ཞིང་རྩེད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞིང་རྩེད།
ཞིང་རྩེད་ནི་རྒྱུག་ལམ་ནང་རོལ་ནས་སྒྲུབ་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན། དེའི་མཐོ་ཚད་དང་རྒྱང་ཐག་ནི་རྩིས་གཞི་ཡིན་ལ་མཆོང་ལྡིང་དང་རྒྱང་འཕེན་གཉིས་སུ་འདུ་བའི་མཆོང་ལྡིང་ལུས་རྩལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
田赛
ཕྱི་ཡིག་གི་མིང་།
Athletics
ཁྱབ་ཁོངས།
ལུས་རྩམ།
རྣམ་གྲངས།
རྒྱང་མཆོང་། མཐོ་ལྡིང་། དབྱུག་ཐོགས་མཐོ་ལྡིང་སོགས།
1 ངོ་སྤྲོད།

ཞིང་རྩེད་ནི་རྒྱུག་ལམ་ནང་རོལ་ནས་སྒྲུབ་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན། དེའི་མཐོ་ཚད་དང་རྒྱང་ཐག་ནི་རྩིས་གཞི་ཡིན་ལ་མཆོང་ལྡིང་དང་རྒྱང་འཕེན་གཉིས་སུ་འདུ།

2 རྣམ་གྲངས།

མཆོང་ལྡིང་ལ་རྒྱང་མཆོང་དང་རིམ་པ་གསུམ་པའི་རྒྱང་མཆོང་། མཐོ་ལྡིང་། དབྱུག་ཐོགས་མཐོ་ལྡིང་ཡོད། དེང་རབས་ཀྱི་རྒྱང་མཆོང་འགྲན་བསྡུར་ཁྲོད་དུ་འཛམ་གླིང་གི་ཕུལ་བྱུང་ལུས་རྩལ་པ་མང་ཤོས་ཀྱིས་འགྲོས་སྐྱོད་ཀྱི་རྒྱང་མཆོང་རྩལ་དེ་བཀོལ་གྱི་ཡོད། རིམ་པ་གསུམ་པའི་རྒྱང་མཆོང་ནི་རྐང་པ་ཡ་གཅིག་གིས་ལྡིང་བ་དང་མཆོང་འགྲོས་བྱེད་པ་དང་བསྟུན་ནས་མཆོང་ལྡིང་བྱེད་པ་བཅས་ཀྱི་འགུལ་སྟངས་རྣམས་གུང་སྦྲེལ་ནས་མཆོང་ལྡིང་གི་རྩལ་གྲུབ་པ་ཡིན།

1.མཐོ་ལྡིང་ལུས་རྩལ་ནི་བང་རྒྱུག་ལུས་རྩལ་རྣམ་གྲངས་འཕེལ་རྒྱས་ཆེ་ཤོས་ཡིན་ལ། དེའི་རྣམ་པའི་ཆ་ནས་ཀྱང་བཤག་པའི་རྣམ་པ་ནས་འགྲིལ་བའི་རྣམ་པ། བསྐུམ་པའི་རྣམ་པ། རྒྱབ་ཕྱོགས་ནས་ལྡིང་བའི་རྣམ་པ་སོགས་ཀྱི་འགྱུར་ལྡོག་གོ་རིམ་བརྒྱུད་དེ། དེང་རབས་འགྲན་བསྡུར་གྱི་ལུས་རྩལ་པ་ཕུལ་དུ་བྱུང་བ་ཕལ་ཆེར་བས་རྒྱབ་ཕྱོགས་ནས་ལྡིང་བའི་ནུས་རྩལ་བཀོལ་གྱི་ཡོད། ལག་ཆ་བེད་སྤྱོད་བྱས་པའི་མཆོང་ལྡིང་ནི་དབྱུག་པའི་མཐོ་ལྡིང་ཡིན་ལ། དབྱུག་པའི་མཐོ་ལྡིང་གི་ལུས་རྩལ་པ་ཆེས་ཕུལ་དུ་བྱུང་བ་ནི་ཝུའུ་ཁི་ལན་གྱི་ལུས་རྩལ་པ་པའོ་ཕི་ཁར་ཡིན། ཁོང་ནི་སྤྱི་ལོ1993ལོར་སྨི6.14ཡི་འཛམ་གླིང་ཟིན་ཐོ་འགོད་མཁན་དེ་ཡིན།

2.རྒྱང་འཕེན་ལ་གཙོ་བོ་དབྱུག་འཕེན་དང་། ལྕགས་ལེབ། འབྲེལ་ལྒང་སོགས་ཡོད། དབྱུག་འཕེན་ལས་གཞན་གྱི་རྒྱང་འཕེན་རྣམ་གྲངས་དག་སྒོར་ནང་དུ་འཕེན་པ་གཙོ་བོ་ཡིན་ལ། རྩལ་ཤུགས་དང་མྱུར་ཚད་ཀྱིས་དངོས་པོ་ཕར་གཡུག་པ་ཡིན། དེང་རབས་ཨོ་ལིན་ཕི་ཁུ་ལུས་རྩལ་རྒྱས་ཚོགས་སུ་ལྕགས་རིལ་འཕེན་སྟངས་རིགས་གཉིས་ཡོད་པ་སྟེ། གཅིག་ནི་འཁོར་བསྐྱོད་ཀྱི་རྣམ་པ་དང་། གཅིག་ཤོས་ནི་རྒྱབ་འགྲིལ་གྱི་རྣམ་པ་ཡིན། ཀྲུང་གོའི་ལུས་རྩལ་པ་མང་ཤོས་ཀྱིས་ཀྱང་རྒྱབ་འགྲིལ་གྱི་རྣམ་པ་བེད་སྤྱོད་བྱེད་ཀྱི་འདུག དབྱུག་འཕེན་དང་ལྕགས་ལེབ། འབྲེལ་ལྒང་ཚང་མ་ནི་རྒྱང་འཕེན་གྱི་ནང་དུ་རྟོགས་ཤིང་། རེ་རེ་ལ་བླང་བྱ་ནན་ཏན་བགྱིས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-28

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།