2019ལོའི་ཟླ10པར། Interbrandཡིས་ཁྱབ་བསྒྲགས་བྱས་པའི་གོ་ལ་ཧྲིལ་པོའི་ཚོང་རྟགས་གྲགས་ཅན་བརྒྱ་ལས་ཨང་རིམ14ཡིན་པ་རེད། སྤྱི་ལོ2019ལོའི་ཟླ10ཚེས23ཉིན། སྤྱི་ལོ2019ལོའི《རྒྱུ་ནོར》དུས་དེབ་ཀྱི་མ་འོངས་པའི་སྟོབས་ཆེན50ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པར། Facebookཨང་རིམ49ལ་སླེབས་ཡོད། སྤྱི་ལོ2019ལོའི་ཟླ11པའི་ཚེས12 ཉིནFacebookཡིས་སྒུལ་བདེའི་དངུལ་སྤྲོད་ཞབས་ཞུFacebookPayའདོན་སྤྲོད་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། སྤྱི་ལོ2020ལོའི་ཟླ7པར། ཧྥུའུ་པུའུ་སི་ཡིས་སྤྱི་ལོ2020ལོའི་གོ་ལ་ཧྲིལ་པོའི་ཚོང་རྟགས་རིན་ཐང་ཅན100ཁྱབ་བསྒྲགས་བྱས་པ་དངFacebookཨང་ལྔ་པ་ཡིན་པ་རེད།

རིགས་དབྱེ།  

དབང་པོ་སྐྱོན་ཅན་གྱི་ལས་ཞུགས་སྐུལ་འདེད་དྲ་བ།

དབང་པོ་སྐྱོན་ཅན་གྱི་ལས་ཞུགས་སྐུལ་འདེད་དྲ་བ་ནི། རྒྱལ་ཡོངས་ཀྱི་ཚན་རྩལ་མཐོ་བའི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ལས་ཞུགས་དཔེ་སྟོན་རྟེན་གཞིའི་དབང་པོ་སྐྱོན་ཅན་གཅིག་སྡུད་ལས་ཞུགས་ཚན་པ་སྟེ་ཧུའུ་ནན་ཅིང་ཁྲེང་དམིགས་བསལ་རྫ་དཀར་ཚད་ཡོད་ཀུང་སིའི་རྒྱབ་སྐྱོར་འོག་བཙུགས་པའི་དམངས་ཁྲོད་སྤྱི་ཕན་དངོས་ཚན་ཞིག་ཡིན།

རིགས་དབྱེ།