ཞིང་རྩེད།

ཞིང་རྩེད་ནི་རྒྱུག་ལམ་ནང་རོལ་ནས་སྒྲུབ་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན། དེའི་མཐོ་ཚད་དང་རྒྱང་ཐག་ནི་རྩིས་གཞི་ཡིན་ལ་མཆོང་ལྡིང་དང་རྒྱང་འཕེན་གཉིས་སུ་འདུ་བའི་མཆོང་ལྡིང་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

གོམ་གསུམ་རྒྱང་མཆོང་།

གོམ་གསུམ་རྒྱང་མཆོང་ཞེས་པ་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་གྲས་ཤིག་ཡིན་ལ། དེ་ནི་དུས་རབས18པའི་དུས་དཀྱིལ་དུ་སུའུ་ཀེ་ལན་དང་ཨིར་ལན་དུ་བྱུང་ཞིང་འཕེལ་བ་ཞིག་ཡིན།

རིགས་དབྱེ།  

རྒྱང་མཆོང་།

རྒྱང་མཆོང་ལ་མྱུར་སྐྱོད་རྒྱང་མཆོང་ཡང་ཟེར་ཞིང་། དེ་ནི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ལ། བརྒྱུགས་ནས་་མཆོང་ཞིང་མཁའ་དབྱིངས་ནས་བྱེ་གཤོང་དུ་མར་ལྷུང་བ་ཞིག་ཡིན་ལ། ལུས་རྩལ་དྲང་ཐིག་བརྒྱུད་ནས་རྒྱུག་སྟེ། མཆོང་ལྡིང་པང་ལེབ་མདུན་གྱི་ལམ་ཐིག་ཏུ་སླེབས་ཚེ་རྐང་པ་ཡ་གཅིག་གིས་བར་སྣང་དུ་ལྡིང་ཞིང་། དེ་ནས་རིམ་བཞིན་རྐང་པ་གཉིས་ཀྱི་བྱེ་གཤོང་དུ་མར་ལྷུང་། གྲན་སྡུར་བྱེད་སྐབས་ལྡིང་ཚད་ཀྱི་རིམ་པ་ལྟར་ཨང་རིམ་ཐག་གཅོད་བྱེད་ཀྱི་ཡོད།

རིགས་དབྱེ།  

སྨི3ཅན་གྱི་པང་མཆོང་།

སྨི3ཅན་གྱི་པང་མཆོང་ནི་ཆུར་མཆོང་རྩལ་འགྲན་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ལ། དེ་ལ་སྣ་གཅིག་གཏན་འཇགས་ཅན་དང་། ཅིག་ཤོས་ལྡེམ་ཤུགས་ཅན་གྱི་ལྕགས་རིགས་སམ་ཡང་ན། ཤེལ་གྱི་རྣོ་ལྕགས་པང་ལེབ་སྟེང་མཆོང་གི་ཡོད། པང་ལེབ་མཚོ་ངོས་ལས་མཐོ་ཚད་སྨི1དང་། སྨི3ཅན་རིགས་གཉིས་ཡོད་དོ། །

རིགས་དབྱེ།  

སྨི4x400ཅན་མཐུད་རྒྱུག

སྨི4x400ཅན་མཐུད་རྒྱུག་ནི་མི་མང་པོའི་རྒྱུག་འགྲན་ཞིག་ཡིན་ལ། རྒྱུག་དུས་ལག་ཏུ་མཐུད་དབྱུག་རིང་ཚད་ལ་ལི་སྨི30ཡོད་པའི་དབྱུག་གུ་འཛིན་དགོས་ཏེ། རྒྱུག་མཁན་གྱིས་ངེས་པར་དུ་མཐུད་དབྱུག་ལེན་ཁུལ་དུ་ཕར་མཐུད་དགོས།

རིགས་དབྱེ།